བོད་ཀྱི་བང་ཆེན། ཟིན་བྲིས་སྤེལ། tag: གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

Tag: གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།

2009.06.03 01:12:45

དྲ་གྲོགས་ཚོ། ངས་ཁྱེད་ཚོར་རྒྱ་གར་གྱི་ཡུལ་མི་རང་ལོ་67ལ་སོན་པ་ཞིག་གིས་འཛིན་རིམ་10་པའི་ཡིག་ཚད་ཐེངས་44་བཏང་ནས་ད་ལོ་ཡང་ཡིག་ཚད་འཁྱོལ་མེད་པའི་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་འབྲི་འདོད། ཁོང་གིས་2010ལོར་རང་ལོ་68་ལ་སོན་རུང་འཛིན་རིམ་བཅུ་པའི་ཡིག་ཚད་ད་ལོ་ལས་ལྷག་པ་གྲ་སྒྲིག་བྱས་ནས་ཡིག་ཚད་འཁྱོལ་ཐབས་བྱེད་རྒྱུ་ཡིན་པའི་སྐོར། ཟླ་འདིའི་ཚེས་2་ཀྱི་རྒྱ་གར་དུས་བབས་ཚགས་ཤོག་སྟེང་བརྗོད་འདུག་པས་པར་དང་བཅས་བཀོད་ཤག





2009.06.02 01:40:59

དྲ་གྲོགས་ཏྲེ་ཧོར་ཐུབ་བསྟན་ལགས་མཚམས་འདྲི་ཞུ། སྐུ་ཉིད་ཀྱི་བསམ་ཚུལ་ལས་འཕྲོས་ཏེ་ངས་འདི་ནས་སྤྱིར་རིག་ལམ་གྱི་སྐོར་ཏོག་ཙམ་སྤྲོས་ན་སྙམ། སྤྱིར་རིག་ལམ་ཞེས་བརྗོད་སྐབས་གཞུང་ལུགས་ཀུན་ལ་ཁྱབ་པའི་མིང་གཅིག་ཡིན་པས་དམིགས་སུ་བཀར་རྒྱུ་མེད།      དང་པོ་བོད་སྐད་ནང༌། ཚད་མ་རིག་པ། ནང་དོན་རིག་པ། བརྡ་སྤྲོད་རིག་པ། བྱུང་བ་རིག་པའམ་ཡང་ན་ལོ་རྒྱུས་རིག་པ། མི་ཆོས་རིག་པ། སྐད་ཡིག་རིག་པ། ས་ཁམས་རིག་པ། སྐར་རྩིས་རིག་པ་ཟེར་བ་སོགས།





2009.06.01 07:30:42

མེ་སྒྱོགས་ལགས། རིག་ལམ་ནང་ཆོས་མིན་པ་དེ་ཁ་ཐུག་བཤད་ཁག་པོ་རེད། ངས་འདི་ནས་བསྡུས་ཙམ་སྤྲོས་ན། སངས་རྒྱས་ཞལ་བཞུགས་པའི་སྐབས་ལ་ད་ལྟ་བཞིན་རྩོད་པའི་རྣམ་པ་ཐོག་ནས་འགྲོ་རྒྱུ་ཡོད་ས་མ་རེད། སྤྱིར་ཚད་མ་དེ་བཀའ་ཡིན་མིན་ལ་དོགས་པ་བྱེད་མཁན་མང་པོ་ཡོད། དུ་བ་ལས་ནི་མེ་ཤེས་ལྟར། ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། བྱང་ཆུབ་སེམས་པ་བློ་ལྡན་གྱིས། རིག་ནས་ཚད་མ་དག་ལས་ཤེས་གསུངས་ཡོད་པའི་རྒྱུ་མཚན་བྱས་ནས་བཀའི་ཁོངས་སུ་གཏོང་མཁན་རིགས་གཅིག་ཡོད།





