བོད་ཀྱི་བང་ཆེན།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

བོད་ཀྱི་བང་ཆེན།

༧གོང་ས་མཆོག་གི་གསུང་འཕྲིན་སྐོར་ལ་ཉན་ཞིབ།

ཟླ་འདིའི་ཚེས་༡༨ ཉིན་གྱི་ཕྱི་དྲོ་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་མི་མང་སྤྱི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་གཙོ་སྐྱོང་འོག། སྤྱི་འཐུས་རྣམ་པ་དང། བཀའ་བློན་རྣམ་པ། བཀའ་ཟུར་ཁག་ཅིག།སྐུ་ཚབ་རྣམ་གཉིས་ཀྱི་དབུས་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་བཅས་མཉམ་འཛོམས་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་སྐོར་ལ་ཉན་ཞིབ་དོགས་འདྲིའི་ལྷན་ཚོགས་ཤིག་གནང་ཡོད་པ་རེད།  ལྷན་ཚོགས་དེ་བརྒྱུད་ནས་དོན་ཕན་ལྡན་པའི་ཕན་ཐོགས་ཤིག་ཡོང་མིན་དཀའ་ཡང། དེ་སྔོན་སྐྱོན་བརྗོད་བྱེད་མཁན་ཚོའི་བར་དུ་ཡང་གནས་ལུགས་གང་ཡིན་ཕན་ཚུན་ཡིད་ཆེས་སྙེད་པ་ཞིག་བྱུང་མིན་ཁག་པོ་ལྟ་བུ་ཆགས་འདུག

ས་ཡ་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་བདུན་ལྷག་གི་སྔོན་རྩིས།

ཟླ་འདིའི་ཕྱི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ཉིད་དབུ་འཛུགས་གནང་ཡོད་པ་དང། གྲོས་ཚོགས་འདི་ཉིད་གཙོ་ཆེ་ཤོས་བཙན་བྱོལ་བོད་གཞུང་གི་ལོ་འཁོར་གཅིག་གི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་བྱེད་རྒྱུ་ཡིན་པས་དཔལ་འབྱོར་དང་འབྲེལ་བའི་ཚོགས་དུས་ཤིག་ཡིན་པ་དང། ཕྱི་ཚེས་༡༧ ཉིན་གྱི་ཕྱི་དྲོ་བཙན་བྱོལ་བོད་གཞུང་གི་ལོ་འཁོར་གཅིག་གི་སྔོན་རྩིས་ཀྱི་ཕྱོགས་བསྡོམས་འགྲོ་གྲོན་བསྡོམས་ཧིན་སྒོར་༩༢༤༧༩༧༠༠༠ དང།

ཉན་ཞིབ་ཀྱི་ལས་རིམ་ཞིག་འཚོག་རྒྱུ་གཏན་ཁེལ་ཡོད་པ།

༸གོང་ས་མཆོག་གིས་གསུང་འཕྲིན་གནང་བ་ལ་གྲོས་ཚོགས་ནང་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ལ་བགྲོ་གླེང་བྱུང་བར། ཟླ་འདིའི་ཚེས་༡༥ ཉིན་བགྲོ་གླེང་དེའི་ཐད་བཀའ་ཤག་གིས་གསལ་བཤད་གནང་ཚར་བ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚེས་༡༨ ཉིན་ཉན་ཞིབ་ཀྱི་ལས་རིམ་ཞིག་དུས་ཚོད་བཀོད་སྒྲིག་གིས་བཞག་ཡོད་ཅེས་གསུངས་སོང།
སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་༸གོང་ས་མཆོག་གི་གསུང་འཕྲིན་ཕེབས་པའི་ནང་རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་
 

