The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

བོད་དུང་བ།


2012.05.05 12:33:21

ཟླ་འདིའི་ཚེས་༢༥་ཉིན་ཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་པ་མཆོག་གིས་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་བཞིན།  འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག་ཉིན་འདིའི་ཞོགས་པའི་ཆུ་ཚོད་༨ པའི་ཐོག་མོན་གྷོ་ནོར་བུ་རི་རྩེར་༧ཀུན་གཟིགས་པཎ་ཆེན་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ་མཇལ་དར་བསྒྲོན་འབུལ་དང་ཞབས་རིམ་གསོག་སྒྲུབ་དང་བསངས་གསོལ་རླུང་རྟ་བསྒྲེང་འཛུགས་སོགས་བྱས་ནས་མོན་གྷོ་ས་གནས་སེར་སྐྱ་མི་མང་ཡོངས་ཀྱིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡  པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་བྱས་ཡོད་པ་དང་།


བྱང་བུ།:



2012.05.04 12:59:21

ཟླ་འདིའི་ཚེས་༢༡ ཉིན་བོད་གཞུང་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམ་སྟོབས་རྒྱལ་དང་དྲུང་འཕར་འཆི་ཆེད་རིག་འཛིན་གཉིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་ཆེད་གཉེར་གྱི་ཕེབས་ནས་ཉིན་འདིའི་ཞོགས་པ་ཆུ་ཚོད་༨ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ཚོར་བཞུགས་མོལ་ཚོགས་འདུ་འཚོགས་རྗེས་ས་གནས་མི་མང་ཡོངས་མཉམ་ཞུགས་ཐོག་ཚོགས་ཆེན་བཅས་རིམ་པའི་མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད་པ་དང་།


བྱང་བུ།:



2012.04.16 11:02:35

ཟླ་འདིའི་ཚེས་༡༠  ཉིན་གྱི་ཞོགས་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གིས་གོ་སྒྲིག་འོག་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ཆེད་དུ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམས་པའི་གཙོས་དགེ་འདུན་པ་སུམ་སྟོང་མ་ཟུན་ཙམ་འདུ་ཁང་གསར་བའི་ནང་ཆེད་གཉེར་ཀྱིས་ཕེབས་ནས་ཉིན་དྲུག་རིང་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད།





2012.04.05 05:48:34

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་ཡོད་པའི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསར་གླིང་གྲྭ་ཚང་བྲགས་འགོ་མི་ཚན་ནང་སློབ་གཉེར་བྱེད་བཞིན་ཡོད་པའི་གྲྭ་ངག་དབང་མཁྱེན་རབ་ལགས་ཀྱིས་ཁོ་བོར་བོད་ནང་གི་ཁམས་བྲག་མགོ་ས་ཁུལ་གྱི་ཛ་དྲག་གནས་སྟངས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར།   





2012.03.12 06:10:10
རེ་འབོད་བུང་བའི་མགྲིན་དབྱངས། །

མཚན་དཔེའི་འོད་སྟོང་ཕྱོགསས་བཅུར་འཕྲོ་བའི། །
ས་ཡ་དྲུག་པོའི་སྙིང་གི་ནོར་བུ། །
རྫོགས་ལྡན་གསར་བའི་དགའ་སྟོན་བསུས་ནས། །
ཆོལ་གསུམ་བོད་མིའི་མགོན་དུ་ཕེབས་ཤོག།





2012.03.08 03:11:36
ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ ཚེས ༦ ཉིན་སྟེ་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་བོད་ཟླ་ ༡ ་ཚེས་ ༡༣ རེས་གཟའ་མིག་དམར་ཉིན། བྱང་གཏེར་བསྟན་པའི་བདག་པོ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་མཆོག་ལ། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པར་བཞུགས་དགོས་སྐོར་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞལ་བཞེས་གསུང་གི་དབུགས་དབྱུང་གིས་གོ་སྐལ་བཟང་པོ་བདག་ཅག་རྣམས་ཀྱི་སྤྱི་བོར་བསྩལ་ཡོད་པ་རེད།

བྱང་བུ།:



2012.02.04 12:35:18

བོད་རྒྱལ་ཁབ་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེག་གཏོང་བཞིན་པའི་རྒྱབ་མདུན་ལས་འཕྲོས་པའི་བསམ་ཚུལ་ཐོར་བུ།

བོད་རྒྱལ་ཁབ་དང་མི་རིགས་བསྟན་སྲིད་བཅས་ཀྱི་བླ་སྲོག་ལྟ་བུའི་གཞིས་བཞུག་རྒྱལ་གཅེས་སྤུན་ཟླ་ཚོ་དང་ལྷག་པར་དུ་འདས་ལོའི་ཟླ་དྲུག་པ་ནས་བཟུང་བོད་མདོ་ཁམས་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་གིས་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའམ་བོད་ཀྱི་ཆབ་དཔལ་རིག་གསུམ་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་གནས་ཡོང་ཐུབ་པའི་རེ་འདུན་སྙིང་བཅིངས་ཐོག་གཅེས་པའི་ཚེ་སྲོག་མཆོད་མེར་ཕུལ་དང་འབུལ་བཞིན་པའི་རླབས་ཆེན་གྱི་ཞི་རྒོལ་བྱེད་ཕྱོགས་འདི་ནི་ཆེས་བླ་ན་མེད་ཅིང་གཟི་བརྗིད་ལྡན་པའི་མི་རིགས་གང་ཞིག་གི་བདག་དབང་འཐབ་རྩོད་ཀྱི་ལས་འགུལ་ཞིག་དང་རྒྱལ་སྲས་དང་བྱང་ཆུབ་སེམས་དཔའི་མཛའ་སྤྱོད་ཁུར་དུ་བཞེས་ནས་བོད་མི་ས་ཡ་དྲུག་གི་རང་དབང་དང་བདེ་སྐྱིད་ལྷག་པར་དུ་བོད་གངས་ཅན་པ་ཙམ་མ་ཟད་འགྲོ་བ་སེམས་ཅན་སྤྱིའི་བདེ་སྐྱིད་ཀྱི་གཞི་རྩ་སྟོན་པ་ཤཱཀྱ་སེངྒེའི་བསྟན་པའམ་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་མ་ཉམས་རྒྱུན་གནས་ཐུབ་ཐབས་བཅས་ཀྱི་ཆེད་དུ་འདི་ལྟར་སྐུ་ལུས་མར་མེར་ཕུལ་ནས་རྒྱ་གཞུང་ལ་ཞི་རྒོལ་བྱེད་བཞིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།





2011.07.21 03:16:57

༼ཁམས་གསེར་རྟའི་ནང་བསྟན་རིགས་གནས་དར་སྤེལ་ཚོགས་འདུ་ཐེངས་དང་པོ།༽

ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟན་ན། ཟླ་འདིའི་ཕྱི་ཚེས་༦ ནས་༨ བར་ཉིན་གསུམ་རིང་<<ཁམས་གསེར་རྟའི་ནང་བསྟན་རིགས་གནས་དར་སྤེལ་ཚོགས་འདུ་ཐེངས་དང་པོ་>>ཞེས་པའི་བརྗོད་གཞིའི་ཐོག་ཚོགས་ཆེན་ཞིག་འཚོགས་ཡོད་པ་དང་།

ཚོགས་ཐོག་ཏུ་ཁམས་གསེར་རྟ་རྫོང་ཁོངས་ནས་དགོན་ཁག་ཡོངས་རྫོགས་ཀྱི་མཁན་སྤྲུལ་དགེ་བསྐོས་སོགས་གནད་ཡོད་མི་སྣ་གཙོ་བོ་ཉིས་བརྒྱ་ལྷག་མཉམ་ཞུགས་ཐོག་དགོན་སྡེ་ཁག་གི་ནང་ཆོས་བཤད་སྒྲུབ་ཀྱི་བསྟན་པ་སྔར་ཡོད་སླར་གསོ་དང་མ་ཉམས་དར་སྤེལ་གཏོང་དགོས་སྐོར་དང་། ལྷག་པར་དུ་དུས་རབས་ཉེར་གཅིག་པའི་དགེ་འདུན་པའམ་ནང་པ་བ་ཞིག་བྱེད་ཐུབ་པའི་འབད་བརྩོན་ལྷོད་མེད་གནང་དགོས་སྐོར་དང་། དེ་བཞིན་སྐྱ་བོ་ཚོའི་ནང་དུ་ཡང་དགེ་བ་བཅུའི་ཁྲིམས་དང་ལྡན་དགོས་པ་མ་ཟད།