2009.05.30 06:08:23

བཙན་བྱོལ་ནང་གི་སྦིར་སྒྲ་གསུམ། དྲ་གྲོགས་ཚོ་བཙན་བྱོལ་ནང་གི་སྦིར་སྒྲ་གསུམ་ཁྱེད་ཀྱི་ཨེ་ཤེས། ཉིས་སྟོང་དགུ་ལོའི་སྦིར་སྒྲ་གསུམ་ཡོད། སྦིར་སྒྲ་དང་པོ། ༸གོང་ས་མཆོག་གིས་བོད་ཁྱིམ་དུ་དགེ་རྒན་དང་ལས་བྱེད་ཚོ་དམིགས་སུ་བཀར་ནས་རིག་ལམ་སློབ་དགོས་པའི་བཀའ་ཕེབས་སྐབས། ཟླ་གྲངས་འགའི་རིང་རིག་ལམ་གྱི་སྦིར་སྒྲ་ཆེན་པོ་དེ་གྲགས་ནས། གཙུག་ལག་ཁང་དུ་མཚན་ཉིད་དང་མཚོན་བྱ་འགའ་ངག་ཐོག་བསྒྱུར་བཅུག་ཡོད་པའི་སློབ་ཕྲུག་འགའ་ལ།





2009.05.29 00:50:42
དྲ་གྲོགས་མེ་སྒྱོགས་ལགས། བོད་ཡིག་གི་སློབ་ཚན་ཚད་ལྡན་འཇོག་དགོས་པ་དེ་གལ་ཆེན་རེད་ལ། དབྱིན་ཡིག་ཀྱང་ཤེས་པ་ཙམ་མིན་པ་དུས་ལ་འཚམས་པའི་འགུལ་སྐྱོད་ཀྱི་ནུས་པ་ལྡན་པ་ཞིག་ཤེས་དགོས་པ་དེ་ངའི་བློ་ལ་མང་པོ་འཆར་མྱོང་བའི་སྟོང་བསམ་དང་རེ་སྨོན་ཞིག་ཡིན། ངས་ཁ་གསང་ན་ང་སྔོན་མ་བོད་ཁྱིམ་སུ་ཇཱ་སློབ་གྲྭར་མི་གསུམ་རིང་བོད་དགེའི་ལས་ཀ་བྱས་མྱོང་ཡོད་ལ། སྐབས་དེར་ངས་བྲིས་པའི་དཔེ་དེབ་གཅིག་གི་ཆེད་རྩོམ་ཞིག་ནང་སློབ་གསོ་ཁ་ཕྱོགས་འཚོལ་བ་དང་བོད་མི་རྣམས་ལ་དེབ་ཀློག་གི་གོམས་གཤིས་མེད་པའི་རྒྱུ་མཚན་གང་ཡིན་ཟེར་བ་གཉིས་ཀྱི་ནང། སྐད་ཡིག་གང་ཞིག་ཤེས་ཀྱང་ཡིག་རྨོངས་ཀྱི་དཀའ་ངལ་སེལ་ཐུབ་ཙམ་མིན་པ་རང་རྐྱ་འཕེར་བ་ཞིག་དགོས་སྐོར་རྙོག་གཏམ་མང་པོ་ཞིག་བྲིས་ཡོད། གཅིག་བྱས་ན་ཁྱེད་ཀྱིས་གཟིགས་ཡོད་ཤས་ཆེ་ལགས། ང་ཚོའི་སློབ་གྲྭ་ཁག་ནས་རིག་གཞུང་ལ་བློ་དཀར་གྱི་རྣམ་པ་བསྟན་ནས་མཐའ་མཇུག་རང་གི་གྱོང་རག་མི་སྲིད་པ་ཞིག་མིན་པས་ངེས་པར་དུ་སློབ་ཚན་སོགས་ལ་ཞིབ་དཔྱད་ལོས་དགོས། དཔེ་སྟོན་གྱི་སློབ་ཚན་ནང་ནང་ཆོས་ཀྱིས་བཅིང་ཡོད་ཟེར་བ་དེ་བདེན་མིན་གང་ཡིན་ཡང་། ཚད་མ་རིག་པ་དེ་གལ་ཆེ་དོན་ཆེན་བརྩིས་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། ངའི་ངོས་ནས་ཚད་མ་རིག་པ་ནང་ཆོས་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ལགས་དེ་ནི་རྒྱུ་མཚན་དང་གནས་ལུགས་ལ་ལྟ་བྱེད་ཀྱི་རྒྱང་ཤེལ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། དམག་མིའི་ལག་ཆ་ཚད་ལྡན་ཡིན་རུང་གང་ཟག་ལ་དམག་རྩལ་མེད་ན་ལག་ཆས་རང་འགུལ་བྱེད་མི་སྲིད་པས། སློབ་ཚན་འཁྲིད་འཆད་བྱེད་རྒྱུར་ངེས་པར་དུ་ཡིད་གཟབ་དགོས་པ་དེ་གནད་འགག་ཡིན། དེ་མིན་སྤྱི་ཚོགས་ཚན་རིག་དང་ཚན་རིག་། ས་ཞིབ་རིག་པ་སྐྱེས་དངོས་རིག་པ་སོགས་བོད་སྐད་ནང་སྐྱེ་བ་ལེན་རྒྱུ་ཡིན་ལ་དབྱིན་ཡིག་ནང་གང་ཡོད་པ་དེ་གཙོ་བོར་རྒྱུགས་སྤྲོད་ལ་དམིགས་ནས་འཆད་ཉན་བྱེད་བཞིན་ཡོད། མ་འོང་པའི་དཔེ་སྟོན་གྱི་དབྱིན་ཡིག་སློབ་ཚན་ཐད་ལ་ད་ལྟའི་བར་འཆར་གཞི་དངོས་གསལ་ཅན་ཞིག་མཐོང་མྱོང་མེད། གཅིག་བྱེད་ན་བོད་ཀྱི་དངོས་ཡོད་དང་འབྲེལ་བའི་མི་སྣ་ཁག་གི་ལོ་རྒྱུས་དང་གསར་འགོད་རིག་པ། རྒྱལ་གཅེས་སློབ་གསོ་སོགས་དབྱིན་ཡིག་ཐོག་མཁོ་བསྒྲུབ་བྱས་ཐུབ་ན་ཡག་པོ་ཡོད་རྒྱུ་རེད་སྙམ་ལགས། ང་ཚོ་ལ་ཡོད་པ་ནི་ལོ་རྒྱུས་དང་བརྡ་སྤྲོད་སྙན་ངག་རྩོམ་རིག་སོགས་ཡིན། དེའི་ཐོག་ནས་ངེས་པར་དུ་དགོས་པ་ནི་ད་ལྟའི་དུས་ལ་དགོས་པའི་སློབ་གསོ་དེ་ཡིན། དེ་ནི་ཉེ་དུས་1911་ནས་རྒྱ་བོད་འཁྲུགས་ནས་དེ་རིང་གི་བར་འཛམ་གླིང་གི་འགྱུར་ལྡོག་དང་བོད་པའི་འགྱུར་ལྡོག་་ སྲོལ་རྒྱུན་གྱི་བསམ་བློ་དང་དེང་རབས་ཀྱི་བསམ་བློ། མི་རིག་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ སོགས་ཀྱི་བསློ་གསོ་དགོས་པ་དེ་ཡིན། ངས་རྟག་ཏུ་བསམ་པ་ནི་ཕུན་དབང་གི་ལོ་རྒྱུས་དང་བཙན་རྒོལ་རྒྱལ་སྐྱོབས་སྟག་ལྷའི་མི་ཚེའི་བྱུང་བ་བརྗོད་པ་བོད་མི་དམངས་འཆིང་བྱེད་ཀྱི་ལྩགས་སྒྲོག་སོགས་དེང་དུས་ཀྱི་སློབ་མར་དགོས་པའི་སློབ་ཚན་ངེས་ཅན་ཞིག་ཡིན། ངེས་པར་དུ་དབྱིན་ཡིག་ཤེས་མི་དགོས་ལ་ཤེས་ན་རབ་ཡིན། འཛམ་གླིང་ནང་མགོ་འགྱིང་འགྱིང་བྱེད་ནས་འགྲོ་བར་རང་གི་ཕ་སྐད་ནི་སྔོན་འགྲོའི་ཆ་རྐྱེད་དང་པོ་དེ་ཡིན་སྙམ། དཔེ་སྟོན་གྱི་སློབ་ཚན་ལ་རྒྱུས་མངའ་མེད། དེ་མིན་བོད་པའི་སློབ་གྲྭ་ཁག་གི་སློབ་གསོ་དང་སློབ་ཚན་སྐྱོ་པོ་ཡོད། དམིགས་བསལ་གྱི་ལོ་རྒྱུས་སློབ་ཚན་དེ་ལས་ཀྱང་སྐྱོ་པོ་ཡིན། སྲོང་བཙན་གྱིས་མནའ་མ་ལེན་རབས་དང་གླང་དར་ལ་ར་ཅོ་ཡོད་རབས། ས་སྐྱ་ལེགས་བཤད་ཀྱི་སྒྲུང་ཐུང་འགའ་ངག་སྐྱོར་བྱེད་ཀྱི་ཡོད། རྒྱ་བོད་གཉིས་ཀྱི་རྩོད་རྙོག་ཤེས་མཁན་དགེ་རྒན་དཀོན་པོ་ཡིན་ལ་བཤད་མཁན་ནི་དེ་བས་ཀྱང་དཀོན་པོ་ཡིན། ལོ་གཞོན་ལ་ཁོང་ཁྲོ་དང་འགན་ཁུར་བླངས་ཐུབ་པའི་སློབ་ཚན་ཤིནཏུ་དཀོན་པོ་ཡིན།



