བོད་ཀྱི་བང་ཆེན། རྩོམ་རིགས།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

Find out more about layout

༤་༡༤ ས་ཡོམ་ཆེན་པོ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

ཨ་འཇམ་དབྱངས་ཚུལ་ཁྲིམས།
ད་ལོའི་ཟླ༤ཚེས༡༤ཞོགས་པ་ནི་བོད་ཁུལ་དུ་གཡོ་འགུལ་ཐེབས་པའི་རང་བྱུང་གི་གོད་ཆག་ཚབས་ཆེན་བྱུང་བའི་དུས་ཚོད་ཡིན་ལ། མི་རྣམས་ཀྱི་ངུ་ངག་དང་དངངས་སྐྲག་གི་འགོ་བསླངས་པའི་དུས་ཚོད་ཀྱང་ཡིན། དུས་ཚོད་འདིར་མཐོ་སྒང་གི་ཡུལ་ཤུལ་གྲོང་ཁྱེར་ཐལ་རྡུལ་གྱིས་ཁེངས་པའི་མཚེར་ཤུལ་ཞིག་ཏུ་གྱུར་སོང༌། དེ་དང་མཉམ་དུ་བོད་པ་སྟོང་ཕྲག་མང་བོ་ཡང་མཚེར་ཤུལ་གྱི་ས་འོག་ཏུ་མནན་སོང༌། འདི་ནི་བོད་པའི་ལོ་རྒྱུས་ཀྱི་ཆག་འཇིག་ཡ་ང་བ་ཞིག་གི་འགོ་ཚུགས་པ་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་ཕམ་ཉེས་ཆེས་བརྗོད་དཀའ་བ་ཞིག་ཀྱང་ཡིན།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༡ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༤༩ )
 

བསམ་གཞིག་གི་འཚོ་སྣང་སྐྱུར་མོ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

མི་རིགས་ས་གནས་རང་སྐྱོང་ལས་འཕྲོས་པའི་སྤྱི་ཚོགས་ནང་སྣང་ཚུལ་འདྲ་མིན་སྣ་ཚོགས་ཤིག་བྱུང་བ་དང༌། དེ་བཞིན་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ཏུ་སྤྱི་འཐུས་ཁ་ཤས་ཀྱི་འབྲེལ་བརྗོད་གནང་སྟངས་མིག་གི་མཐོང་སྐབས་དང་ཐོག་དགའ་དགོས་པའི་འཚོ་སྣང་བྱུང་ལ། མཐར་བརྒྱུད་རིམ་ཆ་ཚང་མཐོང་དུས་ངུ་ཤོར་བའི་འཚོ་སྣང་དབང་དུ་སྐྱེས་བྱུང༌། དེ་ཡང་ང་ཚོར་རྒྱལ་ཁབ་གཞན་ལ་མེད་པའི་བླ་ན་མེད་པའི་དབུ་ཁྲིད་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་གྱི་ཆགས་གཞི་གོ་རིམ་ལྡན་པའི་བཙན་བྱོལ་བོད་གཞུང་འཛུགས་སྐྲུན་རྒྱ་བསྐྱེད་ཐུབ་པ་བྱུང་ཞིང༌།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༡ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༣༧ )
 

བཙན་བྱོལ་བོད་མིའི་ལོ་འཁོར་ལྔ་བཅུ་དྲན་གསོ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
བོད་དང་བོད་མིར་གཅེས་པའི་གཏམ་གླེང་བསམ་ཚུལ་ཟིན་བྲིས་དུམ་བུ།
ཐེངས་འདིའི་གསར་བཅོས་༢༠༠༩་༣་༣་ཉིན།
དགེ་འདུན་མཐར་ཕྱིན།
སྔོན་གླེང༌།
དུས་རབས་འདིར་རང་ཉིད་བོད་མི་རིགས་ཤིག་ཏུ་སྐྱེས་པ་དང་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱས་པའི་མྱོང་ཚོར་གྱི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཞབས་འདེགས་སུ་དམིགས་ཤིང་དུས་རབས་ཀྱི་ལས་འགན་དུ་བརྩིས་ཏེ་བོད་ཀྱི་སྔར་གྱི་ལོ་རྒྱུས་དང་རང་ཉིད་གང་དུ་འཚར་ལོངས་བྱས་བའི་སྤྱི་ཚོགས་ནང་གི་གནས་ཚུལ། བོད་དོན་དེ་མ་འོངས་པ་ཇི་འདྲ་ཞིག་ལ་དམིགས་དགོས་པ་བཅས་ཀྱི་སྐོར་ལ་དཔྱད་པའི་གཏམ་གླེང་འདི་ནི་བོད་མི་རིགས་ཀྱི་འདས་པའི་ལེགས་བྱས་དང་ཉེས་བྱས། ད་ལྟའི་ཡོན་ཏན་དང་སྐྱོན། མ་འོངས་འབྱུང་འགྱུར་གྱི་ཉེན་ཁ་དང་ལེགས་ཁ་བཅས་སྙིང་བཏུས་ཐོག་དེང་རབས་ཀྱི་སྤྱི་ཚོགས་ཆབ་སྲིད་རིག་པ་རྐྱང་པའི་ཐོག་ནས་བལྟས་པའི་དཔྱད་དོན་བསམ་ཚུལ་ཞིག་ཡིན།
 

