Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

རྩོམ་ཡིག

མི་རིགས་ས་གནས་རང་སྐྱོང་ལས་འཕྲོས་པའི་བསམ་གཞིག

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ནི་‘འགྱུར་བ་མ་ནིང་ལྟ་བུ་’ཞིག་ཡིན་པས་ད་དུང་འགྱུར་ཆོག། །(༡༩༤༠-༢༠༡༠)


ཆོས་ཉིད་འོད་ཟེར།    དྷ་ས།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་འགོ་ཚུགས་པ་ནས་བོད་གཞུང་གི་ངོས་ནས་མ་འོངས་པར་བོད་རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་སྟངས་ཀྱི་སྲིད་ཇུས་དེ་ཕར་བསྒྱུར་ཚུར་བསྒྱུར་གྱིས་‘འགྱུར་བ་མ་ནིང་’ལྟ་བུའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་བཟུང་སྟེ། ད་ལྟ་བོད་གཞུང་བཙན་བྱོལ་དུ་གྱར་ནས་ལོ་ལྔ་བཅུ་ང་གཅིག་ཟིན་གྱི་ཡོད། དེ་དང་ཕྱོགས་མཚུངས་བོད་མི་སྒེར་པ་རྣམས་ཀྱིས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་བཟུང་ཡོད་ལ།

མཐའ་མའི་བསྐྱར་བཅོས། ( གཟའ་ལྷག་པ།, ༡༧ ཕྱི་ཟླ་གསུམ་པ། ༢༠༡༠ ༡༠:༥༨ )
 

བོད་དང་བོད་མིར་རྐྱེན་ངན་གྲོགས་ཤར།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

བྱང་ཨ་རིའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ།

དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང། གྲོགས་འབྲེལ། གཉེན་ཉེ་ཕན་ཚུན་བཀའ་མོལ་མང་ཆེ་བ་དེ་སྔོན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་རྙོག་ཟིང་སྐབས་སྒྲོན་པའི་བརྙན་འཁོར་གཟིགས་ཞིབ་གནང་བས། འགའ་ཤས་ནི་བརྗོད་བྲལ་ཧང་སངས་འགའ་ཤས་ནི་ཐུགས་ཕམ་གང་དྲག་ཅི་དྲག འགའ་ཤས་ནི་ང་ཚོའི་རེ་བ་དང་ཡིད་ཆེས་ཞུ་སའི་ཁ་དོག་འདི་འདྲ་ཨེ་ཡིན་ཡང།

 

ཚན་པ་གསུམ་གྱི་རང་སྐྱོང་།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

བོད་ཆོལ་ཁ་གསུམ་ལ་ཚན་པ་གསུམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་བཀའ་ཤག་ལ་ཕུལ་བ།

སེར་སྨད་བློ་དགའ།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས།། ཞེས་པ་ལྟར་མཁས་པ་ལ་དྲན་གསོའི་ཚུལ་དུ་ཅུང་ཟད་ཅིག་སྤྲོས་འདོད་ཆེ་ལ།

 

བོད་ཀྱི་འཐབ་ཕྱོཌ་གཅིག་གྱུར་ལ་ཉེན་ཁ་སླེབས་ཡོད་པས་གཟབ་དགོས།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
འཇིགས་བྲལ་བསྟན་འཛིན།
གླེང་སློང་བ།
དེང་སང་སྐོར་ཞིག་གིས་ཆོལ་ཁའི་སྤྱི་འཐུས་མི་དགོས་པར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྤྱི་འཐུས་དགོས་སྐོར་དང།  ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་པའི་གནད་དོན་ཞིག་གཞི་རིམ་མང་ཚོགས་ཀྱི་དཀྱིལ་འཁོར་ནང་སྤེལ་བཞིན་ཡོད།
མཐའ་མའི་བསྐྱར་བཅོས། ( གཟའ་ཟླ་བ།, ༡༥ ཕྱི་ཟླ་གསུམ་པ། ༢༠༡༠ ༠༩:༥༧ )
 

མ་སུ་རི་བོད་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་༥༠ འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༼༡༩༦༠༌༣༣-༢༠༡༠༌༣༌༣༽

བློས་ཡུལ་དུ་བྱ་རུང་བ་ཤེས་བྱའི་མཚན་ཉིད་དུ་འཇོག་པ་ལྟར་ཤེས་བྱ་ནི་སྤྱི་དང་སྒེར། རང་དང་གཞན་ཚང་མར་མེད་དུ་མི་རུང་བའི་ཡོན་ཏན་ཞིག་ཡིན། དུས་ཚོད་འགྱུར་བ་འགྲོ་བ་ཆབས་ཅིག་འཛམ་བུ་གླིང་པ་རྣམས་ཀྱང་འགྱུར་བ་ཕྱིན་ཏེ་གོམ་པ་མདུན་ནས་མདུན་ཕྱོགས་སུ་སྤོས་ཏེ་ཡར་རྒྱས་ཀྱི་འགྱུར་བའི་ཐོག་འགྲོ་བཞིན་པ་རེད།
 
JPAGE_CURRENT_OF_TOTAL

སྐད་ཡིག་བསྒྱུར་ཆས།

Currency

Convert   into