2009.05.27 01:23:18

མེ་སྒྱོགསལགས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི་ཟེར་བ་ཡི་ཤུའི་ཆོས་ཚིག་མིན། འདི་ནང་པས་ཐེག་ཆེན་གསོ་སྦྱོང་སོགས་ལེན་སྐབས་བླ་མའི་རྩར་ཁས་ལེན་བྱེད་སྐབས་འདོན་དགོས། གཅིག་བྱེད་ནས་ཡི་ཤུས་ཆོས་ཚིག་ཐོག་ནས་བེད་སྤྱོད་གཏོང་སྲོལ་ཡོད་རྒྱུ་རེད། ཡི་ཤུ་བླ་མས་ངའི་ཁ་ལ་ཉན་ན་ལྷ་ཡུལ་སྐྱེས་ཀྱི་རེད་ཁ་ལ་མ་ཉན་ན་དམྱལ་བ་འགྲོ་ཡི་ཟེར་གྱི་ཡོད་རེད། དེ་ནི། གཙོ་བོ་ཇི་ལྟར་བཀའ་བསྩལ་པ།དེ་དག་ཐམས་ཅད་ཁྱེད་ཀྱིས་བྱོས་ཟེར་ནས་མར་བཀའ་མངགས་བཏང་པ་ལས་ཡར་སློབ་མས་ཁས་ལེན་བྱས་པ་ཞིག་མ་རེད།





