བོད་ཀྱི་བང་ཆེན། བསམ་ཚུལ། རྩོམ་ཡིག རྒྱལ་སྤྱིའི་བདེ་འཇགས་ཆོགས་ཆེན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

རྒྱལ་སྤྱིའི་བདེ་འཇགས་ཆོགས་ཆེན།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

རྨ་མགུར་སངས་རྒྱམ།
འཇར་མན་གྱི་གྲོང་ཁྱེར་མུ་ནི་ཆུ་ལ་འཚོགས་བཞིན་པའི་ལོ་འཁོར་རྒྱལ་སྤྱིའི་བདེ་འཇགས་ཚོགས་ཆེན་གྱི་སྟེང་དུ་འཛམ་གླིང་གི་རྒྱལ་ཁབ་བདུན་ཅུ་ལྷག་གི་འགོ་ཁྲིད་དང་སྲིད་གཞུང་གི་མི་སྣ།

རྒྱལ་སྤྱིའི་ཚོགས་སྡེ་ཁག   གྲོས་ཚོགས་ཀྱི་འཐུས་མི།   དྲག་ཆས་དམག་དཔུང་གི་མཐོ་རིམ་འཐུས་ཚབ།   གསར་འགོད་ལས་རིགས།   སྤྱི་དམངས་ཚོགས་པའི་འཐུས་ཚབ་བཅས་མི་གྲངས་༣༠༠་ལྷག་མཉམ་ཞུགས་གནང་ནས་ད་ལྟ་དང་མ་འོངས་པའི་འཛམ་གླིང་གི་བདེ་འཇགས་གནད་དོན་ལ་བགྲོ་གླེང་བྱས་ཡོད་པ་དང་།   རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཀྲང་ཀྲི་ཅུན་གྲོས་ཚོགས་དེའི་ནང་དུ་མཉམ་ཞུགས་བྱས་ཡོད།


ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་གྲོས་ཚོགས་གོང་མའི་རྒྱལ་ནང་གི་བདེ་འཇགས་དང་སྲིད་གཞུང་གི་ལས་དོན་ལྷན་ཁང་གི་ཚོགས་མི་དང་གྲོས་ཚོགས་གོང་མའི་དྲག་ཆས་ཞབས་ཞུའི་ལྷན་ཁང་གི་མཐོ་རིམ་ཚོགས་མི་བཅས་ཡིན་པའི་སྐུ་ཞབས་ཇོན་མུ་ཁེན་ལགས་ཀྱིས།    ཨ་རི་དང་ཡུ་རོབ་དང་ཨ་ཤེ་ཡའི་ཡར་རྒྱས་བཅས་ཀྱི་བརྗོད་གཞིའི་སྐོར་ལ་གཏམ་བཤད་སྤེལ་བ་དང་འཛམ་གླིང་གི་དབུ་ཁྲིད་ཚོའི་མདུན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་ཤུགས་ཆེན་གནང་བ་དང་ལྷག་པར་དུ་བོད་ནང་དུ་རྒྱ་ནག་གི་དམག་དཔུང་གིས་བོད་རིགས་ཚོ་ལ་དྲག་གནོན་བྱེད་བཞིན་པ་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་པར་བཤད་ཡོད།   བོད་ནང་དུ་ཏ་ལའི་བླ་མ་ལ་རྒྱབ་སྐྱོར་དང་བོད་རང་དབང་གི་ཆེད་དུ་ཉེ་ཆར་བོད་ཀྱི་གྲྭ་བ་དང་ཨ་ནེ་ཁ་ཤས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་དངོས་ཡོད་ཀྱི་གནས་ཚུལ་བྱུང་བ་གསལ་བཤད་གནང་ཡོད།    ད་དུང་རྒྱ་ནག་གི་མཚོ་དམག་གིས་རྒྱལ་སྤྱིའི་མཚོ་ཁུག་དང་དམིགས་བསལ་དུ་རྒྱ་ནག་གི་ལྷོའི་རྒྱ་མཚོའི་ནང་དུ་འཁྲུག་སློང་གི་རྣམ་འགྱུར་སྟོན་པ་ལ་རྣོ་ངར་ཆེན་པོས་སྐྱོན་བརྗོད་བྱས་ཡོད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཀྲང་གིས།    བོད་ནི་རྒྱ་ནག་གི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་།    ང་ཚོས་རང་ཉིད་ཀྱི་ནང་སྲིད་ལས་དོན་རྣམས་སྟངས་འཛིན་ཇི་ལྟར་བྱེད་དགོས་མིན་གྱི་སྟེང་དུ་གཞན་གྱིས་གཏམ་བཤད་བྱས་པའི་རིགས་གང་འདྲ་ཞིག་ཡིན་ཡང་ང་ཚོས་དེ་ལ་འཁོན་འཛིན་བྱེད་ཀྱི་ཡོད།    བོད་ནང་དུ་སློབ་གསོའི་ལས་དོན་གྱིས་མཚོན་པའི་མི་ཚེའི་རེ་འདུན་གྱི་བྱ་གཞག་རྣམས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་།   གཞན་གྱིས་ང་ཚོའི་ནང་སྲིད་ལ་ཐེས་གཏོགས་མི་བྱེད་པར་རེ་སྐུལ་བྱེད་ཀྱི་ཡོད་པ་དང་ང་ཚོས་གཞན་གྱི་ནང་སྲིད་ལ་ཐེས་གཏོགས་བྱེད་པར་དགའ་བོ་མེད་ཅེས་བཤད་པ་རེད།

