The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

9816387411


2011.12.31 11:36:41

འདི་ལོར་རྡོ་རྗེ་གདན་དུ་ཕེབས་མཁན་སྤུན་ཟླ་རྣམས་ཀྱིས་རྒྱ་འོག་ཏུ་གོ་རིམ་སྣ་མང་བརྒྱུད་ཕྱི་སྤྱོད་ལག་འཁྱེར་རག་ཐབས་དང།དེའི་སྐོར་གྱི་ཉེན་ཁ་སྣ་ཚོགས་ལ་མ་འཛེམས་པར་ལམ་བར་གྱི་དཀའ་ངལ་ལ་བཟོད་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེའི་དུས་དབང་ལ་བཅར་བཞིན་པའི་བློ་སྟོབས་ལ་བསམ་དུས་རིགས་མཐུན་ཚོར་གློ་བ་ཇེ་ཉེར་འགྲོ་བཞིན་འདུགསྒེར་ངོས་ནས་ཁོང་རྣམ་ལ་ཆེ་ས་ནས་ཕན་ཐབས་གང་ཡང་མེད་པར་བདེན་ཡང་སྐྱ་སེར་ཕོ་མོ་སུ་འདྲ་ཞིག་དང་གདོང་ཐུག་ཚེ་ཁ་ནས་བཀྲ་ཤིས་བདེ་ལེགས་ཅེས་སེམས་ཀྱི་འཚམས་འདྲི་རེ་དབང་མེད་དུ་ཤོར་འགྲི་ཡི་འདུག




2011.10.28 03:53:21

བོད་ནང་ལུས་སེམས་གཉིས་ཀྱི་དཀའ་སྡུག་ལ་མ་བཟོད་པར་ཕྱི་ལོ་ ༢༠༠༣  ཟླ་ ༨  ཚེས་ ༡  ཉིན་ཕྲུ་གུ་བརྒྱད་ཚུད་པའི་ལམ་རོགས་༢༥  དང་མཉམ་དུ་ལམ་འཁྲིད་ལ་གླ་ཆ་སྦྱིན་པའི་ཐོག་ཡུལ་གྱར་སྤུན་ཟླ་སྤྱི་མཚུངས་ལྟར་གྲང་ངར་དང་ལྟོགས་སྐོམ་བཅས་ཀྱི་དཀའ་སྡུག་མྱང་ཞིང།  དེའི་རིང་ཡང་ལམ་འཁྲིད་ཀྱིས་ལོག་ལམ་དུ་འདྲེན་བའི་དཀའ་ངལ་ཡང་མྱོང་བའི་ཐོག་ནས་མཐར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར།





2011.09.06 03:50:26

images/idoblog/upload/9816387411/preview/small_xi_jinping_voa_177px.jpg

དམར་ གཞུང་དབུས་ཆབ་སྲིད་རྒྱུན་ལས་དང་དབུས་འགོ་འཛིན་ལས་ཁུང་གི་འགོ་གཙོ།ཀྲུང་ཧྰ་ མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་གཞོན་པ། དབུས་དམར་གཞུང་དམག་དོན་ ལྷན་ཁང་གི་འགན་འཛིན་གཞོན་པ། ཀྲུང་ཧྰ་མི་མང་སྤྱི་འཐུས་རྒྱལ་ཁབ་དབུས་དམག་ དོན་ལྷན་ཁང་གི་གཙོ་འཛིན་གཞན་པ།དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་སྤྱི་ བཅས་ཀྱི་གོ་གནས་ཡོད།




2011.09.03 11:44:30

སྔོན་གླེང།

ཉེ་དུས་བསྟན་འཛིན་སྒང་གཞིས་ཆགས་ནང་བུད་མེད་རིག་འཛིན་ལ་ལོག་གཡེམ་གྱི་ནག་ཉེས་ཟེར་བའི་ཐོག་ནས་སྐྲ་བཅད་པ་དང་སྣ་ལ་རྨས་སྐྱོན་བཟོས་རྗེས། དམར་ཧྲེང་དུ་ཁྲོམ་བསྐོར་ལ་བཙན་འཁྲིད་བྱས་པའི་གནད་དོན་བྱུང་ཡོད་པ་འདི་བཙན་བྱོལ་དུ་བུད་མེད་ལ་བཙན་ཤེད་ཀྱི་གནད་དོན་ཐོག་མ་མིན་ཞིང། དེ་སྔོན་ཡང་གསར་འབྱོར་བཙུན་མ་ཞིག་ས་གནས་རྒྱ་གར་ཕོ་གསར་གྱིས་བཙན་གཡེམ་བྱས་ནས་སྡོམ་པ་ཤོར་བ་དང།བུད་མེད་ཅིག་ཡུལ་མི་སྐྱེས་པ་མང་པོས་བཙན་གཡེམ་བྱས་རྗེས་སེམས་ཀྱི་སྐྱོ་ངལ་མ་བཟོད་པར་རང་ཤི་རྒྱག་པའི་སྐོར་སོགས་གོ་མྱོང་བ་མ་ཟད།





2011.08.11 07:14:39

བཀའ་ཤག་གསར་པས་སྲིད་གཞུང་གི་དབང་འཛིན་པའི་ལས་སུ་བཞུགས་རྒྱུ་དང། ༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་དབང་ཆའི་ཐོག་ནས་ཆ་ཚང་ཕྱི་འཐེན་གནང་ཚར་ཞིང།དེ་མིན་གྱི་དམངས་གཙོའི་འགྲོ་ལུགས་སྣ་ཚོགས་འདི་ནས་འགོ་བརྩམས་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོའི་ལམ་ལུགས་དེ་མཚམས་འདི་ནས་མཇུག་བསྡུས་པ་དང་སྒོ་བརྒྱབ་པ་རེད། ད་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡོད་པ་མ་རེད།





2011.07.23 05:09:20

བོད་རང་བཙན་འགོག་ཐབས་མེད་པའི་རྒྱུ་རྐྱེན་ཁག་བཅུ་གཉིས།

༢༠༡༡ལོའི་ཟླ་༧ཚེས་༢༠ཉིན་སྤེལ།

རྩོམ་པ་པོ་ཝང་ཕྲིང།ཨ་རིར་སྨན་པའི་ལས་ཀ་བྱེད་བཞིན་ཡོད།

བོད་རང་བཙན་འགོག་ཐབས་མེད་པའི་རྒྱུ་རྐྱེན་ཁག་བཅུ་གཉིས་གཤམ་གསལ།

དང་པོ།ཨུ་ཐུག་ཐབས་ཟད།

རྒྱ་ནག་དམར་ཤོག་གིས་ལག་བསྟར་བྱེད་པའི་བཀས་བཀོད་ལམ་ལུགས་དེ་ནི་དོན་དངོས་ཐོག་རྒྱ་ནག་གི་ལོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དེ་མུ་མཐུད་བཞིན་པའི་གནས་སྟངས་ཤིག་རེད།





