བསྟན་འཛིན་སྒྲོལ་མ་ནི་སྦེལ་ཀོབ་བོད་ཁྱིམ་འཛིན་རིམ་དགུ་པར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང༌། ཁོང་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་བ་༥ པའི་ཚེས་༡༠ ཉིན་ཁམས་ཉག་ཆུ་རྫོང་མགོ་ལོག་ཞིང་པར་སྐྱེས་ཤིང་ཆུང་དུས་ནས་སློབ་ཆུང་འགྲིམས་པ་དང༌། ༢༠༠༡ ལོར་ཤེས་ཡོན་གྱི་གོ་སྐབས་ལེན་ཕྱིར་རྒྱ་གར་ལ་འབྱོར་བ་རེད། ཁོང་གིས་བརྗོད་དོན། ངས་དེ་རིང་རིགས་མཐུན་གྱི་སྤུན་ཟླ་ཚོར་ཤེས་ཡོན་ཧ་ཅང་གལ་ཆེ་བ་དང་སློབ་ཕྲུག་ཤིག་གིས་རྫས་ངན་བེད་སྤྱོད་བྱས་པ་དེ་ཐབས་སྡུག་ཡིན་པའི་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང༌།
སྤུན་ཟླ་ཚོ་ཤེས་ཡོན་གལ་ཆེན་པོ་ཡིན་པ་ལ་རྒྱུ་མཚན་མང་པོ་ཡོད་ཀྱང་ད་ཐེངས་ངས་རྒྱུ་མཚན་གཉིས་ཀྱི་ཐོག་ནས་ཕྱོགས་བསྡོམས་བྱེད་ཀྱི་ཡིན། རྒྱུ་མཚན་གཅིག་ལ་ཤེས་ཡོན་མེད་ན་མི་རིགས་དང་རྒྱལ་ཁབ། ཚོགས་པ་དང་ལུང་ཚན་གང་འདྲ་ཞིག་ཡིན་ནའང་དཀའ་ངལ་ལ་རྫོགས་མཐའ་མེད་པའི་ཐོག་ནས་ཆེས་མུན་ནག་དང་ཀླ་ཀློ་རེད། ཤེས་བྱ་ཡོན་ཏན་ཞིག་ཡོད་ན་མིག་ཕྱེ་བ་ལྟ་བུའི་སོ་སོ་གང་དུ་འགྲོ་བ་དང་གང་བྱེད་པ་དེ་ཧ་ལམ་རང་དབང་ལྟ་བུར་གྱུར་པ་རེད། གཉིས་ནི་ང་རང་ཚོ་རང་དབང་མེད་པའི་མི་རིགས་ཤིག་ཡིན་པའི་ཆ་ནས་འཆར་གཞི་ལྡན་པའི་ཐོག་རང་དབང་འཐབ་རྩོད་དགོས་ལ། དེ་ལྟར་ཡོང་བ་ལ་ཤེས་ཡོན་ལྡན་པ་ཞིག་མ་བྱས་ན་ཐབས་ལམ་མེད་པ་མ་ཟད་ལྷག་པར་དུ་འཛམ་གླིང་གི་མི་སྣ་ཆེ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་འཛམ་གླིང་གི་སྡིངས་ཆའི་ཐོག་ཏུ་བུད་ཏེ་བོད་དོན་སྐོར་གླེང་ཐུབ་པ་དགོས་རྒྱུར་གནད་འགག་ཆེན་པོ་རེད། དེ་ལ་ཡང་ཤེས་ཡོན་མེད་དུ་མི་རུང་བ་རེད། དམིགས་བསལ་གཅིག་ལ་དེང་དུས་ཀྱི་སློབ་ཕྲུག་མང་པོས་སློབ་སྦྱོང་ལས་ཁྲ་ཁྲ་ཟིང་ཟིང་ལ་དགའ་པོ་བྱེད་བཞིན་པ་དང་རེ་གཉིས་ཀྱིས་རྫས་ངན་བེད་སྤྱོད་བྱས་པར་གོ་རྒྱུ་འདུག དེ་ཚོ་དཔེ་མི་སྲིད་པའི་ཐབས་སྡུག་རེད། རིགས་མཐུན་སྤུན་ཟླ་ཚོ་ངའི་སེམས་ཁོངས་ཀྱི་རེ་བ་དང་བསམ་ཚུལ་ལ་སྣང་ཆུང་མེད་པར་ཉན་འཇོག་རེ་བྱེད་པར་ཞུ།།









