མཆོག་ཏུ་བཀུར་བར་འོས་པའི་དྲ་མགྲོན་རྣམ་པར་གསལ་བསྒྲགས་ཞུ་རྒྱུར། བར་ལམ་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་གི་མ་ལག་ཁག་ཅིག་གསར་པ་བརྗེ་བསྒྱུར་བྱེད་པའི་སྐབས་དེ་ལས་མང་ངམ། རྩོམ་ཡིག་གི་འཕྲོས་ཚང་མ་རྒྱབ་ལོགས་སུ་གཏོང་རྒྱུའི་མ་ལག་དེ་བེད་སྤྱོད་མེད་པར་གྱུར་ནས་ད་བར་བདུན་ཕྲག་གསུམ་ཙམ་སོང་བ་དང་། ད་ལྟའི་ཆར་དེ་ལས་མང་བེད་སྤྱོད་བྱེད་ཐུབ་པ་མ་ཟད། འདྲ་པར་འགོད་སྟངས་ཀྱང་སྔར་དང་མི་འདྲ་བར་མ་ལག་གསར་པ་མང་པོ་ཞིག་བསྐྱར་དུ་ཁ་སྐོང་བྱས་ཡོད། རྩོམ་ཡིག་འགོད་པའི་སྐབས་འཕྲོས་རྒྱབ་ལོགས་སུ་གཏོང་སྟངས་སྔོན་དང་ཅུང་མི་འདྲབསདྲ་གྲོགས་རྣམས་ལ་དཔེ་རིས་ཀྱི་སྟེང་ནས་ངོ་སྤྲོད་བྱས་ཡོད་པས་དེར་གཟིགས་རོགས། གོང་གི་པར་རིས་དེའི་གཤམ་གྱི་བསྟར་ཕྲེང་གི་ནང་དུ་ཡོད་པ་གཤམ་ནས་ཡར་བརྩིས་པའི་གཉིས་པ་འོག་ཏུ་དམར་རྟགས་གོར་ཐིག་བརྒྱབ་པ་དང༌། ཟུར་དུ་བོད་ཡིག་གིས་དེ་ལས་མང་ཞེས་གསལ་བཤད་བྲིས་པ་དེའི་ཐོག་ཏུ་མནན་ན་སྔོན་མའི་དེ་ལས་མང་ཞེས་པ་དང་གཅིག་མཚུངས་ཡིན་པས་དེ་ལུགས་དགོངས་མངའ་ཡོང་བ་དང་།
ཟིན་བྲིས་སུ་གསར་ཞུགས་གནང་མཁན་ཞིག་ཡིན་ན། དང་པོ་རང་ཉིད་ཀྱི་རྩོམ་ཡིག་འགོད་སའི་ས་མིག་ཏུ་རྩོམ་ཡིག་བཀོད། རྩོམ་ཡིག་གི་སྟོད་ནས་ཐིག་ཕྲེང་རེ་ཟུང་གི་མཚམས་སུ་གོང་དུ་དཔེ་རིས་ཀྱི་ཐོག་ནས་གསལ་བཤད་བྱས་པ་བཞིན། ལག་བསྟར་གནང་ན་ཁྱེད་ཀྱིས་ཟིན་བྲིས་སྤེལ་བར་དཀའ་ངལ་གང་ཡང་མེད།
གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༩ ཚེས་༢༨ ཉིན།