2009.05.26 23:52:12

དྲ་གྲོགས་མེ་སྒྱོགས་ཀྱི་རྩོམ་ཡིག་གཙོས་མང་པོ་ཞིག་ཉིན་འགའི་སྔོན་དུ་བཀླགས་པས་ཇི་བཞིན་བློ་ལ་མ་ངེས། ངས་དེ་དང་འབྲེལ་ཡོད་ཀྱི་གཏམ་འགའ་གླེང་ན་སྙམ། སློབ་དཔོན་ཆེ་པོ་ཟམ་གདོང་རིན་པོ་ཆེས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་ཇུས་འདིས་མ་འོང་པར་ང་ཚོ་འཛམ་གླིང་གི་ཁྲོད་མགོ་འགྱིང་འགྱིང་བྱེད་ནས་འགྲོ་རྒྱུའི་གོ་སྐབས་ཤིག་སྤྲོད་རྒྱུར་རེ་བ་ཆེན་པོ་ཡོད། རང་གི་སྐད་ཡིག་དེ་ཆུང་བྱིས་པའི་དུས་ནས་བློ་ངོར་བག་ཆགས་གཏིང་ཟབ་པོ་ཞིག་འཇོག་ཐུབ་ན། ཕྲུ་གུས་རང་གི་ཕ་སྐད་ཀྱི་རིན་ཐང་མཐོང་ངེས་ཡིན་ལ་སྐད་ཡིག་གཉིས་པ་དེའང་སྦྱོང་བདེ་པོར་ཆགས་རྒྱུ་ཡིན། དེ་མིན་སྔོན་འགྲོའི་འཛིན་གྲྭའམ་བྱིས་བཅོལ་ཁང་ནས་ ABC དང་ཀ་ཁ་ག་ང་གཉིས་ཀྱི་རིན་ཐང་གཅིག་ལ་བརྩི་ནས་འཚར་ལོངས་བྱུང་སྐབས། ཁོར་ཡུག་དང་མཐོ་རིམ་སློབ་གྲྭའི་བརྒྱུད་ལམ་གྱི་ཁྲོད་ནས་ཀ་ཁ་ག་ངའི་སྐུ་ཚེ་རིང་པོར་གཏན་གྱི་མེད་ལ་ABC རྐང་ཆག་མ་དེས་བོད་པའི་གཞོན་སྐྱེས་མང་པོ་ཞིག་གི་བསམ་བློ་དབང་བསྒྱུར་བྱེད་ཀྱི་ཡོིད། འཛམ་གླིང་སྐད་ཡིག་རིག་པ་ལ་མཁས་པ་ཚོས་ཕྲུ་གུ་རང་ལོ་15་ཙམ་ལ་མ་སོན་བར་སྐད་ཡིག་གཅིག་ཁོ་ནས་འགྲོ་དགོས་པ་དང་དེ་ནས་སྐད་ཡིག་དེའི་བརྒྱུད་ལམ་གྱི་རིག་པའི་ཁ་ཕྱོགས་གཞན་གྱི་སྐད་ཡིག་སྟེང་བསྒྱུར་སྐབས་ཧ་ཅང་སྟབས་བདེ་ཡིན་པ་བརྗོད་བཞིན་ཡོད། ང་ཚོས་ཉམས་མྱོང་གི་ཐོག་ནས་བལྟས་ནའང་ཕྱི་རྒྱལ་བས་བོད་སྐད་སྦྱོང་སྐབས་ཧ་ཅང་མགྱོགས་པོ་ཡིན་པ་དང་རྒྱ་ཡིག་ཡག་པོ་ཤེས་མཁན་གྱི་དབྱིན་ཡིག་སྦྱོང་སྐབས་མགྱོགས་པོ་ཡིན་པ་དེ་སྐད་ཡིག་གཞན་གྱི་འགྲོ་ལུགས་ཡག་པོ་ཤེས་ཀྱི་ཡོད་པའི་བཀའ་དྲིན་ཡིན། བོད་པའི་གཞིས་རིམ་སློབ་གྲྭ་དང་བོད་ཁྱིམ་སློབ་གྲྭ་གཉིས་བོད་ཡིག་གི་ཤེས་ཚད་འདྲ་ཡི་མེད་ལ། དཔེ་སྟོན་སློབ་གྲྭ་དང་བོད་ཁྱིམ་གཉིས་ཀྱི་བོད་ཡིག་གི་ཤེས་ཚད་དང་ཕྲུ་གུ་བསམ་བློ་གཏོང་སྟངས་འདྲ་ཡི་མི་འདུག་ང་ཚོ་མ་ཤི་ཚེ་རིང་བྱུང་ན་མ་འོངས་པའི་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་མའམ་ཤེས་ཡོན་སྲིད་ཇུས་གསར་པའི་འོག་ནས་འཚར་ལོངས་བྱུང་བའི་སློབ་མའི་འཇོན་ཐང་ཞིག་མཐོང་རྒྱུ་བྱུང་ན། ད་གཟོད་མཁས་དབང་ཟམ་གདོང་གིས་འཆར་འགོད་མཛད་པའི་ཤེས་ཡོན་སྲིད་ཇུས་ཀྱི་རིན་ཐང་མཐོང་ཐུབ་པའི་རེ་བ་ཡོད།