2011.07.16 11:17:54

images/idoblog/upload/9816387411/preview/small_6885449_002830011550_2_600px.jpg

དེང་ སང་རྡ་ས་ནས་བུ་མོ་འགས་བོད་རིགས་ཕོ་གསར་ཟ་ལེ་རྒྱལ་ཚོས་བོད་ཀྱི་ བུ་མོ་ཚོར་མགོ་བསྐོར་གཏོང་གང་ཐུབ་བྱེད་ཀྱི་འདུག་ཟེར་ལ་། ད་དུང་ལ་ལས་དེ་ནི་ ཟ་ལེ་རྒྱལ་ཚོས་ངན་སྤྱོད་བརྩིས་ནས་དེ་དག་གི་སྐྱོན་ཆ་ཁོ་ནར་ཡིན་ལུགས་བཤད་ཀྱི་འདུག





2011.07.01 22:37:35

images/idoblog/upload/9816387411/preview/small_4365442_203836005463_2_600px.jpg

གང་ ཟག་སུ་འདྲ་ཞིག་ཡིན་ཡང་ཐོག་མའི་དུས་ནས་ཀུན་མཁྱེན་དེ་འདྲ་མིན་ལ་རྗེས་འབྱུང་ དུ་སྒེར་གྱི་འབད་འབུངས་ཀྱི་སྤུས་ཚད་ལ་བརྟེན་ནས་དེ་མཚུངས་ཀྱི་གྲུབ་འབྲས་ཐོན་ ཐུབ་པ་ཇི་བཞིན།ངས་ཀྱང་ཐེངས་གཅིག་མིན་པར་སོ་སོས་རང་ལ་བསྐུལ་མ་དང་སྤོབས་པ་ སྦྱིན་གྱི་ཡོད་།ལ་ལས་ཁྱེད་བུད་མེད་ཅིག་གིས་ཅི་ཞིག་འཇོན་གྱི་ཡོད་དམ།

 





2011.06.26 06:13:11

images/idoblog/upload/9816387411/preview/small_257552_210826425629336_100001059391407_630366_8156337_o_600px.jpgཕྱི་ ལོ་ 2011 ཕྱི་ཟླ་ 06 ཕྱི་ཚེས་ 26 ཉིན་གྱི་ཞོགས་པ་ཆུ་ཚོད་ 10 པའི་ཐོག་བོད་ཀྱི་མི་རྗེ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་དྭགས་ སླེ་ཇོ་ཁང་དུ་ལ་དྭགས་མང་ཚོགས་བརྒྱ་ཕྲག་མང་པོར་ནང་ཆོས་གཙོ་བོར་ཆུ་ཚོད་ 12་ 30 བར་ཧིན་སྐད་ཐོག་ནས་གསུང་བཤད་གནང་བ་དང༌། དེ་རྗེས་དྲི་བ་ཁག་ལ་ཧིན་སྐད་དང་བོད་སྐད་དབྱིན་སྐད་བཅས་ཀྱི་ཐོག་ནས་བཀའ་ལན་ གནང་མཛད་སོང༌། དེའི་གོ་སྒྲིག་གནང་མཁན་ནི་ལ་དྭགས་མཚན་ཉིད་སློབ་གྲྭ་རེད་འདུག





2011.06.24 01:36:05

བོ་ཞུན་རྒྱ་ཡིག་དྲ་ལམ་ནས་༢༠༡༡ ་ཟླ་༦ ཚེས་༢༣་ ཉིན་དགོང་དྲོ་ཆུ་ཚོད་༤་དང་ཕྱེད་ཀའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན་རྒྱ་ནག་པེ་ཅིང་དུ་ལོ་ངོ་བཅུ་གྲངས་རིང་བྱུང་མ་མྱོང་བའི་དྲག་ཆབ་དང་རླུང་འཚུབ་སྐར་མ་༡༥ ་ ་ཙམ་རྒྱུན་མཐུད་བྱས་ཡོད་འདུག





2011.06.16 00:01:37

༄༅།། མཚུངས་མེད་མདོ་ཁམས་ཆུ་སྒང་སྐབས་བཅུ་དགུ་པའི་ཚོགས་བཅར་བ་ཡོངས་ཀྱི་དྲུང་དུ།

ཆེད་གསོལ།

ཁྱེད་ཕྱོགས་ནས་གུས་མོ་མོན་གྷོ་འདོད་དགུ་གླིང་ས་གནས་སུ་ཆུ་སྒང་སྐབས་བཅུ་དགུ་པའི་ཚོགས་ཆེན་དུ་བཅར་འཐུས་ཀྱི་མགྲོན་བརྡ་འདི་ལོའི་ཟླ་༥ཚེས་༦ཉིན་ལག་སོན་བྱུང་བར་དགའ་ཡོད་ལགས།གུས་མོའི་ངོས་ནས་ཚོགས་བཅར་གྱི་མོས་འདུན་ཧ་ཅང་ཆེ་ནའང་ཉེ་སྔོན་རྐང་པ་བརྡབ་སྐྱོན་གྱིས་ད་ལྟའི་ཆར་ཡང་འགྲོ་འདུག་དཀའ་བར་བརྟེན།ད་ཐེངས་ཚོགས་བཅར་མ་ཐུབ་པར་འབྲེལ་ཡོད་ཡོངས་ལ་སྙིང་ནས་དགོངས་པ་དངས་གསལ་ཡོང་རེ་དང་སྦྲགས་གུས་མོས་ད་ཐེངས་ཀྱི་གོ་སྐབས་འདི་དང་བསྟུན་ནས་གཟི་བརྗིད་དང་དཔའ་ངར་ཅན་གྱི་ཁམས་རིགས་སྤུན་ཟླ་ཚོས་གུས་མོར་གང་ས་ཅིའི་ཐད་ནས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།





2011.06.13 21:02:45

མགོ་བརྗོད།

བློ་བཟང་སེང་གེ་ལགས་བོད་བཙན་བྱོལ་སྲིད་གཞུང་གི་སྲིད་བློན་འདེམས་ཐོབ་བྱུང་བར་བཀྲིས་བདེ་ལེགས་ཞུ།

བོད་བཙན་བྱོལ་སྲིད་གཞུང་གིས་རྒྱ་ནག་དམར་པོའི་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་དང།བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོར།དེ་བཞིན་བོད་མི་མང་གི་རང་དབང་གི་ཐོབ་ཐང་བཅས་ཐད་ལ་སྔར་བས་ཕན་ནུས་ཐོན་ཐུབ་པར་སྨོན་འདུན་ཞུ།དམིགས་བསལ་དུ་རྒྱ་ནག་དམར་པོའི་གཞུང་གི་བསུན་བཙིར་དང་མགོ་གཏིང་བསློག་ཐབས་ལ་དབྱེ་ཞིབ་གསལ་པོ་དང་༼ངན་ཇུས་དེ་དག་༽གཏོར་བཅོམས་གཏོང་དགོས་པ་རེད།





