བོད་ཀྱི་བང་ཆེན། བསམ་ཚུལ། བཅར་འདྲི། ཆོས་ཞུ་བ་ཁྱོན་འབུམ་གཉིས་ཙམ་གྱི་རྩིས་བརྒྱབ་ཡོད་པ་རེད།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

ཆོས་ཞུ་བ་ཁྱོན་འབུམ་གཉིས་ཙམ་གྱི་རྩིས་བརྒྱབ་ཡོད་པ་རེད།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

tomthok rinpocheརྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་དུས་དབང་གོ་སྒྲིག་དང་འབྲེལ་བའི་བཅར་འདྲི་ཞུས་པ།
དྲི་བ། ཐོག་མར་རིན་པོ་ཆེ་མཆོག་གིས་དུས་དབང་གི་སྔོན་འགྲོའི་ས་ཆོག་དང་དབང་དངོས་གཞིའི་དུས་ཚོད་ཏོག་ཙམ་འགྱུར་བ་ཐེབས་པ་རེད་ཟེར་གྱི་འདུག་དེའི་རྒྱུ་མཚན་གང་ཡིན་གསུངས་རོགས།

ལན། ང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་སྤྲུལ་སྐུ་ཡིན། སྐུ་མདུན་ཆིབས་བསྒྱུར་གནང་རྒྱུ་ཏོག་ཙམ་ཕྱིར་འགྱངས་ཐེབས་པ་རེད། གང་ཡིན་ཟེར་ན་ཚེས་༣༠ ཉིན་ངན་པ་དགུ་འཛོམས་ལ་ཁེལ་ཡོད་པ་རེད། ཡིན་ན་ཡང་ས་ཆོག་ཕྱི་ཟླ་དང་པོའི་ཚེས་གཅིག་ནས་འགོ་འཛུགས་གནང་རྒྱུ་རེད། དེ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་དངོས་གཞི་དེ་ཕྱི་ཚེས་བདུན་བརྒྱད་དགུ་བཅས་ཉིན་གསུམ་རིང་གསུང་གི་ཡོད་པ་རེད། དེའི་རྗེས་ཕྱི་ཚེས་བཅུ་ཉིན་བརྟན་བཞུགས་དང་མི་མང་ལ་ཚེ་དབང་བསྩལ་རྒྱུ་བཅས་གསུང་ཆོས་མཇུག་སྒྲིལ་བ་རེད།

དྲི་བ། དུས་དབང་ཐེངས་༣༢ པ་འདི་ལ་འཛམ་གླིང་གི་ས་ཕྱོགས་ཡོངས་ནས་མི་མང་ཕོན་ཆེན་པོ་ཕེབས་ཀྱི་ཡོད་པ་རེད། དེ་ལ་དཔག་པའི་གོ་སྒྲིག་ཚོགས་ཆུང་གིས་འགྲོ་སོང་གི་ངོས་ནས་རོབ་རྩིས་ཙམ་བྱས་ན་ག་ཚོད་འགྲོ་ས་རེད་དམ། 
ལན།  འགྲོ་སོང་ཞེ་དྲག་འཕར་བ་རེད། དེའི་རྒྱུ་མཚན་གཙོ་བོ་གང་ཡིན་ཟེར་ན། ད་ལོ་རྒྱ་གར་གྱིས་ཁང་པ་དེ་ཚོར་རིན་གོང་ཧ་ཅང་ཆེན་པོ་ལེན་གྱི་ཡོད་པ་རེད། དཔེར་ན་གུར་གཅིག་ལ་དང་པོ་ཉིས་སྟོང་འདྲ་བོའི་རིན་པ་ད་ཆ་ལྔ་སྟོང་དྲུག་སྟོང་འཕར་བཞིན་ཡོད་པ་རེད། དེ་ག་ནང་བཞིན་གསུང་ཆོས་གནང་སའི་གུར་དང་གསང་སྤྱོད་ཁྲུས་ཁང་དེ་ཚོ་ཚང་མ་རིན་གོང་ཞེ་དྲག་འཕར་བསྡད་ཡོད་པ་རེད། དེ་འདྲ་སོང་ཙང་སྔོན་དང་མི་འདྲ་བའི་འགྲོ་སོང་ཆེན་པོ་འགྲོ་ཡི་ཡོད་པ་རེད།  སྐབས་འདིའི་དུས་དབང་འགྲོ་སོང་རོབ་རྩིས་བྱས་ན་འབུམ་དྲུག་བརྒྱ་བདུན་བརྒྱ་དེ་འདྲ་ཞིག་འགྲོ་གི་མེད་འགྲོ་ད་ལྟ་ཏན་ཏན་ལབ་ཐུབ་ཀྱི་མི་འདུག