 





2011.05.29 00:26:55

འཐབ་གྲོགས་གཅིག་པའི་ཡིད་མཐུན་དྲྭ་གྲོགས་ཕོ་མོ་ཡོངས་ལ། ཁོ་བོའི་སེམས་གཏིང་གི་དྲི་བ་འདི་དག་བཀོད་འདོན་བྱུང་། ང་རང་ཚོས་འདས་ཟིན་པའི་མི་ལོ་གང་མང་རིང་བོད་རྒྱལ་ཁབ་དང་མི་རིགས་འདིའི་བདེན་དོན་ཆེད་འཛམ་གླིང་ནང་ཆེས་བཙན་ཧམ་ཆེ་བའི་རྒྱ་ནག་དམར་བོའི་སྲིད་གཞུང་ལ་ཁ་གཏད་བཅགས་ནས་བོད་མི་ཁྲི་ཚོ་མང་པོའི་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་བོད་དོན་ཁྱབས་བསྒྲགས་ཀྱི་ལས་འགུལ་གང་མང་སྤེལ་དང་སྤེལ་མུས་ཡོད་པ་རེད།





2011.05.12 08:54:42

ཤི་གསོན་གྱི་སོ་མཚམས་ནས་མྱུར་སྐྱོབས་གནང་རོགས་ཞུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཚོགས་གཞོན་སྦོ་ཆུང་ཚང་དོན་འགྲུབ་ལྷ་དར་མཆོག་དང་། ཟུང་དྲུང་བསྟན་འཛིན་ནོར་བཟང་། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་ལགས་གསུམ་ནས་ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལི་གྲོ་ཁྱེར་ཅན་ཌལ་མན་ཌལ་དུ་ཟས་བཅད་ངོ་རྒོལ་བྱས་ནས་ཉིན་གྲངས་༡༧འགྲོ་བཞིན་ཡོད་པ་རེད

བྱང་བུ།:



2011.05.11 23:35:06

མཚམས་འདི་ནས་ཁོ་བོས་ཀྱང་བསམ་ཚུལ་ལམ་འབོད་སྐུལ་ཞུ་རྒྱུ་ཞིག་ལ་དེང་སང་དྲྭ་ ངོས་དང་མི་སྒེར་གྱི་གཏམ་བཤད་སོགས་ཀྱི་ཐོག་རང་ཅག་བོད་ཁ་བ་གངས་ཅན་པའི་བཀའ་ བློན་ཁྲི་བའི་འོས་ཐོན་པ་འབུམ་རམ་པ་བློ་བཟང་སེང་གེ་ལ་བློ་སེང་ཟེར་བའི་བསྡུས་ ཚིག་འབྲི་བཤད་བྱེད་བཞིན་འདུག དེ་ལ་ཆབ་སྲིད་ཐོག་ནས་གནད་འགག་ཆེར་མེད་སྲིད་ཀྱང་།

ཁོ་བོར་མཚོན་ན་གོང་གི་བསྡུས་མང་དེ་མཐོང་ཐོས་སྐབས་ཅུང་ཟད་ཏོག་མ་བདེ་ཞིག་ཆགས་ ཀྱི་འདུག སོང་ཙང་། ཉིན་དེ་རིང་ནས་བཟུང་བོད་མི་ཡོངས་ཀྱི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ བའི་འོས་ཐོན་པ་མཁས་དབང་བློ་བཟང་སེང་གེ་དང་ཡང་ན་འབུམ་རམ་བློ་བཟང་སེང་གེ་ མཆོག་ལ་འཛམ་གླིང་ཡོངས་ཁྱབས་ཀྱི་མང་དེ་འདོག་རོགས་ཞེས་རེ་སྐུལ་སྙིང་ནས་ཞུ་བཞིན་ཡོད།