2011.06.02 08:56:27


2011.05.25 07:27:13

ཕྱི་ལོ་ ༢༠༡༡ ཟླ་༥ ཚེས་༡༩ ཉིན་གྱི་ཆུ་ཚོད་༡༡དང་ཕྱེད་ཀའི་ཐོག་སྤེལ། གསར་འགྱུར་ཡོང་ཁུངས། རྒྱ་ནག་མི་མང་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསར་འགོད་སྤེལ་སྐབས།བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་གཙོ་འཛིན་པདྨ་འཕྲིན་ལས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ༦༠འཁོར་བའི་གནས་སྟངས་དང་གྲུབ་འབྲས་སྐོར་བཤད་སྐབས་ཁོས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པར་གཤམ་གསལ།




2011.05.06 21:50:50

ཚོ འོ་ཁྲང་ཆིང་གིས་བརྩམས།

དེ་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྐར་མ་བཅུ་ལྷག་གི་བརྙན་འཕྲིན་གཏམ་བཤད་ བྱས་ཚར་ཙམ་རེད།ཨོ་བྷ་མས་འཛམ་གླིང་ཡོངས་ལ་འཇིགས་སྐུལ་པའི་སྒྲིག་འཛུགས་ཀྱི་ འགོ་གཙོ་བྷིན་ལ་ཌན་ཨ་རིའི་ཆེད་ལས་དམག་དཔུང་ནས་དམར་བསད་བཏང་ཚར་བའི་གནས་ཚུལ་ ལ་བདེན་དཔང་བྱས་ཡོད།




2011.05.01 22:46:01

གཅིག

ཉེ་དུས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་དབང་ཆ་ཡོངས་བོད་མི་ཚོས་ཐད་ཀར་འོས་འདེམས་བྱས་པའི་དབུ་འཁྲིད་རྣམས་ལ་ཁག་བགོས་གནང་བ་དུས་མཚུངས་སུ།གནའ་ནས་ད་བར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་དངོས་སུ་སྒོ་བརྒྱབ་པ་རེད།བཀའ་སྤྱི་གཉིས་ནས་རྒྱལ་བ་རིན་པོ་ཆེར་ཡར་ཞུས་མར་བསྩལ་ཐེངས་འགའ་བརྒྱུད།ད་ཆ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བཅའ་ཁྲིམས་མ་ཟིན་ནང་སྐུ་སྒེར་གྱི་ཆབ་སྲིད་དབང་ཆ་དང་འབྲེལ་བའི་དོན་ཚན་རྣམས་ཕྱི་བསྡུ་ཟིན་ཞིང་།མ་དེབ་ཀྱང་གྲུབ་ཡོད་པ་རེད།




2011.04.21 23:04:56

མཉམ་དུ་སྒྲོན་རོགས།

རི་གྲོང་གི་ཚང་ཚིང་ཀློང་འདི།

ཡུལ་འཁྱམ་ཚོའི་དུར་ས་རེད།

དུས་རབས་ཕྱེད་ཀྱི་སྡུག་སྐད་འབྱིན་ས་དང།

གླིང་ཆེན་འདི་ལ།

མཆོད་མེ་རྐང་གཅིག་ཀྱང་ཡིན་སྐད།





2011.04.05 07:56:46

བརྩེ་བ་ནི་དངོས་བདེན་ཧ་ཅང་སྡུག་ངལ་གྱི་གཞི་ཞིག་རང་རེད།གང་ཡིན་ཟེར་ན་ཁྱོད་རང་བརྩེ་དུང་བརྗོད་མི་ཤེས་མཁན་ཞིག་ལ་དུང་བཞིན་པས་ཡིན་ལ།ཁྱོད་ལ་དགའ་ནས་བཟུང་སེམས་ནང་འགྱོད་པ་མི་ཤེས་མཁན་དང་། ཡང་ན་ཁྱོད་ལ་འཁང་ར་ཙམ་ཡང་མི་ཤེས་མཁན་ཞིག་ལ་དུང་བཞིན་པས་ཡིན།དེ་བས་ཁྱོད་ཀྱི་ཆེད་དུ་ཡོངས་རྫོགས་བློས་གཏོང་ཐུབ་པའི་མི་ཞིག་ལ་བརྩེ་བ་བཅང་བཞིན་པས་ཀྱང་རེད།




2011.03.28 02:47:24

ཀ།བཀྲིས་བདེ་ལེགས།
ཁ།ཁྱོད་ལའང་གཅིག་མཚུངས་ཀྱི་བཀྲིས་བདེ་ལེགས་ཞུ།
ཀ།དེ་རིང་ནས་དྲ་ལམ་མྱུར་བ་ཡོང་ངམ།
ཁ།ད་ལྟ་རང་ཕྱིར་ལོག་ཡོང་བ་ཡིན།གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་འདུ་ཞིག་བསྐོང་སོང་བར་ང་འབོད་བྱུང།
ཀ།ཁྱོད་ཀྱི་གཏམ་བཤད་ཡོད་དམ།
ཁ།མ་རེད་།ཚོགས་འདུ་ཉན་པར་སོང་བ་ཡིན།འཇམ་གཡང་ནོར་བུའང་སླེབས་འདུག





2011.02.26 07:47:24

༼དྲ་གྲོགས་ཤིག་གི་ཟིན་བྲིས་ནས་བསྒྱུར།༽

༡།གལ་ཏེ་ཁྱོད་ཀྱི་སེམས་ནང་བུ་མོ་གཞན་ཡོད་ན་ང་ལ་གསལ་པོར་བཤད་རོགས།ང་རང་ཕྱི་འཐེན་བྱ་ཆོག

༢།གལ་ཏེ་ཁྱོད་ཀྱིས་བུ་མོ་གཞན་ལ་འདོད་ཚོར་འདུག་ན་གསལ་པོར་བཤད་ན་ང་རང་ཕྱི་འཐེན་བྱ་ཆོག

༣།ཁྱོད་རང་བུ་མོ་གཅིག་ལའང་མི་དགའ་བ་ཡིན་ཚེ་ངས་ཀྱང་བློས་གཏོང་བྱ་ཆོག

༤།གལ་ཏེ་ད་དུང་ཁྱོད་ཀྱི་སེམས་ནང་ང་ཡོད་ན།བུ་མོ་གཞན་བརྗེད་དེ་ང་ལ་ཡག་ཙམ་བྱེད་རོགས།



2010.11.25 22:16:43

ཉེ་དུས་ནས་བཟུང་དྲ་འབུ་འགས་བདག་ལ་སྐྱོན་འཛུགས་ཀྱི་འགོ་བརྩམས་པ་དང།ཐོག་མར་དེར་ལན་འདེབས་བྱེད་རིན་མེད་པར་མཐོང་ཞིང།རང་སོར་བཞག་དགོས་དྲན་ཡང་དེ་དག་གིས་གང་སར་ཅི་ཐུབ་ཀྱིས་གཏམ་འཆལ་སྤེལ་བར་བརྟེན།དེའང་ཟས་ངན་ཞིག་གིས་གཟུགས་པོ་ཡོངས་རྫོགས་དཀྲུགས།མི་ངན་ཞིག་གིས་ཡུལ་ལུང་མགོ་མཇུག་དཀྲུགས་ཅེས་པ་དང།གཏམ་ལ་གཏམ་ལན་མེད་ན་ལྐུགས་པ་དང།་ཟས་ལ་ཟས་ལན་མེད་ན་ཁྲམ་པ་ཞེས་པའི་དཔེ་ལྟར།དམངས་ལ་གོ་བརྡ་འཕྲོད་ཕྱིར་འདིར་ལན་ཐན་ཐུན་ཙམ་ཞིག་འབྲི་དགོས་བྱུང་ཞིང།དེའང་བང་ཆེན་ཟིན་བྲིས་ནང་གི་རྒྱབ་ལྗོངས་མེད་པའི་དྲ་འབུ་ཕུན་ཚོགས་ཟེར་བའི་མིང་ཐོག་ནས་ལན་འདེབས་བྱས་ཡོད།





