འདི་ན་བོད་རིགས་སྤུན་ཟླའི་རྩོམ་བྲིས་མང་།
ང་རྒྱལ་རི་ལས་མཐོ་བའི་ཟིན་བྲིས་མང་།
ཡོད་ཚད་རང་ལ་རེ་བའི་འཆལ་གཏམ་མང་།
དྲ་རྒྱའི་མཚན་མཐོང་ཉམས་པའི་སྟོང་གཏམ་མང།
|
|
|
|
|
|
2009.03.28
23:28:12
|
|||
འདི་ན་བོད་རིགས་སྤུན་ཟླའི་རྩོམ་བྲིས་མང་།ང་རྒྱལ་རི་ལས་མཐོ་བའི་ཟིན་བྲིས་མང་།ཡོད་ཚད་རང་ལ་རེ་བའི་འཆལ་གཏམ་མང་།དྲ་རྒྱའི་མཚན་མཐོང་ཉམས་པའི་སྟོང་གཏམ་མང།
|
|||
|
2009.03.27
22:16:34
|
|||
བེ་རི་དགེ་བཤེས་འཇིགས་མེད་ཟེར་བས་གྲུབ་དབང་རིན་པོ་མཆོག་འདི་ཟླའི་ཚེས་༢༧་གྱི་ཕྱི་དྲོ་ཆུ་ཚོད་༣དང་སྐར་མ་༣༠་ཐོག་མྱ་ངན་ལས་འདས་ཚུལ་བཀོད་འདུག་ཀྱང་དོན་དུ་དམ་པ་ཉིད་ནི་ཕྱི་དྲོ་ཆུ་ཚོད་༩་དང་སྐར་༢༨་ཙམ་ལ་འདས་འདུག་་་་་་་་་་་་གང་ལྟར་བོད་བསྟན་སྲིད་ལ་རླབས་ཆེན་གྱི་མཛད་རྗེས་ཅན་གྱི་མི་སྣ་དག་ཉུང་དུ་འགྲོ་བཞིན་པ་ནི་བསྟན་པའི་གོད་ཆགས་ཏུ་བསམ་ལ་མྱུར་བ་ཉིད་དུ་ཡང་སྲིད་འཁྲུལ་བྲལ་བྱོན་རྒྱུའི་མཆོག་གསུམ་ལ་སྨོན་འདུན་ཞུ།
|
|||
|
2009.02.25
23:05:11
|
|||
༸གོང་ས་མཆོག་སེ་ར་ཆོས་སྒར་དུ་ཆིབས་བསྒྱུར་སྐབས་སེར་བྱེས་གྲ་ཚང་གི་གོ་སྒྲིག་འོག་ཉིན་གསུམ་རིང་སེར་སྐྱ་ཡོངས་ནས་བསྟན་སྲིད་ཞབས་རིམ་གནད་སྨིན་ཞུས་བསྐོར་མང་ཚོགས་ཁྲོད་གླེང་གློང་ཡོང་བཞཱིན་པ་དེ་ལྟར་ཡང་གསར་འགོད་པ་ཚོས་ད་ེལ་དོ་སྣང་མེད་པ་མིན་འགྲོ།་ཡང་མིན་ན་གྲྭ་ཚང་གི་འཛིན་སྐྱོངས་དབུ་ལས་རྣམས་ནས་འགན་ཁུར་མ་བྱས་པར་གསར་འགོད་པར་འབྲེལ་བ་མ་གནང་བ་ཡིན་ནམ།་གང་ལྟར་མང་ཚོགས་ཁྲོད་གླེང་བ་ཙམ་ལས་གསར་འགོད་རིགས་མེད་ཚུལ་འདུག
|
|
|
|
2009.02.18
00:12:53
|
|||
རེས་གཟའ་ཉི་མའི་ཉིན་ལི་ཐང་ཁུལ་ནས་སྙིང་སྟོགས་ཞུམ་མེད་ཀྱི་དཔའ་བོ་དཔའ་མོ་རྣམས་ནས་བདེན་ཁ་བྲལ་བའི་རྒྱ་དམར་གུང་ཁྲན་གྱི་འཆོལ་གཏམ་དང་བྱ་སྤྱོད་ལ་ཞི་རྒོལ་གནང་བའི་བསྐོར་གསལ་གསལ་ཐིང་ཐིང་ཞིག་མཁྱེན་མཁན་མེད་པ་འདྲ།
|
|||
|
2009.02.06
22:43:18
|
|||
|
ང་རང་མེ་འཁོར་དང་རླངས་འཁོར་དུ་མ་བརྒྱུད་ལྷོ་ཕྱོགས་སུ་ཕྱི་ཚེས་༥ཉིན་འབྱོར་རྗེས་ཕྱི་ཚེས་༦ཉིན་གྱི་ཕྱི་དྲོ་གྲོགས་པོ་དང་ལྷན་སེར་བྱེས་མགྲོན་ཁང་ཡིད་དགའ་ཆོས་གླིང་དུ་བསྐྱོད་སྐབས་གནས་དེ་ནི་གནས་སྐབས་སློབ་གྲྭ་ཞིག་དང་གཉིས་སུ་མ་མཆིས།
|
|||
|
2009.01.30
05:11:38
|
|||
|