རྒྱ་མཚན་གང་ཡིན་ཟེར་ན། རྒྱ་ནག་གི་ཏཱ་ལེ་ཟེར་ནས་༧གོང་ས་མཆོག་ལ་འབོད་ཀྱི་པ་ནང་བཞིན་ཡིད་མ་རིང་བའམ་མི་དགའ་རྣམ་འགྱུར་ཞིག་རང་བཞིན་གྱི་མཐོང་ཡོང་གི་འདུག སོང་ཙང་དེ་ལྟར་མི་འབོད་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།

དྲ་གྲོགས་ཚོའི་དགོངས་ཚུལ་ག་འདྲ་ཡོད་གསུང་རོགས།


བྱང་བུ།:



2010.11.18 02:11:50

 

སྐྱབས་དང་སྐྱོབ་པ་མེད་པའི་ཉམ་ཆུང་གི་ཚོགས་ལ། །
མཆོག་གསུམ་ཐུགས་རྗེའི་སྤྱན་གྱིས་ཡང་ཡང་དུ་གཟིགས་ནས། །
བདག་དང་བདག་འདྲའི་བློ་དམན་བླུན་རྨོངས་ཀྱི་རིགས་ཀྱི། །
བློ་སྣ་ཐར་བའི་ལམ་ཁར་བསྒྱུར་བར་ནི་མཛོད་ཅིག །




2010.11.09 10:07:22

ཆེས་སྙིང་ཉེ་ཞིང་ཡིད་གདུང་བའི་གཞིས་ལུས་ན་གཞོན་སློབ་མ་ཚོ་ཞི་བའི་གྱེན་ལངས་ཀྱི་འབོད་སྒྲ་ལྷང་ལྷང་དུ་སའི་གོ་ལའི་ཁྱོན་ཡོངས་སུ་གྲགས་བྱུང་ལ།