2010.11.17 02:41:23

འབ ར་མའི་དམངས་གཙོ་དང་རང་དབང་འཐབ་རྩོད་པའི་དབུ་ཁྲིད་དང།གོ་གཅིག་ལོའི་ནོ་བེལ་ཞི་བདེ་གཟིངས་རྟགས་ཀྱི་བདག་མོ་ཨང་སན་སུ་ཅི་ནི།

ཕྱི་ལོ་༡༩༤༥ལོའི་ཟླ་༦ཚེས་༡༩ཉིན་འབར་མའི་རྒྱལ་ས་རང་སྒུན་དུ་ཕ་རྒྱལ་གཅེས་དཔའ་བོ་སྤོ་ཇོ་ཨང་སན་༼༡༩༤༧ལོའི་ཟླ་༧ཚེས་༡༩ཉིན་དམར་གསོད་བྱས།༽དང་མ་དྷོ་ཁིན་ཆི༼༡༩༨༨ལོའི་ཟླ་༡༢ཚེས་༢༧ལ་འདས།༽གཉིས་ཀྱི་ཁྱིམ་དུ་འཁྲུངས།རང་སྒུན་དུ་སེན་ཀྲ་ཕ་རན་སིས་སེ་ཀིན་ཝིན་ཀྲི་དང།མེ་ཐོ་ཀྲེ་སི་ཀྲེ་དབྱིན་སྐད་གཞི་རིམ་སློབ་གྲྭར་སློབ་སྦྱོང་བྱས།




2010.10.31 03:59:43

རྡ་སྟེང་བོད་ཁྱིམ་སློབ་གྲྭ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཉིན། གུས་མོའང་ཚོགས་པའི་འཐུས་ཚབ་ཀྱི་ངོས་ནས་མགྲོན་པོར་བཅར་བ་ཡིན། ཉིན་དེའི་ཞོགས་པར་སྔ་ཙམ་ལངས་ནས་ཕྱིར་དོན་རྗེས་བདེ་ལེགས་སྨན་ཁང་གི་མདུན་གྱི་སུམ་མདོ་ཀྱོག་ལམ་དུ་འབྱོར་སྐབས། ད་དུང་མང་པོ་ཞིག་གླ་འཁོར་མ་རག་པར་བསྡད་འདུག ང་རང་ཡང་བྲེལ་འཚུབ་ཀྱིས་སྨན་ཁང་རྒྱབ་ཀྱི་ཟུར་ལམ་དུ་མགྱོགས་ཙམ་སོང་ནས་སྟབས་བདེའི་གླ་འཁོར་ཞིག་རག་ཐབས་བྱས། སྟབས་ཡག་པ་ཞིག་ལ་དུས་རིང་མ་འགོར་བར་རྒྱ་གར་བའི་སྒེར་གྱི་རླངས་འཁོར་ཞིག་ནང་ལྷོད་བསྡད་ཀྱིས་མེག་ལོག་གི་རླངས་འཁོར་འབབ་ཚིགས་སུ་སླེབས།





2010.09.23 22:54:28

སྔར་ནས་དོར་ཐབས་དཀའ་བའི་སེམས་བསམ་པ་མཁྲེགས་མོ་གཅིག་འཁྱེར་ནས་ཡུལ་གྱར་ལུང་པར་ད་ཆ་བགྲང་བྱ་བཅུ་ལ་ཉེ།་སྔོན་མའི་གྱ་གྱུར་གྱི་འཚོ་བའི་གོམས་སྟབས་རེ་རེར་ངའི་ཁེར་རྐྱང་གིས་འབད་ཁུལ་བྱས་པའི་སྡུག་རུས་ཡོད་ལ།་དེ་ནི་མཛེས་སྡུག་གི་ཟུར་ཞིག་ཀྱང་ཅི་ལ་མིན།་གང་ཡིན་ཟེར་ན་།་སྤྱིའི་ཆ་ནས་ཕ་ས་ཤོར་བའི་སྤྲང་མོ་ཡིན་ཡང།་རང་ཡུལ་ནས་མྱོང་བའི་རྡུང་རྡེག་གཞན་ཞིག་གིས་རྡོག་འཕྲིས་འཁྱེར་མི་དགོས་པ་འདི་རེད།་འོན་ཀྱང་འཚོ་བའི་རྒྱུན་རིམ་དེར་ཕྱི་བལྟས་བྱེད་དུས་།སྐར་ཆ་ཙམ་ཡང་ལྷོད་གཡེང་མེད་པར་འཚོལ་བསྙེག་བྱས་པའི་རང་དབང་གི་བླ་སྲོག་དེར་སྣ་ཚོགས་གུ་དོགས་ཀྱི་འཆིང་ཐག་ནས་དམ་དུ་བསྡམ་ཡོད་པར་ཤེས་ལ།་ད་དུང་ཡང་ཅི་ཡང་མེད་པར་སྟོང་སེང་ངེར་གྱི་བྱེ་ཐང་དུ་ལུས་པའི་ཚོར་འདུ་ཧ་ཅང་རྐྱེན།




2010.09.08 04:15:42

༼བསྒྱུར་རྩོམ།༽

ལོ་བདུན་ལ་སོན་པའི་བུ་མོ་མའོ་ལིས་བྱིས་སྒྲུང་ལྟད་མོའི་ནང་གི་ཕག་ཕྲུག་ཨཱོ་ལི་ཡས་ཆུ་སྐྱུར་མོ་བཙོང་བ་མཐོང་རྗེས།ཨ་མར་ཆུ་སྐྱུར་མོ་བཙོང་དུ་སོང་ནས་ཡོང་བབས་བསག་རྒྱུ་དང།་གལ་ཏེ་དངུལ་རག་སོང་ན་ཏཱི་ཉི་ཟིའི་རྩེད་རྭ་ཆེན་མོར་ལྟད་མོ་ལྟ་རུ་འགྲི་ཡི་ཡིན་ལུགས་བརྗོད།་ཨ་མས་མའོ་ལིའི་རེ་འདུན་ལྟར་མཐའ་མཇུག་གི་གཟའ་ཕུར་བུ་ཉིན་ཟེར་བའི་ཁྲོམ་གཞུང་དུ་ཆུ་སྐྱུར་མོ་ཤེལ་དམ་གང་ལ་ཨ་སྒོར་སྒོར་ཟུར༥༠རེར་བྱས་བཙོང་ནས་ཁྲོམ་ཞིག་བཏོན།