མུན་ནག་གི་ལོ་༥༠དཔྱད་གཏམ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས། སྤྱི་ལོ་ ༢༠༠༨ ཟླ་ ༡ ཚེས་ ༢༨ ཉིན།།

རྒྱལ་ སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བས་ཟླ་༠༢ཚེས་༠༡ཉིན་སྤེལ། འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་དང༌། ཆབ་སྲིད་གྲོས་ཚོགས་ཐོག ༢༠༠༩།༣།༢༨ ནི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིང་འགྲོལ་ཐོབ་པའི་ཉིན་མོར་གཏན་འཁེལ་བྱས་ པའི་ལོག་སྤྱོད་ཀྱི་དྲིལ་བསྒྲགས་ལ་སེམས་ཐག་གཙང་བཅད་ཀྱིས་དགག་པ་རྒྱག་རྒྱུ།

༄ ༅། །སྤྱི་ལོ་ ༢༠༠༩ ནི་བོད་དུ་རྒྱ་དམར་གྱིས་བཙན་གནོན་བྱས་ནས་ལོ་ཧྲིལ་བོ་ ༥༠ འཁོར་བའི་མུན་ནག་གི་བར་སྟོང་ཞིག་ཡིན་ཞིང༌། སྤྱི་ལོ་ ༡༩༥༩ ནས་བཟུང་ལོ་རྒྱུས་སྟེང་རང་བཙན་གྱི་གནས་བབས་གཙང་མ་ཡིན་པའི་བོད་རྒྱལ་ཁབ་དེ་ བཞིན་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་མཐའ་མ་དང༌། བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་དུ་གྱུར་པའི་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ པ་རེད། མི་རྣམས་ཧང་སང་དགོས་པ་ཞིག་ནི་འཛམ་གླིང་མི་དམངས་ཀྱིས་བལྟས་བལྟས་རིག་རིག་ལ་ རྒྱ་དམར་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་པ་མ་ཟད། བོད་མི་ས་ཡ་དྲུག་ལ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མཐོང་ཐོས་དཀའ་བའི་བཙན་གནོན་ དང་དམར་གསོད། བཙོན་འཇུག མནར་གཅོད། བཀྲེས་ལྟོགས་ཀྱིས་མནར་བ་སོགས་ཚད་ལས་འདས་པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཡོད།

མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༢༡ ཕྱི་ཟླ་དྲུག་པ། ༢༠༡༠ ༡༦:༣༤ )
 

ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སྐོར་གྱི་དྲན་ཤེས་ཐོར་བུ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