2010.11.01 09:33:19

རིགས་རྒྱུད་གཅིག་ལས་མཆེད་པའིཁ་བ་ཡི་བླ་སྲོག །

བདེན་པའི་གོ་ཆ་བགོས་ཏེ་བདག་སྲུང་ཞིག་གནང་ནས། །

མདུན་བསྐྱོད་སྤོབས་པའི་ལག་རྡང་ཕྱོགས་གཅིག་ཏུ་སྤྲེལ་དང༌། །

གངས་ལྗོངས་གསར་བའི་མདུན་མ་ལྷག་ལྷག་ཏུ་གསལ་ཡོང༌། །





2010.10.18 06:46:13

དཀར་ནག་ལས་ཀྱི་ལམ་ཁ་བོར་བའི་མ་དག་བདུད་ཀྱི་དཔུངས་ཚོགས་ཀྱིས།།

དམོད་ཚིག་སྟོང་གིས་རླབས་ཕྲེང་དྲག་པོ་ལོང་ལོང་མཁའ་རུ་འཕྱོ་ན་ཡང་།།

ཁྱེད་ཐུགས་བྱམས་དང་བརྩེ་བའི་ཁེངས་ཏེ་མ་རོང་དགྲ་ཡང་བུ་བཞིན་དུ།།

སྐྱོང་མཛད་སྐལ་བཟང་འགྲོ་བས་དེད་དཔོན་ཁྱེད་ལ་སྒོ་གསུམ་གུས་པས་འདུད།།





2010.10.13 05:02:00

༄༅། །དྲན་གདུང་གི་ལོ་ཟླ། །

ཨ་མ་ལགས།

སྐྱི་གཡའ་ཞིང་འཇིགས་ཡེར་བའི་མུན་ཁྲོད་ཀྱི་འཇིག་རྟེན་ཞིག་ན།

མི་ཡུལ་གྱི་ལོ་ཟླ་འདི་དག་མཛུབ་མོས་བགྲང་བཞིན།

སྐྱོ་སྡུག་གི་སྨུག་སྤྲིན་སྡུག་པོ་སྙིང་ལ་སྤུས་ཡོད་པ་ངས་ལོ་ཤེས།




2010.10.09 08:38:28

མཐོ་སྒང་གི་དུས་བཞིར་བསྟོད་པའི་སྙན་ངག

དབྱར།

འབྱུང་བཞི་དྭངས་གསལ་ཆུ་མོའི་རྒྱུན་ལ་བཞུར། །

ཁྲ་ཚོམ་མེ་ཏོག་སྣ་ཚོགས་མགོ་ལྕོག་ལྡེམ། །

གཞན་གསོས་བུ་མོའི་གྲེ་འགྱུར་རྣ་བར་སྙན། །

སྤང་ལྗོངས་སྒེག་མོ་སྦྲང་ཆར་ལྟོ་བར་བསུ། །





2010.09.29 09:16:52

༄༅ ། །རྨོངས་མུན་གཉིད་ལས་བསླངས་པའི་ཅོང་བརྡ། །


མཐའ་ཀླས་ཤེས་བྱའི་སྒོ་བརྒྱ་འབྱེད་པའི་བརྩེ་ཆེན་ཚངས་སྲས་ངག་གི་ལྷ། །

མ་རིགས་རྨོངས་པའི་གཉིད་ལས་སློང་བའི་ཆུ་འཛིན་ཀློང་ན་བདུད་རྩིའི་ཟེགས། །

བདག་སྙིང་གསེར་ལྡན་འཛིན་མའི་ཁབ་ཀྱི་ལྗང་མྱུག་འབྲས་བཟང་ལེགས་སྩོལ་ཏེ། །

མ་སླད་སྣང་བརྙན་གསོན་པོ་འབྲི་བར་སྤོབས་པ་བསྐྱེད་མཛོད་མཚོ་བྱུང་མ། །


བྱང་བུ།:



2010.09.14 09:39:00

བཀའ་ཁྲིའི་འོས་མི་ལས་འཕྲོས་པའི་བསམ་ཚུལ་དམར་རྗེན་མ།

 

སྤེན་པ་ཚེ་རིང་ལགས་ལ་མཚོན་ན་ཤེས་ཡོན་དང་བཙན་བྱོལ་གཞུང་ལ་རྒྱུས་མངའ་ཡོད་པ་སོགས་ཀྱི་ཐད་ནས་བསམ་ན་བཀའ་ཁྲི་ལ་རེ་བ་བྱས་པར་དམིགས་བསལ་གྱི་མི་འོས་པ་ཞིག་མཐོང་མ་སོང་།




2010.08.24 06:30:43

 

སྐབས་གསུམ་པའི་བཀའ་ཁྲི་འཚོལ་ཞིབ་ལས་འཕྲོས་པའི་བསམ་གཞིག


དེང་ཐོག་ཐོབ་ཤོར་དང་འགྲན་རྩོད་ཁྲོད་ཀྱི་བཀའ་ཁྲིའི་རྐུབ་སྟེགས་དེ་ནི་མི་སུ་ཞིག་གི་ལག་པར་རྩིས་སྤྲོད་བྱེད་མིན་བཙན་བྱོལ་ནང་གི་བྱེས་འབྱོར་བོད་མི་ཚོའི་ལག་ན་འགན་ཆ་ཚང་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་མི་ཚེའི་ཕྱེད་ཀ་ཆེས་མཐོའི་རྐུབ་སྟེགས་ཐོག་ན་རྫོགས་བཞིན་ཡོད་མཁན་ཚོའི་གལ་སྲིད་ང་རང་བཀའ་ཁྲིར་འདེམས་ཐོན་བྱུང་ན་མང་ཚོགས་སྐྱ་སེར་དང་ཕོ་མོ་དེ་བཞིན་གསར་འབྱོར་དང་གཞིས་ཆགས་རེ་རེར་འཚམས་པའི་འགལ་རྐྱེན་བསལ་དེ། མཐུན་རྐྱེན་གང་མང་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་།