མའོ་ལིའི་ཆུ་སྐྱུར་མོའི་ཁྲོམ་བཏོན་མ་ཐག་གྲོང་ཁྱེར་དོ་དམ་མི་སྣ་འབྱོར་ཏེ་མའོ་ལིའི་ཨ་མར།་བུ་མོའི་ཚོང་ཁྲོམ་དེར་འཕྲོད་བསྟེན་འོས་བབ་ལག་འཁྱེར་མེད་སྟབས་མུ་མཐུད་དེར་བསྡད་ན་ཉིན་རེར་སྒོར་༡༢༠རེར་ཉེས་ཆད་གཅོད་ཀྱི་ཡིན་ལུགས་བརྗོད།་དེ་ནས་འབྲེལ་ཡོད་ཚོས་ངུ་བཞིན་པའི་བུ་མོ་མའོ་ལི་དང་ཨ་མ་གཉིས་ཚོང་ཁྲོམ་ནས་ཕྱི་ཕུད་བཏང་འདུག




2010.08.19 07:52:02

སྤྱི་བཏང་བྷོ་ཊི་ཞེས་པ་ལེགས་སྦྱར་གྱི་སྐད་དོད་ཡིན་ཞིང།་ཐ་སྙད་དེ་ལ་གོ་དོན་མི་འདྲ་བ་ཅི་རིགས་ཤིག་ཡོད་ཚོད་ཀྱང།་ཧི་མ་ལ་ཡའི་མི་མང་རྣམས་པས་བྷོ་ཏི་ཤེས་བརྗོད་དུས་ཧི་མ་ལ་ཡ་མི་རིགས་རང་ཉིད་ཀྱི་ཕ་མེས་ནས་དར་བའི་ཕ་སྐད་འདི་ལ་གོ་བ་ལེན་གྱི་ཡོད་པ་རེད།་དེས་ན།་གསར་ཤོག་འདིའི་ཁ་ཡིག་བྷོ་ཏི་ཞེས་པ་འདིའི་ནང་དོན་ནི་སྐབས་བབ་ཧི་མ་ལ་ཡའི་སྐད་ཡིག་སྤྱི་ལ་ཁྱབ་པའི་མིང་ཚིག་ཅིག་སྟེ།་ཧི་མ་ལ་ཡའི་སྐད་ཡིག་ཅེས་པ་ལྟ་བུ་ཞིག་ལ་གོ་བ་དང་ངོས་འཛིན་བྱ་རྒྱུ་ཡིན།

 

གསར་ཤོག་འདིའི་ནང་དུ་གཙོ་བོ་ཧི་མ་ལ་ཡའི་སྐད་ཡིག་གི་སྐོར་དང།་ཆོས་དང་རིག་གཞུང།་མི་སྣ་ངོ་སྤྲོད།་དགོན་པ་རི་ཁྲོད་དང་གནའ་ཤུལ་ངོ་སྤྲོད།་ལག་ཤེས་བཟོ་ལས་ངོ་སྤྲོད།་ཡུལ་ལྗོངས་དང་ཐོན་ཁུངས་ངོ་སྤྲོད།་༸གོང་ས་མཆོག་ལྟ་བུ་བླ་ཆེན་ཁག་གི་ཕེབས་ལམ་ངོ་སྤྲོད།་ནང་པའི་དུས་ཆེན་ཁག་དང་གནས་ཆེན་ཁག་ངོ་སྤྲོད།་བསླབ་བྱ་དང་གཏམ་དཔེ།་གླུ་ཤག་དང་གཞས་མོ།་མཚར་གཏམ་དང་ལོ་རྒྱུས།་གླིང་སྒྲུང།་སྨན་རྩིས་དང་འཕྲོད་བསྟེན་སྲུང་སྐྱོབས།་ཟློས་གར་དང་ཆེད་རྩོམ་སྣ་ཚོགས་སོགས་སྐབས་བབ་ལྟ་ཞིབ་ཀྱིས་རྩོམ་ཡིག་སྣ་ཚོགས་པ་ཞིག་འགོད་ཐབས་ཞུ་རྒྱུ་ཡིན།




2010.08.13 04:25:18

ཡ་ཆུང་སྨག་གིས་བསྟུམ་བའི་མཚན་མོ་དེ།་

བརྩེ་དུང་ཐག་རིང་འགྲོ་རན་པའི་དུས་ཚོད་རེད།

ཁྱེད་ཀྱིས་ཀྱང་བཙན་གྱིས་བཙིར་བའི་འཛུམ་མདངས་གི་འོག་ནས།

ཁ་བྲལ་གྱི་རྡོག་ཁྲེས་ཅི་ཙམ་འཁྱེར་ཡོད།




2010.08.06 00:35:59

བྱིས་པའི་དུས་ནས་ཕ་གཞིས་བོར་བའི་སྤྲང་ཕྲུག་མ།

མི་ཡུལ་བྱོལ་ཡང་རང་ཡུལ་མ་བརྗེད་འཁོན་སེམས་མ།
གཞོན་ནུའི་ལང་ཚོ་དར་བའི་དུས་ཀྱང་མཛེས་སྡུག་མ།
སྐྲ་སེར་སྤྲིའུའི་ནོར་གྱིས་མ་བསླུས་རང་ཚུགས་མ།།





2010.07.20 04:49:14

༼བསྒྱུར་རྩོམ།༽

ཧང་ཁོང་ཚགས་ཤོག་ཅིག་ཐོག་ས་ཁུལ་ཡོངས་སུ་སློབ་ཆུང་འཛིན་རིམ་ལྔ་པ་དང་དྲུག་པའི་སློབ་མ་༤༠༠༠ལྷག་ཙམ་ལ་གཟུགས་ཕུང་རྟག་དཔྱད་སྐོར་གྱི་ཡིག་ཐོག་དྲི་བ་བཀོད་པའི་བྱུང་འབྲས་ལྟར་ན། དེའི་ནང་ནས་མི་གྲངས་༥༠ ཡིས་བཙན་གནོན་འོག་ནས་ལུས་འབྲེལ་བྱ་དགོས་བྱུང་བ་དང། སློབ་ཕྲུག་༤༢ གྱིས་རང་མོས་ཀྱིས་ལུས་འབྲེལ་བྱས་ཡོད་ལུགས་བཤད་འདུག  གལ་ཏེ་ལུས་འབྲེལ་བྱས་པའི་དབང་གིས་སློབ་གཉེར་དུས་རིམ་ནང་ཕྲུ་གུ་འཁོར་བའི་སྐྱོ་གནས་འབྱུང་ཚེ། དྲི་བར་ལན་འདེབས་བྱས་པའི་ཕྲུ་གུ་བརྒྱ་ཆ་བདུན་ཅུས་མ་འོངས་པར་སོ་སོ་ཕ་མ་གྱུར་བར་སེམས་འཁུར་མེད་ཀྱང་མ་འོངས་སློབ་གཉེར་དང་མདུན་ལམ་ལ་ཤུགས་རྐྱེན་ཐེབས་པར་སེམས་ཁྲལ་ཡོད་སྐོར་བརྗོད་ཡོད་པ་རེད།