ཨ་དྲིལ་རིན་པོ་ཆེ་དང་ཁོང་གི་སྲས་ལ་ཁྲིམས་ཆད།

རྒྱ་གཞུང་གིས་ངོ་རྒོལ་སྐུལ་སློང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་རྫ་ཆུ་ཁ་དབོན་པོ་དགོན་པའི་བླ་མ་ཨ་དྲིལ་རིན་པོ་ཆེ་ལ་ལོ་༥ ཡི་ཁྲིམས་ཆད་དང། ཁོང་གི་སྲས་ཟླ་ཤེར་གཉིས་ལ་༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་ནག་གཞུང་གིས་༢༠༠༨ ཟླ་བ་༣ ཚེས་༡༠ ཡི་ཞི་རྒོལ་སྐབས་རིན་པོ་ཆེའི་དགོན་པ་དེའི་གྲྭ་པ་བརྒྱད་ལས་འགུལ་ནང་ཞུགས་ཡོད་པ་དང༌། དེ་འབྲེལ་རིན་པོ་ཆེ་ཡང་ལས་འགུལ་དེའི་སྐབས་འབྲེལ་བ་ཡོད་སྐོར་བརྗོད་ནས་ཨ་དྲིལ་རིན་པོ་ཆེ་མཆོག་༢༠༠༨ ཟླ་བ་ ༣ ཚེས་ ༡༥ ཉིན་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག ལོ་གཅིག་རིང་སྟོད་ལུང་བཙོན་ཁང་དུ་བཀག་ཉར་བྱས་པ་དང༌།
 

ཨ་དྲིལ་རིན་པོ་ཆེ་དང་ཁོང་གི་སྲས་ལ་ཁྲིམས་ཆད།

རྒྱ་གཞུང་གིས་ངོ་རྒོལ་སྐུལ་སློང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་རྫ་ཆུ་ཁ་དབོན་པོ་དགོན་པའི་བླ་མ་ཨ་དྲིལ་རིན... དེ་ལས་མང༌།...
ཞིབ་འཕྲོས།

རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི།

ཕྱི་ལོ་༡༩༧༥ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བ་༣ པའི་ཚེས་༨ ནི།  རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ཡིན་པའི་ཁྱབ་བསྒྲག... དེ་ལས་མང༌།...
ཞིབ་འཕྲོས།

ཆུ་དཀྲོགས་ནས་མར་ཐོན་སྲིད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༧༢
ཟླ་འདིའི་ཕྱི་ཚེས་༡༨ ཉིན་སྤྱི་འཐུས་རྣམ་པ་དང། དེ་བཞིན་བཀའ་ཟུར་ཁག་ཅིག་དང་ལྷན་དུ་བོད་རྒྱ... དེ་ལས་མང༌།...
ཞིབ་འཕྲོས།

མི་རིགས་ས་གནས་རང་སྐྱོང་ལས་འཕྲོས་པའི་བསམ་གཞིག

བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ནི་‘འགྱུར་བ་མ་ནིང་ལྟ་བུ་’ཞིག་ཡིན་པས་ད་དུང་འགྱུར་ཆོག། །(༡༩༤༠-༢༠༡༠)

ཆོས་ཉིད་འོད་ཟེར།    དྷ་ས།... དེ་ལས་མང༌།...