བྱང་བུ།:



2010.08.10 08:18:39

ཀ་དག་གནས་ལུགས་མི་མཐོང་གཡམ་རྒྱུགས་ཀྱི་གྲོང་ན། །

ཁ་ཁོག་ངེས་གཏན་མེད་པའི་དེང་རབས་ཀྱི་ཤེས་ལྡན། །

ག་ལེར་དཔྱད་ན་ཤེས་འཇོན་གང་ཡང་གིས་དབེན་པའི། །

ང་རྒྱལ་ཁེངས་གྲགས་སྤོང་རོགས་རིགས་མཐུན་གྱི་གྲོགས་དག །


བྱང་བུ།:



2010.08.09 08:58:57

མཐོན་མཐིང་དགུང་སྔོན་སྐར་ཚོགས་ཁྲོད་ན་དྭངས་བསིལ་ལྷ་མོ་དལ་གྱིས་བཞུད། །

ལྷིང་འཇགས་མཚན་མོའི་ཟླ་ངོགས་ཤིག་ན་བསམ་གཞིགས་སྐྱ་བོར་ཁ་དོག་བཙལ། །

བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ན་རྐུབ་སྟེགས་རྩོད་པའི་ཁེ་བ་མང༌། །

དྲང་བདེན་སྟོང་གི་ལམ་ཁ་བོར་ནས་དཔའ་བོ་ཁྱུ་གཅིག་དུར་སར་བརྫང༌། །


བྱང་བུ།:



2010.08.03 09:33:53

དེ་རིང་འདིར་བོད་ཀྱི་བང་ཆེན་དྲ་བའི་ཟིན་བྲིས་སུ་ང་གཅིག་པོར་འཁྱམས་ནས་ཡོང་། སྐབས་འདིར་གྲོགས་པོ་འབའ་སྐལ་ལགས་ཀྱི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ངའི་རྨི་ལམ་དུ་ཡང་ཡང་རྨིས་མྱོང་བའི་འཆར་སྣང་རབ་རིབ་དེ་དེ་རིང་ཡིག་གཟུགས་སུ་དངོས་སུ་ཕབས་འདུག ཁོང་གིས་ཟིན་བྲིས་སུ་ཕབས་པའི་གཏམ་སྙན་འདིའི་ངས་སེམས་ཁམས་སུ་བཅོས་མིན་གྱི་སྤྲོ་བ་ཞིག་གིས་ཡོངས་སུ་ཁེང་བར་བྱས་སོང་།


བྱང་བུ།:



2010.08.03 09:16:05

དྲ་གྲོགས་ཡོངས་ལ་མཚམས་འདྲི་དང་བཅས་དེ་རིང་ང་སླར་ཡང་འདི་ལྟར་དྲ་ཐོག་ཏུ་སླེབ་ཡོད་ལགས་། ཟླ་ངོ་འགའ་ཤས་སུ་དུས་ཚོད་ཀྱི་རྐྱེན་པའི་ང་ཟིན་བྲིས་སུ་མཉམ་ཞིག་བྱེད་ཐུབ་མ་སོང་། དུས་ཐོག་ཏུ་འབྲི་ཐུབ་མིན་ལ་མ་ལྟོས་པར་ངས་ཟིན་བྲིསགསར་རྙིང་གཉིས་མཉམ་དུ་བརྡབ་ནས་ཡོང་ཡོད། དྲ་གྲོགས་ཚོའི་གནས་ལུགས་དང་རྒྱུ་མཚན་ལྡན་ཞིང་ཁ་དང་ཁོག་པ་མཚུངས་པའི་སྙིང་གཏམ་དྲོན་མོ་སྟེ། བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་འགྲུབ་དང་མཉམ་རྒུད་གཙོར་བཟུང་ཐོག་དགོངས་ཚུལ་རྣལ་མ་རེ་གསུང་རོགས་ཞུ།
བྱང་བུ།:



2010.07.14 11:59:29

དྲ་གྲོགས་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།