དྲི་བ།    ད་ལོའི་རྡོར་གདན་དུས་དབང་སྐབས་འདིར་འཛམ་གླིང་ས་ཕྱོགས་ཡོངས་དང་ལྷག་པར་བོད་ནས་གསར་དུ་འབྱོར་བའི་གྲངས་འབོར་ཚོད་རྩིས་བྱས་ན་ག་ཚོད་ཕེབས་ཡོད་པ་རེད།
ལན། ད་ལོ་དུས་དབང་ཞུ་རུ་རྒྱ་བལ་འབྲུག་གསུམ་དང་སོགས་ཡུལ་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་མི་མང་ཕོན་ཆེན་ཕེབས་ཀྱི་ཡོད་པ་རེད། སྤྱིར་བཏང་ཐེངས་འདིའི་དུས་དབང་ལ་བོད་ནས་མི་ཧ་ཅང་མང་པོ་ཕེབས་འཆར་ཡོད་པ་འདྲ། འོན་ཀྱང་དངོས་སུ་དུས་དབང་ཞུ་རུ་ཡོང་ཐུབ་མཁན་མི་གྲངས་གཅིག་ཁྲི་མ་ཟིན་ཙམ་ལས་མེད་པ་འདྲ། ཉེ་ཆར་ཕྱི་བསྐྱོད་ལམ་ཡིག་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་བསྟེན། དེ་ཙམ་མ་གཏོགས་མི་འདུག་ཅེས་སྣེ་ལེན་ཁང་གིས་གསུང་གི་འདུག  དེ་ཡང་ཆོས་ཞུ་བ་ཁྱོན་འབུམ་གཉིས་ཙམ་གྱི་རྩིས་བརྒྱབ་ཡོད་པ་རེད།

དྲི་བ། དུས་དབང་སྐབས་བོད་ནས་གསར་དུ་འབྱོར་བ་རྣམས་ལ་སྡོད་ས་སོགས་མཐུན་རྐྱེན་ཡོངས་རྫོགས་སྦྱར་བཞིན་ཡོད་པ་དེ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གཅིག་པུའི་ངོས་ནས་རེད་དམ།
ལན། དངོས་གནས་བཤད་ན་སྣེ་ལེན་ཁང་གི་ངོས་ནས་གོ་སྒྲིག་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད། ཡིན་ན་ཡང་ང་ཚོ་གོ་སྒྲིག་ཚོགས་ཆུང་གིས་མཐུན་རྐྱེན་གྱི་འདང་བ་ཡིན་ན། དཀའ་ངལ་ཞེ་དྲག་འོག་ནས་དཀའ་ལས་དང་འགྲོ་སོང་ཆེན་པོ་བཏང་ནས་བོད་ནས་ཡོང་མཁན་ཚོ་ལ་གཞན་དང་མ་འདྲ་བའི་མཐུན་རྐྱེན་ཆ་ཚང་ཞིག་སྦྱར་འཆར་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་གོ་སྒྲིག་ཚོགས་ཆུང་གི་སྦྱིན་བདག་གི་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དགོངས་པ་རྫོགས་སོང་བ་རེད། ཁོང་དགོངས་པ་མ་རྫོགས་གོང་འཆར་གཞི་ཆེན་པོ་ཞེ་དྲག་རེད། ད་ལྟ་ཁོ་རང་གི་ནང་མིའི་ངོས་ནས་འཆར་གཞི་དེ་འདྲ་ཞིག་བསྒྲུབ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་ངོས་ནས་སྡོད་གུར་ཆ་ཚང་ཞིག་སྣེ་ལེན་ཁང་ལ་ཕེབས་པའི་བོད་ནས་གསར་དུ་འབྱོར་མཁན་རྣམ་པ་ཚོ་ལ་ཕུལ་ཡོད་པ་རེད།  གཞན་ཡང་ཞལ་ལག་དང་གློག་གི་མཐུན་རྐྱེན་དེ་ཚོ་ཡང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འབུལ་བཞིན་ཡོད། དེ་མ་ཡིན་པའི་འགྲོ་གྲོན་གཞན་དག་སྣེ་ལེན་ཁང་གིས་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་རེད།

