བསྟན་འཛིན་སྒྲོལ་མ་ལགས་ནི་ལྡི་ལི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང༌། ཁོང་གིས་བོད་པའི་གཞོན་སྐྱེས་ཚོས་བོད་སྐད་དང༌། བོད་ཡིག་གི་སྐོར་ལ་དོ་སྣང་བྱེད་དགོས་སྐོར་གསུང་དོན། གཞོན་སྐྱེས་ཚོར་ཞེ་དྲག་བཤད་རྒྱུ་ཅི་ཡང་མེད།
བཙན་བྱོལ་བོད་གཞུང་དེ་གལ་ཆེན་པོ་ཡིན་པ་ཤེས་གསལ་རེད། ད་ལྟ་བོད་པའི་གཞོན་སྐྱེས་མང་ཆེ་བས་རྒྱ་གར་སྐད་དང༌། དབྱིན་ཇིའི་སྐད་མཉམ་བསྲེས་བྱས་ནས་རྒྱག་གི་འདུག སོ་སོ་བོད་རིགས་ཡིན་པའི་ཆ་ནས་བོད་པའི་སྐད་དང༌། ཡི་གེ་ལ་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག བོད་ཡིག་བོད་སྐད་ལ་འབད་བརྩོན་བྱེད་རོགས། སོ་སོས་གང་དྲན་པ་བོད་སྐད་ནང་བཤད་རྒྱུའི་ཐབས་ཤེས་བྱེད་དགོས་པ་རེད། སོ་སོས་མ་ཤེས་ན་བོད་པའི་སྐད་ཡིག་ཡག་པོ་ཤེས་མཁན་དང༌། བོད་མི་རྒན་པ་ཚོར་སྐད་ཆ་དྲིས་ནས་སྦྱང་དགོས་པ་རེད། བོད་སྐད་ཀྱི་ཚིག་ཏག་ཏག་སྦྱངས་ནས་སྤྱི་ཚོགས་ནང་དུ་བཤད་རྒྱུའི་ཐབས་ཤེས་བྱེད་དགོས་པ་རེད། འབད་བརྩོན་བྱས་ན་ཁག་པོ་མ་རེད། དབྱིན་ཇིའི་མི་དེ་ཚོས་ནང་ཆོས་སྦྱང་རྒྱུའི་ཆེད་དུ་བོད་པའི་སྐད་ཡིག་སྦྱོང་གི་ཡོད་པ་རེད། བོད་སྐད་དེ་ལས་སླ་པོ་ཡིན་ཙང་ཁོང་ཚོས་སྦྱོང་གི་ཡོད་པ་རེད། བོད་ཡིག་ཚགས་པར་དང༌། དུས་དེབ་ཀློག་རྒྱུ་གལ་ཆེན་པོ་འདུག ལྡི་ལི་བོད་ཁྱིམ་དུ་བོད་པའི་སློབ་མ་མང་པོ་ཡོད་པ་རེད། སྤྱིར་བཏང་བོད་པའི་གསར་འགྱུར་དང༌། བོད་ཡིག་ལ་དོ་སྣང་བྱེད་ཀྱི་འདུག།









