བོད་ཀྱི་བང་ཆེན།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
left direction
loga
right direction

བོད་ཀྱི་བང་ཆེན།

ཨོ་སི་ཁྲིར་ལི་ཡ་སོགས་ལ་སྤྱི་འཐུས་ཀྱི་ཐོབ་ཐང་མ་རག་པ།

དེ་རིང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་སླེབས་པའི་ནང། རྒྱ་བལ་འབྲུག་གསུམ་དང། བྱང་ཨ་རི། ཡུ་རོབ་བཅས་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ཏུ་གནས་སྡོད་བོད་མིའི་ཁོངས་ནས་སྤྱི་འཐུས་གཅིག་གི་ས་ཁོངས་སྤར་དགོས་པའི་ཁྲིམས་འཆར་ཞིག་སླེབས་ཡོད་པ་དང། མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ཀྱིས་དགག་བྱ་གནང་ནས་མཐར་གྲོས་ཚོགས་ནས་བཅའ་ཁྲིམས་དགོངས་དོན་བཞིན་བསྐྱར་བཅོས་དེར་རྒྱབ་སྐྱོར་ཐོབ་མེད་པ་རེད།

 

བྱང་ཨ་རིའི་ཁུལ་དུ་སྤྱི་འཐུས་ཀྱི་ས་ཁོངས་སྤར་བ།

དེ་རིང་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་སླེབས་པ་དང། དེ་སྔོན་བཅའ་ཁྲིམས་ནང་ཨ་རི་དང། ཁེ་ཎ་ཌ་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་ཡོད་པ་དང་། དེ་རིང་སྤྱི་མོས་ཀྱིས་བསྐྱར་བཅོས་བྱས་པའི་ནང་དུ་བྱང་ཨ་རིའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་འདེམས་བསྐོ་བྱ་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་གནང་ཡོད་པ་རེད།

 

མི་གཅིག་འོས་གཅིག་ཅེས་པའི་ལྟ་གྲུབ་དང་འགལ་ཡོད་པ་མ་རེད།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཕྱི་ཟླ་༩ ཚེས་༢ ཉིན་གྱི་ཕྱི་དྲོ་བྷེལ་ཀོབ་བདེ་སྐྱིད་སླར་གསོ་གཞི་ཆགས་ཀྱི་ཚོགས་ཁང་དུ། དེང་དུས་མང་གཙོའི་ལམ་ལུགས་ཐོག་འཕྲད་བཞིན་པའི་དཀའ་ངལ་དང་དེ་ལ་གདོང་ལེན་བྱེད་པའི་ཐབས་ལམ་སྐོར་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་ཡོད་པ་དང། སྐབས་དེར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་དང་དེའི་གལ་གནད་སྐོར་གསུངས་ཡོད་པ་རེད།

 

སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ།

10thparliament-1

དགོན་པ་ཁག་ལ་དམ་དྲག་བྱེད་པ་དང། བླ་མ་དང་སྤྲུལ་སྐུ། དེ་བཞིན་མཁས་དབང། གཞས་པ་སོགས་སོ་སོས་རྣམ་དཔྱོད་བཏོན་ནས་བོད་ནང་གི་སྤྱི་ཚོགས་ཁྲོད་དུ་རླབས་ཆེན་གྱི་ཕྱག་ལས་གནང་མཁན་དང། བོད་མིའི་བསམ་སྤྱོད་ལ་འགྱུར་བ་གཏོང་ཐུབ་པའི་གང་ཟག་མང་པོ་ཞིག་ལ་རྒྱ་ནག་གིས་གཅིག་གཅིག་གཉིས་གཉིས་བྱས་ནས། འཛིན་བཟུང་དང་བཙོན་འཇུག་བྱེད་པ་ལ་སོགས་པའི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་རེད་ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་སོང།

 