2009.05.24 22:20:19
ང་ལ་བར་དོའི་གདོན་འདྲེ་ཞེས་འབོད་པའི་དྲ་གྲོགས་ལ་འཚམ་འདྲི་ཞུ། ངས་མེ་སྒྱོགས་རྒྱ་མཚོས་བཤད་པའི་སྐད་ཆ་ཡག་པོ་འདུག་ཟེར་བ་ཚང་མ་བདེན་པ་ཡིན་ཞེས་པའི་དོན་མིན་ལགས། ཡིན་ཡང་གང་ཟག་ལ་མ་ལྟོས་ཆོས་ལ་ལྟོས་ཟེར་བ་བཞིན་ཟམ་གདོང་རིན་པོ་ཆེ་མཁས་དབང་དང་བཀའ་ཁྲི་རེད་ཟེར་ནས་གསུང་ཚོད་བདེན་པ་འཛིན་དགོས་དོན་མེད་ལགས། སངས་རྒྱས་ཀྱི་བཀའ་ཡིན་ཀྱང་གསུང་ཚད་བདེན་པ་འཛིན་མི་རུང་བར་དཔྱད་པ་བཏང་དགོས་པའི་བཀའ་སློབ་མང་པོ་ཕེབས་ཡོད། གཞུང་དང་གཞུང་གི་དཔོན་རིགས་ཚོར་བསམ་ཚུལ་འདོན་པ་དེ་ཆིག་སྒྲིལ་ལ་མི་དགའ་བ་དང་སྟོབས་ཤུགས་ལ་མི་དགའ་མཁན་ཡིན་ཞེས་བརྗོད་མི་ཐུབ། དེ་ཡིན་ན་ཨ་རིའི་སྤྱི་མཐུན་ཚོགས་པ་དང་རྒྱ་གར་གྱི་མི་མང་ཚོགས་པ་ཐེ་ཝན་གྱི་རང་བཙན་ཚོགས་པ་སོགས་ཆིག་སྒྲིལ་དང་སྟོབས་ཤུགས་ལ་མི་དགའ་མཁན་ཡིན་པ་འགྱུར་བའི་ཐལ་བ་ཡོད། དམིགས་བསལ་གྱི་གཞུང་དང་གཞུང་གི་དབུ་འཁྲིད་ཚོར་སྐད་ཆ་བཤད་དགོས་པའི་རིགས་རྣམས་མི་དམངས་ཀྱིས་ཁ་སང་ནས་བཤད་དགོས་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་ལ་དམངས་གཙོའི་ལམ་ལུགས་འོག་ཏུ་འཚོ་བའི་དམངས་ཀྱི་ཐོབ་ཐང་ཆེ་ཤོས་ཅིག་ཀྱང་ཡིན་སྙམ་ལགས། ཁ་སང་ན་གོ་བདེ་ནམ་ལངས་ན་འགྲོ་བདེ་ཟེར་བ་བཞིན་དེ་ནས་དཔོན་འབངས་གཉིས་ལ་ཡིན་མིན་དཔྱད་པ་བྱ་སའི་སྡིང་ཆ་ཞིག་ཡོང་ངེས་ཡིན་པ་ལས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། དེ་དག་ཐམས་བཅད་བདག་གིས་བགྱི་ཟེར་ན་ཆབ་སྲིད་དང་དཔལ་འབྱོར་གྱི་ཐད་ལ་ཁུངས་འཁྱོལ་ཐབས་ཡེ་ནས་མེད།། དོན་དངོས་ཐོག་ང་ཚོ་གནས་ས་འཇིག་རྟེན་མི་ཡུལ་ཡིན་པ་སོང་ཙང་ངེས་པར་དུ་མིའི་བྱེད་ལས་ལ་བསྟུན་དགོས་པ་དང༌། དཔོན་གྱིས་འབངས་ཀྱི་བསམ་ཚུལ་ཤེས་དགོས་པ་དང་དམངས་ལ་བསྟུན་དགོས་པ་དེ་ཧ་ཅང་གལ་ཆེ་ཡིན་སྙམ། ༸གོང་ས་མཆོག་གི་གསུང་ནང་ཕོད་པ་རྣམ་གསུམ་གྱི་བསམ་བློ་འཛིན་མཁན་དགོས་ཀྱི་འདུག་ཟེར་ནས་ཡང་ཡང་ཡོང་གི་འདུག་ལ། ཟླ་བ་ནོར་བུ་ལྟ་བུ་ང་ཚོ་བོད་མི་མང་པོ་དགོས་ཀྱི་འདུག་ཅེས་ཀྱང་གསུངས་མྱོང་ཡོད།




