བོད་ཀྱི་བང་ཆེན། བསམ་ཚུལ། སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་ནང་པ།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་ནང་པ།

གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༢༦༤
རི་པ་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག་གིས་“ཁོང་སྤྱི་ཚོགས་ཞབས་འདེགས་སྒྲུབ་མཁན་གྱི་ནང་པ་ཞིག་ཡིན་”ཞེས་གསུང་གི་འདུག དོན་དངོས་ཐོག་ནས་ཀྱང་གནས་ཚུལ་རྒྱུས་ལོན་བྱས་ཡོང་དུས་དེ་ག་རང་ཆགས་འདུག གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དང། གདུང་སྲས་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ་མཆོག་གིས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱིས་གཙོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་ཡར་རྒྱས་ཆེད་བུ་ཕྲུག་རྣམས་ལ་སློབ་ཡོན་རོགས་རམ་གྱི་མཐུན་འགྱུར། སློབ་ཕྲུག་གི་སྡོད་ཁང་སོགས་དང་འབྲེལ་བའི་རོགས་རམ། འཐུང་ཆུ་གཙང་མའི་ལས་གཞི་དང། འདར་ཚད་(malaria)གཙོ་བོར་གྱུར་པའི་ནད་རིགས་སྔོན་འགོག་དང་སྨན་བཅོས་ཀྱི་རོགས་རམ། ཁོར་ཡུག་གཙང་བཟོའི་ལས་གཞི། ཚོགས་པ་སྐྱིད་སྡུག་ཁག་ལ་རོགས་རམ། ཉམ་ཐག་རིགས་ལ་འཚོ་སྣོན་རོགས་རམ། གྲོང་སྡེའི་ནང་འགྲོ་ལམ་ཉམས་གསོའི་རོགས་རམ་སོགས་སྤྱི་ཚོགས་ཞབས་འདེགས་ཁོ་ནའི་ཆེད་དུ་རོགས་དངུལ་འབུམ་༣༣༨ ལྷག་ཅིག་གནང་ཟིན་འདུག་པ་དང། ད་ལྟའི་ཆར་ཡང་གནང་བཞིན་པ་དང། སླད་ཀྱི་ཆར་ཡང་ལས་གཞི་དེ་མུ་མཐུད་རྒྱུན་སྐྱོང་གནང་རྒྱུའི་འཆར་གཞི་འདུག མི་མང་གི་ངོས་ནས་ཀྱང་དགའ་ཞེན་དང་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་འདུག་པས། དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་གྱི་ནང་པ་ཞིག་གནང་བ་ནི་གནད་ལ་འཁེལ་བའི་ཕྱག་ལས་རླབས་ཆེན་ཞིག་ཏུ་གྱུར་ཡོད་པ་དང། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་ཆོས་ཕྱོགས་ཀྱི་མི་སྣ་ཆེ་ཁག་གི་ནང་དུ་སྤྱི་ཚོགས་ཞབས་འདེགས་བསྒྲུབས་པའི་ཕྱག་ལས་གནང་མཁན་ཧ་ཅང་མང་དུ་འགྲོ་བཞིན་པ་མ་ཟད། བོད་ནང་དུའང་སྤྱི་ཚོགས་ཞབས་འདེགས་རླབས་ཆེ་སྒྲུབ་མཁན་གྱི་ཆོས་ཕྱོགས་མི་སྣ་གང་མང་ཞིག་ཐོན་བཞིན་ཡོད་པ་རེད། བོད་པའི་སྤྱི་ཚོགས་ལ་མཚོན་ནའང་ད་ལྟའི་ཆར་གཞིས་བྱེས་གཉིས་སུ་གྱེས་ནས་བསྡད་ཡོད་པ་དང། བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཉིད་སྐྱབས་བཅོལ་བའི་གནས་སྟངས་ཤིག་གི་འོག་ཏུ་ཡོད་ཀྱང། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་ཁུར་བཀའ་དྲིན་འོག མཐུན་འགྱུར་རོགས་རམ་གནང་མཁན་མང་པོ་ཡོད་པ་དང། དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ་ལྟ་བུ་ལ་མཚོན་ན་གཞིས་ཆགས་དཀའ་ངལ་ཆེ་ས་དང་ས་ཆ་ཁུག་ཀྱོག་ནང་སྤྱི་ཚོགས་ཞབས་ཞུ་བླ་མེད་འདི་ལྟ་བུ་གནང་བཞིན་པ་ནི་ཆེས་གུས་བཀུར་དང་མིག་དཔེར་འོས་པ་ཞིག་ཏུ་གྱུར་འདུག
ད་ལྟའི་ཆར་བོད་རིགས་མི་མང་གི་ངོས་ནས་ཀྱང་མཐུན་འགྱུར་རོགས་རམ་ཐོབ་བཞིན་པ་དེ་དག་ལ་བརྟེན་ནས་རང་ཉིད་ཀྱི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་པ་ཞིག་ཡོང་ཐབས་སུ་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད་ལ། དཀའ་ངལ་ཡོད་ཀྱང་དཀའ་ལས་རྒྱག་མི་ཐུབ་པའི་མི་རབས་ཤིག་ཏུ་འགྱུར་སྲིད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཉིད་གཞན་བརྟེན་གྱི་བསམ་བློ་ཁོ་ནའི་འོག་ནས་འཚོ་རྒྱུའི་གོམས་གཤིས་ངན་པ་ཞིག་རྒྱུད་ལ་འཇགས་སོང་ན། བོད་མི་རིགས་ཀྱི་མ་འོངས་པར་ཕུགས་རྒྱང་རིང་པོའི་འཆར་གཞི་བོད་རང་བཙན་ནམ། རང་སྲིད་རང་སྐྱོང་ལ་བརྟེན་ནས་གཞིས་བྱེས་མཉམ་འཛོམས་ཡོང་ཐབས། བོད་ཀྱི་ཆོས་དང་རིག་གནས་དར་རྒྱས་རྒྱུན་འཛིན་བྱེད་རྒྱུ་སོགས་ཀྱང་འཐུས་ཤོར་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འཕྲད་ངེས་སུ་གྱུར་ཡོད།  ང་ཚོའི་སྤྱི་ཚོགས་ནང་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུར་དང་འདོད་དང་དར་སོ་ཆེན་པོ་ཡོད་ཀྱང། ཕལ་མོ་ཆེས་མི་གཡོག་ཁོ་ན་ལས་གོང་དུ་བཀོད་པའི་ཕུགས་རྒྱང་རིང་པོའི་འཆར་གཞིའི་ཐོག་ལ་ནུས་པ་ག་ཚོད་ཅིག་འདོན་ཐུབ་མིན་རང་གིས་རང་ལ་འདྲི་དགོས་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་རོགས་རམ་དང་མཐུན་འགྱུར་རག་བཞིན་པའི་སྐབས་སུ་གོ་སྐབས་ཆུད་ཟོས་སུ་མ་བཏང་བར་ཤེས་ཡོན་དང་སྙིང་སྟོབས་ཅན་གྱི་མི་རབས་གསར་པ་ཞིག་དང། འཇོན་ཐང་དང་སྤོབས་པ་ཡོད་པའི་མི་རབས་གསར་པ་ཞིག ལྷག་པར་དུ་ལས་ཀ་གཙང་བཙོག་ག་རེ་ཡིན་ཡང་མི་རིགས་གཞན་པ་ཞིག་གིས་བྱེད་ཐུབ་པའི་ལས་ཀ་ཞིག་ཡིན་ཕྱིན་ཆད་ནས་བོད་པས་ཀྱང་བྱེད་ཐུབ་ན། གཞི་ནས་བོད་པའི་སྤྱི་ཚོགས་དེ་ཡར་རྒྱས་སུ་འགྲོ་ཐུབ་པ་ལྟ་བུར་གྱུར་ཡོད་པ་ལས། གཞན་དཀའ་ལས་ཆུང་ཆུང་ཞིག་ལས་རྒྱག་མི་ཕོད་པར་ཡོང་འབབ་མང་པོ་ཞིག་རག་འདོད་པ་དེ་འགྲུབ་དཀའ་བའི་རེ་བ་ཞིག་ཏུ་གྱུར་འདུག་བསམ།།
 