ལྷ་ས་ནས་སློབ་ཆེན་པའི་ཞུ་གཏུག

འོད་ཟེར་པོད་ཁུག་ལས་ནགས་ཤོད་སད་མིས་བོད་བསྒྱུར་བྱས།                                       
བོད་ལྗོངས་གསོ་རིག་སློབ་གླིང་སློབ་ཐོན་སློབ་མ་བརྒྱ་ཁ་ལྷག་ཅིག་གིས་བོད་རང་སྐྱོང་ལྗོངས་ཀྱི་སྒོ་ཁ་ནས་ངག་བཅད་ངོ་རྒོལ་བྱས་འདུག བོད་ལྗོངས་གསོ་རིག་སློབ་གླིང་གི་སློབ་ཐོན་སློབ་མ་རེ་གཉིས་པའི་གཞུང་ལས་པ་ཡར་བསྡུའི་གྲངས་འབོར་ཆེས་ཉུང་བས་༢༠༡༠ ལོའི་ཟླ་བ ༩ པའི་ཚེས ༢ ཕྱི་དྲོ་ཆུ་ཚོད  ༤ པར་སློབ་མ་ཚོས་རྒྱལ་དར་ཆུང་ཆུང་ཞིག་ཐོགས་ཏེ་ལྗོངས་མི་དམངས་སྲིད་གཞུང་གི་སྒོ་ཆེན་འགྲམ་ནས་ངོ་རྒོལ་བྱས་འདུག

 
  • བོད་ཀྱི་བང་ཆེན།

  • སྐད་ཡིག་གསུམ་ལྡན་གྱི་དྲ་རྒྱ།

  • བོད་དབྱིན་རྒྱ་གསུམ་གྱི་ཡིག་སྒྱུར།

ཉིན་བདུན་རེའི་ གསར་ཤོག་བོད་ཀྱི་བང་ཆེན་ནི། རྒྱ་གར་དབུས་གཞུང་དྲིལ་བསྒྲགས་དང་གསར་འགྱུར་ལས་ཁུངས་སུ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་བཙན་བྱོལ་ནང་སྣ་འཛོམས་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་ཐོག་མ་དེ་ཡིན་པ་དང༌། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ཉི་ཤུ་ཙམ་གྱི་ནང་འགྲེམས་སྤེལ་བྱེད་བཞིན་ཡོད། བོད་ཀྱི་བང་ཆེན་གསར་ཤོག་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཡུལ་གྱི་ལས་ཁུངས་གཙོ་བོ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བཞུགས་སྒར་དྷ་རམ་ས་ལར་ཡོད་ཅིང༌། ཡན་ལག་ལས་ཁང་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་དང༌། བྷེ་ལ་ཀོབ་པི་གཉིས་སུ་ཡོད་པ་དང༌། ལས་ཁུངས་ཨ་མ་དང་ཡན་ལག་བཅས་སུ་ཉིན་གཅིག་དུས་གཅིག་ལ་གསར་ཤོག་པར་སྐྲུན་བྱེད་བཞིན་ཡོད།

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ངམ། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ www.bangchen.netཁ་ བྱང་འདི་གསུམ་གང་ནས་འཛུལ་ཡང་གཅིག་མཚུངས་ཡིན་ལ། དྲ་རྒྱ་འདི་ཉིད་ཀྱི་ནང་དུ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་ཀྱི་ཐོག་ནས་ཤེས་བྱ་གང་མང་ཞིག་ལྟ་ཀློག་ཐུབ་པ་ཙམ་དུ་མ་ཟད། ཀློག་མཁན་སོ་སོའི་དེའི་ཐོག་བགྲོ་གླེང་ཡང་གང་འདོད་དུ་བྱེད་ཐུབ་པ་བཟོས་ཡོད། དེ་བཞིན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཐོག་དུས་ནས་དུས་སུ་གསར་འགྱུར་འགྲེམས་ སྤེལ་བྱེད་བཞིན་པ་དང༌།

