བོད་ཀྱི་བང་ཆེན། རྩོམ་རིགས། བསམ་ཚུལ། དྲ་གྲོགས་ཚོར་སྤྲེངས་པའི་དོགས་གཞི་འགའ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文

དྲ་གྲོགས་ཚོར་སྤྲེངས་པའི་དོགས་གཞི་འགའ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

སྤུན་ཟླ་ལྷ་ཀླུ་གཉན་གསུམ་ལགས།ང་རང་གཉིད་མ་ཁུག་པ་དེ་ནི་སེམས་ཁུར་ཙམ་ལས་བློ་ཕམ་དགོས་དོན་མེད། གནས་སྟངས་དེ་འདྲ་ནི་སྤྱི་ཚོགས་ཐོག་ཡོང་དགོས་ངེས་ཀྱི་གནས་ལུགས་ཤིག་ལ་ངོས་འཛིན་གྱི་ཡོད།དགྲ་ཕྱོགས་ཀྱི་ཚོགས་རར་གཅིག་ལྟོས་དང༌། ཁོ་ཚོ་ཡོངས་རྫོགས་ཁ་གཅིག་དྲག་ཡིན་ཟེར་བའི་གནས་སྟངས་རྫུན་མ་ལྟར་གཅིག་གྱུར་གྱིས་ལྷ་སྐུ་བཞེངས་བཞག་པ་ལྟར་མིན་པ་ནི་འཚོ་བ་དངོས་ཀྱི་གདོང་རིས་གསོན་པོ་རེད།

དེའང་ངས་གྲོས་ཚོགས་ཐོག་ཚ་ཚ་འུར་འུར་གྱི་བགྲོ་གླེང་དེར་ཡིད་རངས་དགོས་པའི་རྒྱུ་མཚན་གྱི་ཕྱོགས་གཞན་ཞིག་ཀྱང་ཡིན།

ང་རང་གྲོས་ཆོད་དེར་གླེང་མོལ་མ་རྫོགས་བར་ཚོགས་རར་ཟུར་ཉན་ཡོད་པའི་རྒྱུ་མཚན་བྱས་ནས་བློ་གཟུར་བོར་གནས་ཏེ་གྲོས་ཚོགས་ཚོགས་དུས་བརྒྱད་པའི་གནས་སྟངས་དང་འབྲེལ་ནས་གཤམ་གྱི་དྲི་བ་འགའ་བཀོད་ཡོད་པར་ཚང་མས་བསམ་གཞིགས་རེ་ཡོང་པའི་རེ་འདུན་ཞུ།


དང་པོ།ཐོག་མར་སྒྲོལ་དཀར་མཚོ་མོ་དང་ཟླ་བ་ཚེ་རིང་གཉིས་ཀྱིས་ཚོགས་རར་ངར་ཤུགས་བསླང་བའི་ཚིག་དེ་འདྲ་སྤྱོད་མིན།


གཉིས་པ། སྤྱི་འཐུས་སྒེར་གྱིས་གྲོས་ཚོགས་ནས་ཕྱི་བསྐྱོད་ཀྱི་འགྲོ་འགྲོན་བཏང་སྐྱོང་ཡོང་བའི་སྙན་འབུལ་དགོས་དོན།


གསུམ། གལ་ཏེ་འགྲོ་འགྲོན་སྐྱབས་འཇུག་ཞུ་མཁན་ཆོལ་ཁ་གཞན་གྱི་སྤྱི་འཐུས་ཡིན་ན་གླེང་སློང་འདི་ཡོད་མེད།


བཞི། ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གྱི་སྐད་ཆ་ལ་བདེན་པའི་ཆ་ཡོད་མེད།