དེའི་ལན་དུ།   ཨོ་སི་ཏྲི་རུ་ལའི་ཕྱི་སྲིད་བློན་ཆེན་ཁེ་བིན་རུ་སྒྲུ་ལགས་ཀྱིས།    འཛམ་གླིང་གི་མི་དམངས་མང་ཆེ་བས་རང་ཉིད་ལ་དབང་བའི་འགོ་ཁྲིད་ཅིག་གདམ་ཐུབ་པར་རེ་སྒུག་བྱས་ནས་བསྡད་ཡོད།   རྒྱ་ནག་གི་ནང་དུ་མི་དམངས་ལ་རང་དབང་ལྡན་པའི་སྒོ་ནས་དོན་དངོས་ཀྱི་གདམ་བྱ་འདེམ་བྱེད་ཀྱི་ཐོབ་ཐང་ཞིག་ཡོད་པའི་སྐབས་སུ།    ངས་བསམ་ན་ཁྱེད་ཚོའི་ནང་སྲིད་ཀྱི་ལས་དོན་ལ་ཐེས་གཏོགས་བྱེད་པ་དེ་ཧ་ཅང་གིས་ཉུང་ངུར་འགྲོ་རྒྱུ་རེད་ཅེས་བཤད་ཡོད།  

སྐབས་༤༨་པའི་ཚོགས་ཆེན་འདི་ནི་ཕྱི་ཟླ་༢་ཚེས་༣་ནས་༥་བར་དུ་འཚོགས་བཞིན་པ་དང་།    ད་དུང་ཚོགས་འདུ་དེའི་སྟེང་དུ་པོ་ལན་གྱི་སྲིད་འཛིན་དང་།    ཨ་རིའི་རྒྱལ་སྲུང་དྲུང་ཆེ།   ཨ་རིའི་ཕྱི་སྲིད་དྲུང་ཆེ།    ནུབ་རྒྱ་མཚོ་ཆེན་པོའི་བྱང་མའི་སྤྱི་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ།    ར་ཤེ་ཡའི་ཕྱི་སྲིད་དྲུང་ཆེ།     ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

མཐའ་མའི་བསྐྱར་བཅོས། ( '2012, 02, 8' )  

གླ་ཡོད་གསལ་བསྒྲགས།

student_saldaknorway1

varna

tchrd1

sherigsaldak1salshe_saldak1

techno

News Video

འདི་ནས་དཔར་སྐྲུན་བྱས་པའི་དཔེ་དེབ།