འཇམ་དབྱངས་ནོར་བུས་བརྩམས། བྱམས་པ་བསྟན་འཛིན་གྱིས་དབྱིན་ཡིག་ནས་བསྒྱུར།

བདག་གི་ཡུམ་ཆེན་བློ་དྲི་ལྷ་དབང་ཉིད་བཀྲས་ཐོང་གིས་གསུངས་པ་ལྟར་ལྷུག་པོར་བཀོད་པ། དགེ་འདུན་ཆོས་འཕེལ་ལགས་དང་ང་རང་མཐའ་མའི་ཐུག་འཕྲད་བྱུང་ནས་ད་བར་ལོ་མང་པོ་འདས་ཟིན་པ་རེད། ཕལ་ཆེར་མི་ལོ་དྲུག་ཅུ་ལྷག་སོང་ཡོད་ཚོད་འདུག དེ་ལྟར། ང་རང་ལ་དྲན་པ་ཞེ་དྲག་མི་འདུག ང་རང་ཁོང་ལ་ཐེངས་ཁ་ཤས་ལས་ཐུག་མ་མྱོང་ལ། དེ་དུས་ཀྱང་ཕན་ཚུན་གུས་ཞབས་དང་ལྡན་པའི་བཀའ་མོལ་ཙམ་ཞུས་པ་རེད། དགེ་འདུན་ཆོས་འཕེལ་ལགས་ནི་ངའི་ཇོ་ལགས་བསོད་ནམས་སྟོབས་འབྱོར་ལགས་ཀྱི་མཛའ་གྲོགས་དང་ཤེས་གྲོགས་རེད། ཇོ་ལགས་ཀྱིས་དགེ་ཆོས་ལགས་ལ་ཧ་ཅང་མཉེས་པོ་དང་བརྩི་བཀུར་ཞུ་བ་མ་ཟད། རྟག་ཏུ་ཁོང་གི་སྐོར་ང་ལ་གསུངས་ཀྱི་ཡོད། དམིགས་བསལ་ཁོང་གཉིས་བཀའ་མོལ་ལྷུག་པོ་ཞིག་བྱུང་རྗེས། དེ་ལྟར་དགེ་འདུན་ཆོས་འཕེལ་ལགས་ནི་ང་ཚོའི་གཟིམ་ཤག་དང་གཟིམ་ཤག་གི་བཀའ་མོལ་ནང་རྟག་ཏུ་ཡོད་ཡོད་པ་རེད། ངའི་ཇོ་ལགས་ཁོང་ནི་སེམས་ལྤགས་སྲབ་ལ། སློབ་གཉེར་ཁོ་ནར་བརྩོན་པ། རང་གཤིས་འཇམ་པ། རིག་པ་རྣོ་བ། ཤེས་འདོད་ཀྱི་བློ་ཆེ་བའི་མི་ཞིག་རེད། ཁོང་བོད་ཡིག་ལ་ཤེས་པ་ཆེ་བ་ཙམ་མ་ཟད། རྒྱ་ཡིག་དང་དབྱིན་ཡིག་ལའང་ཐོས་པ་ཤིན་ཏུ་ཡངས། ཇོ་ལགས་ཀྱིས་དགེ་ཆོས་ལགས་ངེད་ཚོའི་སྤུན་མཆེད་ཧོར་ཁང་བསོད་ནམས་དཔལ་འབར་བརྒྱུད་དེ་ངོ་ཤེས་པ་རེད། ཧོར་ཁང་བསོད་ནམས་དཔལ་འབར་ནི་སོག་པོའི་དགེ་བཤེས་ཆོས་གྲགས་ཀྱི་ཡོན་བདག་རེད། དགེ་བཤེས་ལགས་ཧོར་ཁང་གཞིས་ཀར་གཏན་བཞུགས་གནང་བ་དང་དགེ་ཆོས་ལགས་ཀྱི་གྲོགས་པོ་ཉེ་པོ་ཞིག་ཀྱང་རེད།

མཐའ་མའི་བསྐྱར་བཅོས། ( གཟའ་སྤེན་པ།, ༢༡ ཕྱི་ཟླ་གསུམ་པ། ༢༠༠༩ ༡༦:༠༨ )
 

པར་རིས་གསར་པ།

50thdemocracyatsouth-1
བོད་གཞུང་མང་ཡོངས་ཀྱི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ།

གསར་བསྡུས་ཁག

༼གླ་ཡོད།༽

མོན་གྷོ་རུ་མང་གཙོའི་དུས་དྲན།

ཟླ་འདིའི་ཚེས་༢ ཉིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་གཞུང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང།


བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།


འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་པོ་དེ་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༦ ནས་༣༡ བར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚོགས་ཡོད་པ་དང་།


དགེ་ལུགས་སྤྱི་འཐུས་ངོས་སྦྱོར།

tongsartenzinpaldenའབྲས་སྤུངས་ཏྲེ་ཧོར་འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་འབྲུག་ཡུལ་དུ་ཡབ་ངག་དབང་དང༌། ཡུམ་ལྷ་དབང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༼གླ་ཡོད།༽


དྭངས་བླངས་སྤྱི་འཐུས།

lobsangchuthueབལ་ཡུལ་དུ་གནས་སྡོད་བློ་བཟང་དོན་གྲུབ་ལགས་ཀྱིས། ཁོང་སྤྱི་འཐུས་འོས་འདེམས་ནང་དྭངས་བླངས་ཀྱིས་ཞུགས་རྒྱུ་ཡིན་མི་མང་གིས་འོས་བླུགས་རོགས་ཞེས་ཁྱབ་བསྒྲགས་བྱུས་འདུག ༼གླ་ཡོད།༽

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow

དྲ་ཐོག་གི་སྐུ་མགྲོན།

ད་ལྟ་དྲ་ཐོག་ཏུ་ཡོད་བཞིན་པའི་སྐུ་མགྲོན་ 188 དང་། ཚོགས་མི་ 4 འདུག ,

བསྡོམས་གྲངས།

ཚོགས་མི། : 1403
བརྗོད་བྱ། : 3680
དྲ་འབྲེལ། : 12
ཀློག་གྲངས། : 1850383