ལྔ། བདེན་པ་ཡོན་ན་ངེས་པར་དུ་གྲངས་མང་ཉུང་གིས་ཐག་ཆོད་མིན།


དྲུག རྒྱུན་ལས་ཚོས་ཐག་ཆོད་ཟིན་པའི་དོན་ལ་བརྩི་སྲུང་དགོས་མིན། དེར་ཚོགས་གཙོ་གཞོན་གཉིས་ལ་འགན་གཙོ་བོ་ཡོད་མེད།

བདུན། སྒྲིག་གཞི་འཐུས་ཚང་མེད་པའི་སྐྱོན་ཆ་དེ་དག་བསྐྱར་ཞིབ་བྱ་བའི་དགོངས་དོན་ཡོད་མེད།


བརྒྱད། གང་ཟག་སྒེར་ལ་རྟོན་པའི་གོ་སྐབས་འདི་དང་འབྲེལ་གྲོས་ཚོགས་ཀྱི་སྒྲིག་གཞིའི་སྐྱོན་ཆ་མཐོང་ཐུབ་མིན།


དགུ།འཐེན་འཁྱེར་ནི་ཆོལ་གསུམ་མི་མང་ཕྲོད་ཀྱི་དོན་དངོས་གནས་སྟངས་ཡིན་ན་ཕོ་མོ་སུའི་གླེང་སློང་བར་ཁྱད་ཡོད་མིན།


བཅུ།གནད་དོན་མཐོང་དུས་ཐོག་མར་འབྲེལ་ཡོད་ཀྱི་གང་ཟག་ལ་ལྟ་བ་ལས་གནད་དོན་གང་ཡིན་མིན་མི་ལྟ་བའི་རྒྱུ་མཚན།


བཅུ་གཅིགརྒྱུན་ལས་ཚོས་ཐག་གཅོད་འགྲིག་མིན་ལས་ཕར་ཕྱོགས་ཀྱི་སྐྱོན་ཆ་གླེང་མཁན་མེད་པའི་རྒྱུ་མཚན།


བཅུ་གཉིས།སྤྱི་འཐུས་བསྟན་འཛིན་མགོན་པོ་གཙོས་གྲོས་ཆོད་ལ་ངོ་རྒོལ་ཡོད་ཟེར་མཁན་ཚོས་བྱ་སྤྱོད་ཐོག་ནས་དོན་དངོས་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་པའི་དགོས་དོན།


བཅུ་གསུམ།མི་སུ་འདྲཞིག་ཡིན་ཡང་ཕ་རོལ་པོར་ཁེ་སང་རག་དུས་རང་ཕྱོགས་ཀྱི་སེམས་ཁམས་གང་འདྲ་གནས་དགོས་མིན་སོགས་ཡིན་ལ།


གོང་གི་གནད་དོན་ཚང་མ་ངས་སྐབས་བབས་ཀྱི་དོན་གནད་དེའི་གཏིང་ཟབ་ས་ཞིག་ལ་ལྟ་ཞིབ་ཡོང་ཐབས་ཙམ་ཡིན་ཕྱིར་ད་དུང་དེ་མིན་གྱི་དྲི་བའམ་གནས་ལུགས་གཏིང་ཟབ་སར་ཞིབ་འཇུག་དགོས་ངེས་ཡིན་ཕྱིར།དྲ་གྲོགས་སྤུན་ཟླ་གཞན་ཚོས་ཀྱང་གང་ཟག་སྒེར་དང་མ་འབྲེལ་བའི་སྒོ་ནས་གནད་དོན་དངོས་ལ་བསམ་བློ་རེ་གཏོང་ནས་གླེང་སློང་ཡོང་བའི་རེ་བ་ཡོད།

 

མཐའ་མའི་བསྐྱར་བཅོས། ( '༢༠༠༩, ༡༠, ༢༣' )  

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

བསྡོམས་གྲངས།

ཚོགས་མི། : 3874
བརྗོད་བྱ། : 6712
དྲ་འབྲེལ། : 12
ཀློག་གྲངས། : 5490364

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow

ཀློག་མང་ཤོས།