2009.05.22 05:22:32

དྲ་གྲོགས་ཚོ།

ང་དེ་རིང་དྲ་ཐོག་འདིར་གསར་ཞུགས་བྱས་ནས་གང་ཐུབ་ཐུབ་དོན་ཕན་ལྡན་པའི་བསམ་ཚུལ་བརྗེ་རེས་བྱེད་ན་བསམ་བྱུང༌།

ངེས་པར་དུ་དུས་ལ་འཚམས་པའི་སྐད་ཆ་བཤད་ནས་མདུན་སྐྱོད་བྱས་དགོས་པ་ལས། བར་དོའི་སྐད་ཆ་བཤད་རྒྱུ་མང་དྲགས་ན་དངོས་ཡོད་ཀྱི་སྐད་ཆ་འགའ་བཤད་བསམ་ཡང་སྤོབས་པ་སྐྱེས་མི་ཐུབ་པ་ཆགས་རྒྱུ་ཡིན། ང་དྲ་ཐོག་འདིར་མ་ཞུགས་པའི་སྔོན་དུ་ཉིན་རྟག་པར་ཟིན་བྲིས་རྣམས་ཀློག་གི་ཡོད། ཡིན་ནའང༌། དེ་ཙམ་བགྲོ་གླེང་ལྷུག་པོ་དང་ཉིན་ལྟར་ཟིན་བྲིས་ལ་མ་བལྟས་ན་གང་ཞིག་ཆད་ལྷག་ཤོར་བ་ལྟ་བུ་ཚོར་སྣང་སྟེར་མཁན་གྱི་བགྲོ་གླེང་བ་ཁྱོན་ནས་མཐོང་མ་བྱུང༌། ཉིན་གསུམ་གྱི་སྔོན་དུ་མེ་སྒྱོགས་རྒྱ་མཚོ་ཞུ་བ་ཞིག་གིས་ཟམ་གདོང་གི་གསུང་བཤད་འགའ་ལ་སྐྱོན་བརྗོད་དང་བྱ་ཚིག་གསུམ་ལ་བྱ་ཚིག་གཅིག་གིས་གོ་ཆོད་ཐུབ་པའི་བསམ་ཚུལ་སོགས་བགྲོ་གླེང་གི་སྐད་ཆ་ཡག་པོ་འགའ་བྲིས་འདུག་པས་དངོས་གནས་ཡག་པོ་ཞེ་དྲག་འདུག འདིས་རྐྱེན་བྱས་ཏེ་ང་དེ་རིང་དངོས་སུ་དྲ་ཐོག་འདིར་ཞུགས་པ་ཡིན།





2009.05.21 03:35:18

གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་།





2008.08.29 00:14:17

བོད་ནི་ཆོས་རིགས་ས་གནས་བཅས་པ་གཅིག་གྱུར་གྱི་མི་རིགས་ཤིག་ཡིན།