2010.07.09 00:06:30

༡ །མི་མང་པོས་ཁྱེད་རང་མཐོན་པོའི་ས་ཞིག་ལ་སླེབས་མིན་སེམས་འཁུར་བྱེད་སྐབས། མི་ཉུང་ཤོས་གཅིག་གིས་ཁྱེད་རང་གོ་རིམ་བརྒྱུད་དུས་དཀའ་ངལ་འབྱུང་མིན་ཐད་སེམས་འཁུར་བྱེད་ཀྱི་ཡོད། རྗེས་མ་དེའི་མིང་ལ་མཛའ་བརྩེ་ཟེར།

༢།སྐྱེས་པ་ཚོ་ཆང་དང་ཐ་མག་ག་ཚོད་སྤྱོད་པ་དེའི་ཚོད་ཀྱི་ལོ་རྒྱུས་ཀྱང་ཡོད་སྐད། འོན་ཀྱང་བུད་མེད་ཅིག་ལ་རྒྱུ་ནོར་དང་མཛེས་གདོང་ལྡན་གྱུར་ན། དེའི་ཚོད་ཀྱི་སྐྱོ་ངལ་གྱི་ཟློ་གར་ཞིག་ཀྱང་ཡོད་བཞིན་པ་རེད།





2010.06.28 03:13:25

ལོ་བཅོ་བརྒྱད་སྔོན་དུ་སྐབས་དེར་ལོ་ངོ་བཅུ་གཉིས་ལ་སོན་པའི་བུ་མོ་ཧྲན་ཝོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གནད་དོན་ཚོགས་འདུའི་སྡེངས་ཆའི་སྒང་ནས་སྐད་ཤུགས་ཆེན་པོས་༼ང་ཚོ་མི་རེ་རེའི་ནས་ཤུགས་བཏོན་ནས་འཛམ་གླིང་བཅོས་བསྒྱུར་གཏོང་དགོས་༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐར་མ་ལྔ་སྤེལ་བ་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་ཚན་རིག་མཁས་དབང་རྣམས་གཙོས་མི་རྣམས་སེམས་འགུལ་ཆེས་ཆེར་ཐེབས་ཡོད་པའི་ནང་དོན་བོད་བསྒྱུར་གཤམ་གསལ།

འདིར་ངས་འཛམ་གླིང་ཐོག་ལྟོགས་ལྐོམས་ཀྱིས་མནར་བཞིན་པའིི་བྱིས་པ་ཚོའི་ཆེད་དུ་སྐད་ཆ་བཤད་ཀྱི་ཡིན།་གང་ཡིན་ཟེར་ན་ཁོ་ཚོའི་ངུ་སྐད་མི་ཚོས་ཐོས་ཀྱི་མེད་པས་རེད།་འདིར་ངས་སའི་གོ་ལའི་ཐོག་ཏུ་ཤི་བཞིན་པའི་གྲངས་མང་གི་སྲོག་ཆག་དེ་ཚོའི་ཆེད་དུ་སྐད་ཆ་བཤད་ཀྱི་ཡིན།་གང་ཡིན་ཟེར་ན་ད་ཆ་དེ་ཚོར་འགྲོ་ས་བསྡད་ས་མེད།་ང་ཚོས་ངེས་པར་དུ་དེ་དག་གི་འབོད་སྒྲ་ཉན་དགོས།





2010.06.14 23:02:46
མདང་ དགོང་ཁང་བདག་གི་ཁྱིམ་མཚེས་ཚང་གི་བུ་ཀླད་པ་གྲུང་གྲུང་ཡོད་མ་རེད་ཟེར་བ་ཞིག་ལ་ མ་རྒན་གྱིས་གཙིགས་ཆེར་འཛིན་གྱི་ཡོད་ཚུལ་ཐོས་པ་དང།་ཨ་མས་རང་གི་འཇོན་ནུས་ལ་ བརྟེན་ཏེ་རྡ་སྟིང་རི་རྒྱབ་ནས་མནའ་མ་ཞིག་ལོན་ཐབས་བྱས་འདུག་པ་དང།་དེ་རིང་ནི་ འཆང་སའི་ཉིན་གཉིས་པ་རེད།་ཉིན་བསྟུད་མར་གསུམ་ཙམ་ལ་ཁོ་ཚོའི་ལུགས་ལྟར་ནམ་ཕྱེད་ བར་རོལ་དབྱངས་དཀྲོལ་རྡུང་གི་འུར་སྒྲ་དང།་ཨ་རག་མང་པོ་འཐུང་རྗེས་སུ་ཀླད་རྩ་ ཏོག་ཙམ་འཕྲུལ་ཚར་བའི་ཕོ་ཚོགས་དེ་ཚོའི་སྐད་ཅོག་རྣ་བར་གཟེན་སྟབས་ཟླ་༥པའི་ཚེས་ ༢༩ཉིན་གྱི་ཞོགས་པ་སྔ་པོ་ལངས་མ་ཐུབ་པར་ཉོབས་སྣང་ཏོག་ཙམ་སྐྱེས་འདུག་འོན་ཀྱང་ དུས་ཐོག་ལངས་ནས་ཁང་ཆུང་ནང་ངོ་གདོང་འཁྲུ་བ་སོགས་ཕར་འགྲོ་ཚུར་འགྲོ་ཡིས་ཞོགས་ ཟས་ཀྱང་ཚ་པོ་བཟོས་ཟིན།་



2010.06.05 06:12:22

ཉེ་དུས་རྒྱ་ནག་མཚོ་ངོགས་ཕྱིའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱངས་ཅན་ལྷ་མོས་པེ་ཅིང་དུ་མཚོ་སྔོན་ཡུ་ཤུལ་ས་ཡོམ་གྱིས་མཚོ་ངོགས་ཕྱིའི་བོད་རིགས་སྤུན་ཟླའི་སེམས་ལ་གདུང་ཚོར་བསླང་ཡོད་པ་དང།་ཐོག་མའི་རོགས་དངུལ་གྱི་རྨང་གཞིའི་ཐོག་རོགས་ཚོགས་ངོས་ནས་ཕྱི་རྒྱལ་དུ་རོགས་དངུལ་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད།་ས་ཡོམ་གོད་ཆག་ཕོག་ཡུལ་དུ་སླར་ཡང་ཚན་རིག་དང་ཁོར་ཡུག་སྲུང་སྐྱོར་གྱི་འཆར་འགོད་བསྐྱར་བསྡུ་བྱ་རྒྱུ་ཡིན།་ཞེས་བརྗོད་ཡོད་པ་རེད།་





2010.05.26 00:22:14

དབྱར་གཞུང་སྤང་ཐོག་མེ་ཏོག་ཁྲ་ཚོམ་དག

དགུན་གྱི་གྲང་ངར་ཞིག་གིས་ཅིག་ཅར་བཅོམ།

སྣང་སྟོང་འབད་འབུངས་སྒྲུབ་པའི་སྒེར་དོན་ཀུན།

ཕྱི་མར་འབྱུང་བ་ངན་པའི་འབྲས་བུ་ཙམ།།




2010.05.18 06:16:38

བཙན་བྱོལ་སྤྱི་ཚོགས་སུ་ས་ཡོམ་སྐབས་ཉེན་ཡོལ་སྐོར་གྱི་སྡེ་ཚན་ཁོ་ན་ཞིག་མཆིས་པ་འདིའང་རང་མི་རིགས་སྲོལ་རྒྱུན་གྱི་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་སྐོར་གྱི་སྒྲིག་འཛུགས་ཤིག་མིན་ལ།་རང་རིགས་ཕྱོགས་ནས་ཆེད་གཉེར་གྱི་སྡེ་ཚན་འདི་བཙུགས་བཞག་པའང་རེད་མི་འདུག་་དེའང་ད་ལྟ་བོད་གཞུང་དཔེ་མཛོད་ཁྱབ་ཁོངས་འོག་ཏུ་ས་ཡོམ་སྐོར་གྱི་གོ་རྟོགས་སྤེལ་མཁན་སྡེ་ཚན་ཟེར་བ་གཅིག་འདུག་ལ་ལས་ཁང་དེའི་ནང་དུ་ཁྱོམ་བསྡོམས་ལས་བྱེད་ཕོ་གཞོན་གཅིག་ཡོད་པ་ནི་ཉི་མ་རྡོ་རྗེ་ཟེར་བ་ཁོང་རེད་འདུག





2010.05.14 00:55:38

བོ ད་ཁ ་བའི་ལྗོངས་ཀྱི་རང་དབང་རྩོམ་པ་པོ།་གངས་ཅན་པའི་ཕུལ་བྱུང་གི་བུད་མེད།་བརྩེ་སེམས་དང་མས་ཕྱུག་པའི་གཅེན་མོ་ཚེ་རིང་འོད་ཟེར་ལགས་སུ་ཕྱི་ལོ་༢༠༡༠ལོའི་དཔའ་ངར་ལྡན་པའི་གསར་འགོད་ལས་གནས་ཀྱི་གཟེངས་རྟགས་ཐོབ་པ་རེད།་ང་ཚོ་ཡུལ་གྱར་རིགས་མཐུན་ཚོས་ཁྱེད་ལ་བཀྲིས་བདེ་ལེགས་གྲངས་མང་ཞུ།་ཡིད་འོངས་ཀྱི་དུས་འདིར་ངའི་མིག་ནང་མཆི་མས་ཁེངས་བཞིན་སེམས་ནང་གི་སྐད་ཆ་རླབས་བཞིན་འཕྱུར་ཡང་དུས་འདིར་བཤད་འདོད་པ་ཚིག་གཅིག་ཁོ་ན་ཡོད་པ་ནི་ཁྱེད་ཀྱིས་འབད་འབུངས་ཧུར་ལེན་གནང་བར་མིག་ཡོད་ཚད་ཀྱི་མཐོང་བཞིན་པ་ཡིན་ལ།་བློ་དང་མ་ཡོད་མཁན་ཡིན་ཚེ་སྔར་ནས་གཟེངས་རྟགས་དེ་ཁྱེད་ལ་འོས་ཤིང་འཚམ་པ་ཞིག་རེད།

རྟག་ཏུ་ཁྱེད་ལ་དུང་ཞིང།་ཁྱེད་རང་དྲན།་དུས་དང་རྣམ་པ་ཀུན་དུ་ཁྱེད་ལ་སེམས་གཏིང་གི་སྨོན་ལམ་འདེབས།




2010.05.12 00:02:18

སྔོན་གླེང༌།
རྩོམ་ཡིག་འདིའི་ནང་དོན་ནི་མ་འོངས་པར་རང་གཞུང་གི་བཀའ་བློན་ཁྲི་པ་ལྟ་བུའི་ གཙོ་འགན་བ་ཚོས་ངེས་པར་དུ་བསམ་གཞིགས་དགོས་པའི་གནད་དོན་དག་ཡིན་ལ། དེའང་བོད་དུ་དོན་དམ་གྱི་རང་དབང་དང་དམངས་གཙོ་མ་འབྱུང་བར། བོད་མི་ཡོད་དོག་ཅོག་གིས་ད་ལྟའི་ཆར་ཡུལ་གྱར་དུ་རང་དབང་དང་དམངས་གཙོའི་ལམ་ ལུགས་ལོངས་སུ་སྤྱོད་དེ་རང་མི་རིགས་ཀྱི་གཅེས་ནོར་ནང་ཆོས་དང་བོད་ཀྱི་རིག་ གཞུང་འཇིག་རྟེན་འདིར་ཡུན་གནས་ཀྱིས་འགྲོ་བ་མིའི་རིགས་གཙོས་པའི་སེམས་ཅན་ཐམས་ ཅད་ལ་ཕན་ཐབས་སུ་ནན་ཏན་གནང་དགོས་པའི་ཕྱོགས་དང༌། རང་མི་རིགས་ཀྱང་འཛམ་གླིང་སྤྱིའི་འགྲོས་དང་བསྟུན་ནས་གང་ས་ཅིའི་ཐད་ནས་ཡར་ རྒྱས་གཏོང་ཕྱོགས་ཡིན་སྟབས། རང་ངོས་ཀྱི་ནུས་པ་བཏོན་ནས་མ་འོངས་བོད་ཀྱི་གནད་དོན་ལེགས་བཅོས་ཡོང་བའི་སྐོར་ བསམ་གཞིགས་བྱས་པར་བློ་ལྡན་ཚོས་ངེས་ཤེས་དང་ལེགས་བཅོས་ཡོང་བའི་དམིགས་འདུན་ཁོ་ ནར་ཆེད་དུ་ཡིན་པར་ཚང་མས་དགོངས་འཇགས་མཛོད།

 