གང་ལྟར་ཀྱང་རྨོག་རུ་བསྟན་པ་དང་དགེ་སྐོས་གཉིས་ཀྱི་འཁོན་འཛིན་ནམ་རྙོག་གླེང་ཇི་ཡོད་དེ་དང༌། དེ་འབྲེལ་གྱི་གནད་ཡོད་ཁག་གིས་བགྲོ་གླེང་གནང་སྟེ་བདེན་ཀ་སྦྱིན་རྒྱུ་ལས། ངེད་དྲ་གྲོགས་ཚོས་གང་ཟག་སྒེར་རེ་ཟུང་གཞིར་བཞག་གིས་དེ་ལྟར་གླེང་མོལ་ནུས་མེད་དེ་འདྲ་གནང་སྟེ་ཉི་མ་འཁྱོལ་ཐབས་བྱས་ན་ཕན་ཁ་མི་འདུག དེ་ལས་དྲ་གྲོགས་ཚོས་ཕུ་ཡུལ་དང༌། མི་རིགས་ཀྱི་ལ་རྒྱར་དུང་ཞེན་དང༌། བརྩེ་སེམས་ཀྱི་དཔུང་པ་གཅིག་ཏུ་བཤིབས་ཏེ་བསྟན་སྲིད་མི་རིགས་ལ་སྨན་པའི་སྲི་ཞུ་རིགས་ལ་བརྩོན་ན་མི་བཟང་ངམ།
|
|||
|
2009.01.29
06:18:29
|
|||
|
ང་རྒྱལ་རྣོ་ངར་ཚོན་གྱི་གོ་ཆས་ཕན་ཚུན་ཕོག་ཐུགས་མི་གཏོང་བར། བློ་དཀར་གཞུང་དྲང་བསྟན་སྲིད་ཁུར་བཞེས་མི་སྣར་གང་བྱུང་ལབ་རྡོལ་མི་གནང་བར། ལྷག་བསམ་མཁའ་ལྟར་ཡངས་པའི་རྒྱལ་གཅེས་པ་ལ་ངན་སྨྲོད་མི་གནང་བར། རང་ཡུལ་དགྲ་ལ་ཚུད་པར་མནོ་བསམ་བཏང་ཏེ་བདེན་པའི་ལམ་ཁ་འཚོལ་བར་ཕེབས་ཤོག
|
|||
|
2009.01.18
03:44:28
|
|||
|
པ་ཕ་ཨ་མ་མེད་པའི་ད་ཕྲུག་ཚོ།། ཕ་ཡུལ་བོད་ལ་ཤ་ཚ་ཡོད་གྱུར་ན།། བ་གླང་བཞིན་དུ་བཟའ་བཏུང་ཁོ་ན་ལ།། མ་གཡེངས་བོད་དང་བོད་མིའི་དོན་ལ་འབུངས།།
|
|||
|
2008.12.31
23:04:00
|
|||
|
གཞིས་བྱེས་གཉིས་ནས་ཕེབས་འཛོམས་གནང་བའི་བང་ཆེན་ཚང་གི་དབུ་ལས་དང་དྲ་གྲོགས་ལྷན་རྒྱས་མཆོག་ལ། ད་ལམ་ཕྱི་ལོ་ཉིས་སྟོང་དགུ་གནམ་ལོ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ལོ་གསར་པའི་ནང་འཛམ་གླིང་ཞི་བདེས་ཁྱབ་ཅིང༌། བོད་མི་རྣམས་ཀྱི་སྤྱི་སྒོས་བསོད་ནམས་ཀྱི་གོང་བུ་ཆིག་སྒྲིལ་ཐོག་གཞིས་བྱེས་མཉམ་འཛོམས་ཡོང་བའི་བཀྲ་ཤིས་སྨོན་འདུན་བཅས། ལ་དགས་དར་རྒྱས།
|
|||
|
2008.12.30
23:00:32
|
|||
|
ཏཱ་ལའི་བླ་མའི་ཐུགས་རྗེའི་གཟི་འོད་འོག། ཐ་ན་བོད་དང་བོད་མི་མ་བརླག་ཙམ།། ད་ཆ་ཐབས་ཤེས་ཡོད་པའི་དུས་བཟང་འདིར།། ན་ནུས་ཚ་ནུས་བོད་མི་ཀུན་གྱི་མཛོད།།
|
|||
|
2008.12.27
22:01:49
|
|||
ཅ་ཅོ་མི་མཐུན་དབྱེན་དང་ཕྲ་མའི་རྒྱུ།།ཆ་རྐྱེན་བྱས་ཏེ་གླད་ཆུང་བོད་མི་འགར།།ཇ་ཆང་སོགས་ཀྱི་རྔན་ནས་རང་རིགས་ཀུན།། ཉ་མོ་སྐམ་སར་བཏོན་འདྲའི་ལས་འདི་ཅི།།
|
|||
|
2008.12.27
05:54:30
|
|||
|
ཀ་ནས་དག་པའི་བོད་ལྗོངས་བདག་འཐོབ་དེ།། ཁ་བ་ཅན་པར་ཡོད་པ་སྨྲོས་མེད་ཀྱང་།།ག་ནས་ག་ཡོང་མེད་པའི་གུང་ཇག་གིས།།ང་ཚོའི་བོད་ཡུལ་གློ་བུར་ཟང་ཟིང་བཟོས།།
མུ་འགོད།
|
|||
|