མི་རིགས་གཞན་གྱི་མཁས་པ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་གནད་ དོན་སྐོར་གྱི་རྩོམ་ཡིག་དང༌། གཞན་ཡང་གལ་ཆེ་བའི་དེང་དུས་ཀྱི་རིག་གནས་སྐོར། མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་བོད་མི་ཚོས་དབྱིན་ཡིག་དང་རྒྱ་ཡིག་གི་ ཐོག་ནས་བྲིས་པའི་རྩོམ་ཡིག་ཁག་བོད་བསྒྱུར་བྱེད་ཐབས་ལ་འབད་བརྩོན་གང་ཐུབ་བྱེད་ རྒྱུ།

པར་རིས་གསར་པ།

10thparliament-2
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོག་བཞིན་པ།

གསར་བསྡུས་ཁག

katriposter-2ཟླ་འདིའི་ཚེས་༩ དང་༡༡ ལ་དྷ་ས་ཟློས་གར་ཚོགས་ཁང་དུ་བཀའ་ཁྲིའི་བགྲོ་གླེང་ཆེན་མོ་འཚོག་རྒྱུ་རེད།

ཕྱི་ཟླ་༨ ཚེས་༢༩ ཉིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ནས་བོད་མི་གཉིས་འཛིན་བྱས་པ་ད་དུང་གློད་མེད་པ་རེད།

ལོ་འདིའི་ཟླ་བ་༡༢ པའི་ནང་༧གོང་ས་མཆོག་འབྲས་ལྗོངས་ཀྱི་རྒྱལ་ས་སི་ཀིམ་ཁུལ་དུ་ཕེབས་འཆར་ཡོད་པ་རེད།


ཆོས་བརྒྱུད་སྤྱི་འཐུས་སྐོར་བགྲོ་གླེང།

བང་ཆེན་ཟིན་བྲིས་པ་འབའ་པ་འཆི་མེད་ཀྱི་ཟིན་བྲིས་ཐོག་ཆོས་རྒྱུད་སྤྱི་འཐུས་དགོས་མིན་སྐོར་ལ། དྲ་ཐོག་གི་བགྲོ་གླིང་ཞིག་གནང་འཆར་ཡོད་སྐོར་འཁོད་འདུག


ལྷ་ས་དང་མེ་མདའ།

བོད་མི་རྣམས་མེ་མདའི་ཁ་ལམ་ན་འཚོ་བ་སྐྱེལ་བཞིན་འདུག    འཛིན་བཟུང་དང་བཙན་དབང་སོགས་ཀྱི་གནས་ཚུལ་ནི་ཉིན་ལྟར་ཐོན་བཞིན་འདུག་ཅེས་འོད་ཀྱི་བོད་ཁུག་ཏུ་གནས་ཚུལ་སྤེལ་འདུག


དགུ་བཅུ་གསུམ་ཚོགས་པས་བཏོན་པའི་བཀའ་སྤྱིའི་འོས་གཞི་རྣམས་ཕྱིར་བསྒྲགས་བྱས་འདུག
འཇར་མན་རོགས་ཚོགས་ཤིག་གིས་ལ་དྭགས་སླེ་རུ་ཞལ་འདེབས་ཧིན་སྒོར་དྲུག་འབུམ་༦ སྤྲད་འདུག
༼གླ་ཡོད།༽

བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow

དྲ་ཐོག་གི་སྐུ་མགྲོན།

ད་ལྟ་དྲ་ཐོག་ཏུ་ཡོད་བཞིན་པའི་སྐུ་མགྲོན་ 226 དང་། ཚོགས་མི་ 1 member ,

སྐད་ཡིག་བསྒྱུར་ཆས།

དངུལ་གྱི་འཛའ།

བསྒྱར།   into    

བསྡོམས་གྲངས།

ཚོགས་མི། : 1467
བརྗོད་བྱ། : 3722
དྲ་འབྲེལ། : 12
ཀློག་གྲངས། : 1869237

གློག་བརྙན་གསར་པ།

JavaScript is disabled!
To display this content, you need a JavaScript capable browser.


རྩོམ་སྒྲིག་པའི་བསྐྱར་ཞིབ།

གསལ་བསྒྲགས།

ཟིན་བྲིས་གསར་ཤོས།

ཀློག་མང་ཤོས།