དྲི་བ། ས་ཕྱོགས་ཡོངས་ཀྱི་འདི་འདྲའི་མི་མང་ཕེབས་བཞིན་ཡོད་པ་རེད།  དེར་བརྟེན་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མི་མང་གི་འཕྲོད་བསྟེན་སོགས་ཡག་པོ་ཡོང་ཆེད་དུ་དམིགས་བསལ་གྱི་ལས་འགུལ་འདྲ་སྤེལ་གྱི་ཡོད་དམ།
ལན། བྷི་ཧར་མངའ་སྡེ་གཞུང་དང་གྷ་ཡ་ས་གནས་རྫོང་བཅས་སུ་ང་རང་ཚོས་ཞུས་ནས་དེ་འདྲ་གི་ཐོག་ལ་ཁོང་རྣམ་པ་ཚོས་ངོས་ནས་གང་ཐུབ་ཐུབ་ཞིག་མཐུན་རྐྱེན་སྦྱོར་གནང་གི་ཡོད་པ་རེད། དེ་འདྲའི་མ་ཚད་པའི་སེ་ར་དང་འབྲས་སྤུངས། དགའ་ལྡན་བཅས་ཀྱི་གཙོས་འཕྲོད་བསྟེན་གྱི་ཐོག་དང་བླངས་ཞབས་ཞུ་ཞུ་མཁན་ག་ས་གང་ནས་མང་པོ་ཕེབས་ནས་སྨན་དང་སྨན་པའི་མཐུན་རྐྱེན་གང་འཚམས་ཡག་པོ་ཡོད་རེད་བསམ་གྱི་འདུག འོན་ཀྱང་ང་ཚོ་གོ་སྒྲིག་ཚོགས་ཆུང་གིས་ངོས་ནས་དམིགས་གསལ་གྱིས་སྨན་ཁང་ཟུར་འཛུགས་བྱེད་པ་སོགས་ད་ལྟ་གང་ཡང་བྱུང་ཡོད་པ་མ་རེད་དེ། ལམ་ཁར་ཆུ་གཏོར་རྒྱུ་དང་ནད་པ་ཛ་དྲག་སྐྱེལ་བསུ་བྱེད་པ་སོགས་ང་ཚོས་གང་ཐུབ་ཅི་ཐུབ་ཞུས་བསྡད་ཡོད་པ་རེད། དེ་མ་ཡིན་པའི་སྨན་ཁང་བཙུགས་པ་སོགས་རྒྱ་ཆེན་པོ་ཞེ་དྲག་བྱུང་ཡོད་པ་མ་རེད།

དྲི་བ། བོད་མི་སྤྱི་ཡོངས་དང་ལྷག་པར་ལས་ཀྱི་སྣེ་མོ་བ་ཡོངས་ཀྱི་ངོས་ནས་ཧ་ཅང་དོ་སྣང་དང་གཟབ་གཟབ་བྱེད་དགོས་ས་དེ་༧གོང་ས་མཆོག་གི་སྐུ་ཕྱྭ་རེད། དེའི་ཐོག་ལ་ད་ཐེངས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ངོས་ནས་དམིགས་བསལ་གྱིས་ཕྱག་ལས་ག་རེ་གནང་གི་ཡོད་པ་རེད།
ལན། གསུང་ཆོས་གོ་སྒྲིག་ཚོགས་པའི་ངོས་ནས་དེ་འདྲའི་ཐོག་ལ་ཞབས་ཞུ་ཞུ་རྒྱུ་སྐབས་སུ་བབ་པའི་ལས་འགན་ཞིག་རེད་ཡོད་པ་མ་རེད།  ང་ཚོས་གོ་སྒྲིག་བྱེད་རྒྱུ་གཅིག་པུ་མ་གཏོགས་གཞན་དག་སྐུའི་ཉེན་སྲུང་སོགས་གང་ཅིའི་ཐད་བདེ་སྲུང་དང་སྐུ་སྒེར་ཐོག་ནས་འགན་ཁུར་གནང་གི་ཡོད་པ་རེད། གཙོ་བོ་དེ་རྒྱ་གར་གཞུང་ངོས་ནས་དཔེ་མི་སྲིད་པའི་འགན་ཁུར་ཡག་པོ་གནང་གི་ཡོད་པ་རེད། དེར་བརྟེན་ང་ཚོས་དེའི་ཐོག་ལ་ཇུས་གཏོགས་གང་ཡང་བྱེད་ཀྱི་མེད།

དྲི་བ།  ང་ཚོའི་གསར་ཤོག་འདི་བརྒྱུད་ནས་དུས་དབང་དང་འབྲེལ་ནས་མི་མང་ལ་ལམ་སྟོན་འདྲ་གལ་གནང་རྒྱུ་ཡོད་དམ།
ལན།   མི་མང་ཚང་མས་གསུང་ཆོས་ཞུས་པ་ཙམ་མིན་པར་གལ་ཆེ་ཤོས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཕས་བུ་ལ་གདམ་པ་ནང་བཞིན་དུས་ནས་དུས་སུ་གནང་བཞིན་པའི་བཀའ་སློབ་ལམ་སྟོན་མཐའ་དག་ལག་ལེན་བསྟར་ཐུབ་པ་ལ་འབད་བརྩོན་གནང་རོགས།
འདི་གའི་གསར་འགོད་པས་རྒྱ་གར་བྱང་ཕྱོགས་རྡོར་གདན་ནས།

མཐའ་མའི་བསྐྱར་བཅོས། ( '༢༠༡༡, ༡༢, ༢༨' )  

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow