ཉེ་ལམ་དྲྭ་གྲོགས་ལ་ལའི་ཐུགས་ལ་ཕོག་པའི་སྐད་ཆ་རེ་ཟུང་ཞིག་ཤོར་བ་ཡིན་ནམ་གང་ལྟར་ཁྭ་ད་ནག་པོའི་སྡིག་སྒྲིབ་ཀྱིས་ངང་པ་སེར་པོ་འདམ་ལ་ཚུད་པའི་དཔེར་གྱུར་ཏེ་དྲྭ་བདག་སྐུ་ངོ་གསེ་རྟ་ཚུལ་ཁྲིམས་མཆོག་ལ་ཡང་མ་ཉེས་ཁག་གཡོག་གི་ཁ་གསེག་སྙན་གཙེར་ཞུ་མཁན་བྱུང་ཡོད་ཚོད་ཅིག་ཁོང་གི་ཚིག་ཟུར་ལས་མངོན་གྱིན་འདུག ང་དང་གསེ་རྟ་ཚུལ་ཁྲིམས་ཀྱི་འབྲེལ་བའི་སྐོར་དེ་འདིར་གླེང་ན་དེ་ནི་དྲ་བདག་དང་དྲྭ་མགྲོན་གྱི་འབྲེལ་བ་ཙམ་ལས་དེ་མིན་ལུགས་གཉིས་གང་ཐད་ནས་དམིགས་བསལ་གྱི་འབྲེལ་བ་སྤུ་ཙམ་ཡང་མེད། ཁོང་གིས་ངའི་སྐོར་ཤེས་ཀྱི་མ་རེད་ལ་ངས་ཀྱང་ཁོང་གི་གནས་སྟངས་གཞན་ལ་ཤེས་རྟོགས་དེ་ཙམ་མེད། ཡིན་ན་ཡང་གསེ་རྟ་ཚུལ་ཁྲིམས་མཆོག་གིས་མཁྱེན་ཡོན་དང་སྐུ་ངལ་དང་དུ་བླངས་ཏེ་ད་ལྟ་ང་ཚོས་ཡི་གེ་ན་དཀྱོག་པོ་རེ་ལས་འབྲི་མ་ཤེས་ན་ཡང་དྲྭ་སྟེང་དང་ཚགས་ཤོག་བརྒྱུད་ནས་རིགས་མཐུན་སྤུན་ཟླའི་སྤྱན་གྱི་གཟིགས་མོར་སྤེལ་ཆོག་ཆོག་བཟོས་པ་འདི་ཁོ་ན་ལ་བསམ་ན་ཡང་བཀའ་དྲིན་བསམ་ཤེས་ཀྱིས་བརྩི་བཀུར་བྱ་དགོས་པ་ཞིག་རེད་སྙམ། ང་ཚོའི་སྤྱི་ཚོགས་ཁྲོད་ན་མིང་ཆེན་པོ་དང་ཁ་ཕོ་ཆེན་པོ་སྒྲོག་མཁན་མང་ཡང་ལག་ལེན་ལ་སྤྱི་ཚོགས་ཀྱི་ཞབས་ཕྱི་སྒྲུབ་ཐུབ་མཁན་གསེ་རྟ་ཚུལ་ཁྲིམས་དང་གསེ་རྟ་ཚུལ་ཁྲིམས་ལྟ་བུ་མཛུབ་མོའི་རྩེར་བགྲང་རྒྱུ་ཞིག་ལས་མི་འདུག
|
|



07:12:58