ཞིབ་འཕྲོས།

པར་རིས་གསར་འགྱུར།

m p 9

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ།

གསར་བསྡུས་ཁག

ལྡི་ལིར་བོད་དོན་ལས་འགུལ།
bannerཟླ་འདིའི་ཚེས་༩ ཉིན་བོད་མི་ལས་འགུལ་བ་༣༢ ཙམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒོད་མཆོང་བྱེད་ཐབས་བྱས་ཡོད་ནའང། རྒྱ་གར་སྐོ་སྲུང་བས་ལས་འགུལ་བ་རྣམས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།
ཉིན་དེའི་ཆུ་ཚོད་༡༡ ཐོག་ལས་འགུལ་བ་རྣམས་རྒྱ་ནག་གཞུང་ཚབ་མདུན་ཐང་དུ་སླེབས་སྐབས། རྒྱ་གར་སྐོར་སྲུང་བས་བཀག་འགོག་བྱས་པར་བརྟེན། ལས་འགུལ་བ་ཁག་ཅིག་གིས་ལྕགས་ཐག་གིས་སོ་སོ་གློག་རྡུང་ལ་བཅིངས་ཡོད་པར་བརྟེན། སྐོར་སྲུང་བས་ལམ་སང་བཙན་ཁྲིད་བྱེད་ཐུབ་མེད་པ་དང། ཁོང་ཚོས་སྐབས་དེར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས། ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་གྱི་ཡོད་པ་དང། རྒྱ་ནག་གཞུང་གིས་ད་དུང་བོད་ནང་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད་པ་དེ་མཚམས་འཇོག་དགོས་སྐོར་བརྗོད་ཡོད་པ་རེད། ལས་འགུལ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། ལས་འགུལ་བ་ལོ་ན་ཆེ་ཤོས་༧༠ ཙམ་དང། གྲྭ་པ། མཐོ་རིམ་སློབ་མ་སོགས་ཡོད་འདུག།།
༧རྒྱལ་བ་རིན་པོ་ཆེ་ཞེས་པའི་བོད་ཡིག་དྲ་རྒྱ།
knot ཟླ་འདིའི་ཚེས་༡༠ སྟེ་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་ནས་ྋགོང་ས་མཆོག་གི་སྐུ་སྐེར་ཡིག་ཚང་གིས་༧རྒྱལ་བ་རིན་པོ་ཆེ་ཞེས་པའི་བོད་ཡིག་གི་དྲ་རྒྱ་གསར་པ་ཞིག་བཟོ་བསྐྲུན་གྱིས་དྲ་ལམ་དུ་ཡོངས་སུ་བཏང་ཡོད་པ་རེད། དྲ་རྒྱ་དེའི་ནང་དུ་ྋགོང་ས་མཆོག་གི་ནང་ཆོས་སྐོར་གྱི་བཀའ་སློབ་དང༌། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན། དེ་བཞིན་མཛད་རྣམ་དང་མ་འོངས་པའི་མཛད་འཆར། དྲ་བརྙན། སྐུ་པར། གལ་ཆེའི་བཀའ་སློབ་ཁག་ཡོད་པའི་བོད་ཡིག་དྲ་རྒྱ་ཞིག་ཡིན་པ་རེད། དྲ་རྒྱ་དེའི་ཁ་བྱང་ནི་www.gyalwarinpoche.com ཞེས་པའི་ཐོག་ཐད་ཀར་ལྟ་ཆོག་གི་ཡོད་པ་རེད།།

lotus

ལོ་སྔོན་མའི་ཟླ་བ་༡༢ པ་དང། ཟླ་འདིའི་སྟོད་དུ་ཁམས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་ཀྱི་དགོན་པ་ཞིག་གི་ སྤྲུལ་སྐུ་བྱང་ཆུབ་དང། གྲྭ་སངས་རྒྱས་རྒྱ་མཚོ། གྲྭ་ཨ་བྷུ་མ་བཅས་སྔ་རྗེས་སུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད།

༧རྒྱལ་བ་རིན་པོ་ཆེ་ཞེས་པའི་བོད་ཡིག་དྲ་རྒྱ། ཟླ་འདིའི་ཚེས་༡༠ སྟེ་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་ནས་ྋགོང་ས་མཆོག་གི་སྐུ་སྐེར་ཡིག་ཚང་གིས་༧རྒྱལ་བ་རིན་པོ་ཆེ་ཞེས་པའི་བོད་ཡིག་གི་དྲ་རྒྱ་གསར་པ་ཞིག་བཟོ་བསྐྲུན་གྱིས་དྲ་ལམ་དུ་ཡོངས་སུ་བཏང་ཡོད་པ་རེད། དྲ་རྒྱ་དེའི་ནང་དུ་ྋགོང་ས་མཆོག་གི་ནང་ཆོས་སྐོར་གྱི་བཀའ་སློབ་དང༌། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན། དེ་བཞིན་མཛད་རྣམ་དང་མ་འོངས་པའི་མཛད་འཆར། དྲ་བརྙན། སྐུ་པར། གལ་ཆེའི་བཀའ་སློབ་ཁག་ཡོད་པའི་བོད་ཡིག་དྲ་རྒྱ་ཞིག་ཡིན་པ་རེད། དྲ་རྒྱ་དེའི་ཁ་བྱང་ནི་www.gyalwarinpoche.com ཞེས་པའི་ཐོག་ཐད་ཀར་ལྟ་ཆོག་གི་ཡོད་པ་རེད།།

བསྡོམས་གྲངས།

ཚོགས་མི། : 366
བརྗོད་བྱ། : 2512
དྲ་བའི་མཛའ་འབྲེལ། : 12
ཀློག་གྲངས། : 1408145

དྲ་ཐོག་གི་སྐུ་མགྲོན།

We have 364 guests and 1 member online

གློག་བརྙན་གསར་པ།

JavaScript is disabled!
To display this content, you need a JavaScript capable browser.


རྩོམ་སྒྲིག་པའི་བསྐྱར་ཞིབ།

ཀློག་མང་ཤོས།

གསལ་བསྒྲགས།

 

 

གསལ་བསྒྲགས།