པར་རིས་གསར་པ།

50thdemocracyatsouth-1
བོད་གཞུང་མང་ཡོངས་ཀྱི་སྐུ་ཚབ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ།

གསར་བསྡུས་ཁག

༼གླ་ཡོད།༽

མོན་གྷོ་རུ་མང་གཙོའི་དུས་དྲན།

ཟླ་འདིའི་ཚེས་༢ ཉིན་བཙན་བྱོལ་བོད་གཞུང་གི་མང་གཙོའི་གཞུང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་༥༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང།


བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལམ་ལུགས་དེ་རྒྱ་གར་གྱི་གྲོས་ཚོགས་གོང་མས་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་གྲས་སུ་འཇོག་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་བཀའ་ཤག་གི་གསུང་བཤད།
མང་གཙོའི་དུས་དྲན་ཐེངས་༥༠ པའི་ཐོག་གི་སྤྱི་འཐུས་ཀྱི་གསུང་བཤད།


འཆར་གཞི་གཅིག་དང་མཇུག་འབྲས་གཉིས།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་པོ་དེ་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢༦ ནས་༣༡ བར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་གཞིས་ཆགས་སུ་འཚོགས་ཡོད་པ་དང་།


དགེ་ལུགས་སྤྱི་འཐུས་ངོས་སྦྱོར།

tongsartenzinpaldenའབྲས་སྤུངས་ཏྲེ་ཧོར་འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་མཆོག་ནི། ཕྱི་ལོ་ ༡༩༧༠ ལོར་འབྲུག་ཡུལ་དུ་ཡབ་ངག་དབང་དང༌། ཡུམ་ལྷ་དབང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༼གླ་ཡོད།༽


དྭངས་བླངས་སྤྱི་འཐུས།

lobsangchuthueབལ་ཡུལ་དུ་གནས་སྡོད་བློ་བཟང་དོན་གྲུབ་ལགས་ཀྱིས། ཁོང་སྤྱི་འཐུས་འོས་འདེམས་ནང་དྭངས་བླངས་ཀྱིས་ཞུགས་རྒྱུ་ཡིན་མི་མང་གིས་འོས་བླུགས་རོགས་ཞེས་ཁྱབ་བསྒྲགས་བྱུས་འདུག ༼གླ་ཡོད།༽

དཔར་རིས་གསར་འགྱུར།

  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow
  • An Image Slideshow