2010.04.19 06:24:02

ལྐོག་འགྱུར་གྱི་རྫུ་འཕྲུལ་རློམ་མཁན།

བདུད་ཀྱི་གཤེད་དཔོན་དེས།

གནམ་ས་གཡོས་པའི་ངར་སྐད་བསྟུད་མར་སྦྲགས།

ས་ཆེན་འདིའི་ཟུར་ཞིག་གི

ཉམས་ཆུང་ཚེ་སྲོག་རྣམས།

སྙིང་རྗེ་མེད་པར།

སྐད་ཅིག་ཉིད་དུ།

རྒྱ་མཚོའི་རླབས་འཕྲིན་འཕྱུར་སྟངས་ཇི་བཞིན།

ཚང་མ་འཕྲོག་སོང༌།

ཡོངས་རྫོགས་བཅོམས་སོང༌།

བདེ་སྐྱིད་ཀྱི་ཁྱིམ་གཞི་རེ་རེ་ཁ་གཏོར་བཏང་སོང༌།

ཡིད་འོངས་ཀྱི་ཕྲུ་གུ་མང་པོ་མུན་ནག་ཏུ་བརྫངས་སོང༌།




2010.04.14 04:44:24

འདི་ལོའི་ཟླ་3པའི་ཟླ་འགོ་ཙམ་ནས་འབྲེལ་ཡོད་གསར་འགྱུར་རྒྱུད་ལམ་ཁག་ནས་མཚོ་སྔོན་དུ་བོད་རིགས་བུད་མེད་ཞི་ཅིང་མའེ་ཟེར་བ་ཞིག་2004ལོར་གོང་རིམ་སྡེ་ཚན་དུ་ཞུ་གཏུག་བྱས་པའི་རྐྱེན་གྱིས་བཙོན་འཇུག་བྱས་ཡོད་པའི་སྐོར་འཁོད་འདུག་ལ། འབྲེལ་ཡོད་སྤྱི་བདེ་སྡེ་ཚན་ཟེར་བ་ནས་སྐབས་དེར་ཁོང་མོར་གཉའ་གནོན་ཚད་བརྒལ་བྱས་ཤིང་། གོང་རིམ་ལ་ཞུ་གཏུག་འགྲོ་བའི་བརྒྱུད་ལམ་ནས་སྐྱེས་པའི་ཚོགས་ཀྱིས་འདུས་པའི་བཙོན་ཁང་ནང་མཉམ་དུ་འཇོག་རྗེས། བཙོན་པ་མི་བདུན་གྱིས་ཉིན་མཚན་བདུན་ལ་རྒྱུན་ཆད་མེད་པར་བཙན་གཡེམ་བྱས་འདུག




2010.04.07 06:16:07

དེང་སང་དགོང་མོའི་ལས་ཀ་གྲོལ་རྗེས་མགྱོགས་ཙམ་ཕྱིར་འགྲོ་བ་ནི་གངས་སྐྱིད་སྤོ་ལོ་ཐང་དུ་གཞུང་གི་སྡེ་ཚན་ཁག་སོགས་ལག་རྩེད་སྤོ་ལོའི་རུ་དཔུང་ཁག་གི་འགྲན་བསྡུར་གྱི་གོ་རིམ་བརྒྱུད་བཞིན། ད་དུང་མ་འོངས་པའི་ཟླ་བ་གཅིག་ལྷག་མུ་མཐུད་རྒྱུ་ཡོད་ལུགས་བཤད་པས་ཡིན་ལ། དེ་སྔོན་གངས་སྐྱིད་ཀྱི་ཁོར་ཡུག་ཏུ་འཚོ་བཞིན་པའི་རིགས་མཐུན་ཚོས་སྒེར་སྡོམ་གྱི་འཚོ་བར་རོལ་བ་ལས་དུས་ཚོད་མང་ཆེར་སྐྱེ་ཐེང་ངེར་གནས་པའི་སྤོ་ལོ་ཐང་འདིར་སླར་ཡང་སྤྲོ་བས་ཁྱབ་པ་དང༌། ཕོ་གཞོན་ཚོས་གཟུགས་ཕུང་གི་རྩལ་མངོན་པ་དང༌། ལྟད་མོ་བ་ཚོས་ཀྱང་རྒྱབ་སྐྱོར་སོགས་ཀྱི་སྐད་མགོ་མཐོ་བའི་རིགས་མཐུན་ཚོའི་དགོད་སྒྲའང་ཐོས་ཀྱི་ཡོད་པ་དེ་ཡིན།




2010.03.30 05:48:23

འདི་ན་རིགས་མཐུན་ཞིག་གིས།
ཇ་ཁང་གླུ་ཞིག་སྤེལ་དུས།
ཡུལ་འཁྱམ་ཡུ་མོ་སེམས་པ།
ལྷ་སའི་ཕྱོགས་ལ་འཕུར་སོང༌།




2010.03.26 00:03:56

དེ་རིང་ནི་ཕྱི་ལོ་2010ཟླ་3ཚེས་26ཉིན་ཡིན་ཞིང༌། གངས་སྐྱིད་སྤྱི་ཐབ་ཏུ་ཨེ་ཤའེ་ཡའི་མཛའ་མཐུད་གྲོས་མོལ་ཚོགས་འདུ་ཞིག་འཚོགས་བཞིན་འདུག ང་དང་རོགས་པ་ཚོགས་རྭར་འབྱོར་དུས་བུད་མེད་ལྷན་ཚོགས་ཀྱི་ཟླ་སྒྲོན་ལགས་ཀྱིས་སྒོ་འགྲམ་ནས་ཟིན་བྲིས་དེབ་དང་སྨྱུ་གུ་སྦྲགས་མ། དེ་མིན་དབྱིན་ཡིག་གི་འབྲེལ་ཡོད་ཡིག་ཆ་མཉམ་བསྡེབས་བྱེད་བཞིན་འདུག མི་མང་པོ་མེད་པའི་རྐྱེན་གྱིས་ངས་མདུན་ལྕོག་སྒང་གི་ཤོག་བྱང་ཞིག་ལེན་པ་ཡིན། དེའི་ཐོག་གཡས་གཡོན་དུ་མཆོད་ཁོང་གཉིས་དང༌།




2010.03.25 00:11:24

མོ་རེ་མ་གཡེང་མ་ལ་ཉོན།

མོ་རིགས་མ་ཡི་མི་རྒྱུད་འཛིན།

མོ་མགོ་མ་ལྟར་མ་ཐོན་ན།

མོ་ལས་མ་རྗེས་མ་ཟིན་ན།།




2010.03.15 00:19:45

དེང་སང་རྒྱ་ནག་བུད་མེད་ཀྱི་གོ་དབང༌།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་དྲན་གྱི་ལོ་ངོ་བརྒྱ་ཏག་ཏག་ཕྱིན་པའི་ཉིན་མོ་རེད། རྒྱལ་སྤྱིའི་གསལ་ལམ་ཁག་ནས་དེའི་སྐོར་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་སྐོར་ལ་སྙན་ཐོ་ཞིག་སྤེལ་བའི་ནང་རྒྱ་གར་ནག་གཉིས་སུ་ཕོ་མཆོག་མོ་དམན་གྱི་ལྟ་བ་དང་གདམ་ཁ་ཡོད་པའི་ཐོག་གིས་ཕྲུ་གུ་བུ་མོ་མང་དག་གཅིག་མངལ་ནས་བཀག་པའི་རྐྱེན་གྱིས། རྒྱལ་ཁོངས་སུ་བུད་མེད་གྲངས་ཁྲི་8500ཉུང་དུ་སོང་ཡོད་པའི་སྐོར་འཁོད་འདུག




2010.03.12 07:58:18

རྡ་སའི་སོ་ནམ་མགྲོན་ཁང་ཚོགས་རའི་དཀྱིལ

རྒྱ་གར་བུད་མེད་ནེ་རུ་ཨར་མཆོག་ནས།

ཤེས་རྒྱ་ཟམ་མོའི་སྣེ་ཤེན་ལེགས་པོ་ཡིས།

མ་ཡུམ་ཚོགས་ལ་དུང་བ་སླར་ཡང་འཕྱུར༎




JPAGE_CURRENT_OF_TOTAL