The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

Tenpa Nyima


2009.07.22 00:20:54

ཆབ་མདོ་གྲོང་ཁྱེར་གྱི་ལྟེ་གནས་ཁྲོམ་ཆེན་གཞུང་དུ་བོད་རང་བཙན་གྱི་སྐད་འབོད།

ཉེ་ཆར་བོད་ནས་ཁ་པར་ཐོག་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཕྱི་ལོ་ ༢༠༠༩ ཟླ་ ཚེས་ ༡༧ ཉིན་གུང་ཆུ་ཚོད་དང་པོའི་སྐོར་ལ་བོད་མི་ཕྱུ་པ་གོན་མཁན་ཞིག་ནས། བོད་རང་བཙན་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཡོད་པ་དང། དེ་མཚམས་ཁོ་རང་གིས་ཨམ་ཕྲག་ནས་བོད་རང་བཙན་དང་འབྲེལ་བའི་ཡིག་ཆ་རྣམས་གཏོར་སོང་། དེ་སྐབས་མི་མང་པོ་ཞིག་རུག་རུག་བྱེད་བཞིན་པ་དང་ཉེན་རྟོག་པའི་མོ་ཊ་མང་པོ་ཞིག་སླེབས་སོང་། དེ་རྗེས་ག་རེ་བྱས་མིན་ཧ་གོ་མ་སོང་ཞེས་འབྲེལ་ཡོད་མི་སྣ་དེས་གསུངས་ཀྱི་འདུག


བྱང་བུ།: Portable



2009.07.17 06:05:54

དེ་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ༡༠༡༡།༡༠༦༤བས་མཛད་པའི་ཇོ་བོའི་བསྟོད་པ་བརྒྱད་ཅུ་པ་ལས། ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང༌༎ ཞེས་འབྱུང་ཞིང༌། དེའི་དོན་བཤད་པ་ན། ད་ཕན་ལམ་རིམ་འཆད་མཁན་རེ་རེས་འགྲེལ་བཤད་མ་འདྲ་བ་རེ་རྒྱག་པ་ལས་གཅིག་མཐུན་ཞིག་བྱུང་མེད།


བྱང་བུ།:



2009.06.06 01:23:40

ཉེ་ཆར་ཆབ་སྲིད་བརྩོན་ཟུར་ཁག་ཅིག་སུ་སིར་འཁྲབ་སྟོན་ལ་ཕྱིན་ནས་གྲོས་བྱོལ་སོང་སྐོར་ཡག་སྡུག་གི་སྐད་ཆ་མང་དག་ཅིག་བྱེས་འབྱོར་བོད་ཀྱི་སྤྱི་ཚོགས་ཙམ་མ་ཟད། ཐ་ན་ཨེ་ཤིའི་ཡའི་གློག་འཕྲིན་རྒྱང་སྲིང་ཡན་ཆད་ནས་ཁ་བརྡུངས་མང་དག་ཅིག་བཏང་སོང། གྲོས་བྱོལ་བ་དེ་ཚོ་ལ་ཆབ་སྲིད་བཙོན་ཟུར་ཡིན་འདོག་བྱེད་མཁན་ཁག་ཅིག་གིས་སུ་སིར་གནས་སྡོད་བོད་མི་ཡོད་དོ་ཅོག་ལ་འཁང་ར་དང་དམའ་འབེབས་བྱེད་པ་དང༌། ཁག་ཅིག་གིས་ཀྱང་རྒྱབ་སྐྱོར་ཡིན་འདོག་བྱས་ནས་དོན་དངོས་པོའི་ཐོག་ལ་གནས་ལུགས་དང༌། རྒྱུ་མཚན་ཟུར་ཙམ་ཡང་མཐོང་མི་འདུག་ན་བོད་ཀྱི་ཁ་དཔེ་ལྟར་རི་བོང་ཅལ་འདྲོགས་མ་བྱས་ན་བཟང་གི་རེད་བསམ་གྱི་འདུག


བྱང་བུ།:



2009.03.08 00:34:37

 

 

ས་རཱའི་སློབ་མ་ཞིག་གིས་བརྗོད་གསལ་ལྟར་ན་བརྡ་སྤྲོད་དགེ་རྒན་འཛིན་ཁང་སྒོ་ཁ་ནས་ཚུར་མཐོང་ཚུར་ཡོང་དུས་སློབ་མ་ཚང་མའི་གདོང་གི་འཛུམ་མདངས་ཡལ་ཞིང༌སེམས་ལ་སུན་སྣང་གི་རྣམ་པས་ཁེངས་ནས་མགོ་བོ་སྒུར་སྒུར་བྱེད་དེ་ཆུ་ཚོད་གཅིག་གི་རིང་ལ་དུས་ཚོད་འགྲོ་མ་ཐུབ་པའི་སྡུག་བསྔལ་ལྕི་མོ་ཞིག་གིས་མནན་ནས་ཏིང་ཏིང་གི་སྒྲ་ལ་སྒུག་ནས་བསྡད་ཡོད།

བརྡ་སྤྲོན་རྒན་འཛིན་ཁང་སྒོ་ནས་ཕར་འགྲོ་ཚར་རྗེས་སློབ་མ་ཚོས་ཆུ་ཚོད་གཅིག་གི་སྡུག་ཡུས་ཀྱི་དབུགས་རིང་དེ་ཕྱི་ལ་བཏང་ནས་ཁོ་ལ་འཕྱ་སྨོད་དང༌། འཁང་རས་འཛིན་ཁང་ཁེངས་ནས་བསྡད་ཡོད་ཅེས་བཤད་སོང༌། ད་དུང་སློབ་མ་ཚོས་སེམས་ཁམས་ལ་སི་ཏུ་འགྲེལ་ཆེན་ནི་ནམ་ཡང་ཤེས་མི་ཐུབ་པའི་གླེགས་བམ་མཁྲེགས་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་སི་ཏུ་འགྲེལ་ཆེན་ཞེས་པའི་དེབ་དེ་མིག་གིས་མཐོང་དུས་ཁོང་ཚོས་ལྟ་འདོད་མེད་པ་དང༌། ཉོབ་སྣང་སྐྱེ་གི་ཡོད་ཅེས་བཤད་སོང༌།

 


བྱང་བུ།:



2009.01.22 01:39:58

མི་རིགས་གཅིག་གི་ཚེ་སྲོག་ལ་ཐུག་པའི་ཤེས་ཡོན་དང་འབྲེལ་བའི་སྐོར་ཅུང་གླེང་ན། ས་རཱ་སློབ་གྲྭ་ནི་བཙན་བྱོལ་བོད་གཞུང་གི་མཐོ་རིམ་སློབ་གྲྭ་གཅིག་པུ་དེ་ཡིན་པ་དང༌། སྔོན་མ་དེའི་ནང་ནས་སློབ་མ་རྩེ་ཕུད་དེ་འདྲ་མང་པོ་ཐོན་ཡོད་པ་མ་ཚད་སློབ་མ་ཁྱོན་ཡོངས་ཀྱི་བོད་ཡིག་གི་ཆུ་ཚད་ཀྱང་གང་ལ་གང་འཚམས་དེ་འདྲ་ཡོད་འདུག ཉེ་བའི་ཆར་འདིར་མི་མང་པོ་ཞིག་གིས་སེམས་འཚབ་སྐྱེ་བཞིན་པ་ནི་སློབ་མའི་བོད་ཡིག་གི་ཆུ་ཚད་སྐྱོ་རུ་ཕྱིན་པ་དང༌།


བྱང་བུ།: