|
|
|
|
གངས་རིའི་ལྷ་སྲས། |
|
2009.01.29
04:42:15
|
|||
|
ཉེ་ལམ་ང་དང་ཕུ་བོ་གཉིས་སྒེར་དོན་ཞིག་གི་ཆེད་དུ་ཨ་མདོ་རྔ་པ་རྫོང་ལ་སོང་བ་ཡིན། ཉིན་གུང་ངེད་གཉིས་བོད་ཀྱི་ཟ་ཁང་ཞིག་ལ་འགྲོ་དུས་དེར་བོད་ཀྱི་འབྲོག་པ་འགས་ཁ་བརྡ་བྱེད་ཀྱིན་འདུག སློག་པ་གྱོན་མཁན་དེས་བཤད་རྒྱུར། ཨ་རོགས་ད་ལོ་ལོ་གསར་རྩིས་ཨེ་ཡོད་ཅེས་དྲིས་སོང༌། གཞན་པ་དེས་བཤད་རྒྱུར། ང་ཚོ་སྡེ་པས་ལོ་གསར་རྩིས་མི་འདུག་ལ་ངས་ཀྱང་སར་རྒྱུ་མིན།
|
|||
|
2009.01.06
05:23:46
|
|||
|
མཛའ་ཞིང་བརྩེ་བའི་དྲ་གྲོགས་རྣམ་པ། ཟླ་ཤས་སྔོན་ནས་བཙན་བྱོལ་ཁྲོད་ཀྱི་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་སོགས་ཀྱིས་ང་ཚོ་མཉམ་དུ་ཡོད་ཅེས་པའི་གཞས་ཤིག་བཏང་འདུག གཞས་ཚིག་འབྲི་མཁན་དགའ་སྤག་བློ་བཟང་རྡོ་རྗེ་ཟེར་མཁན་དེ་རེད་འདུག གཞས་ཚིག་དེའི་ནང་དུ། ཨེ་མ། ཡིད་རེ་སྐྱོ་ཞེས་པ་ཞིག་འདུག
|
|||
|
2009.01.03
08:34:02
|
|||
|
འཇིག་རྟེན་དབང་ཕྱུག་བཞད་པའི་འཛུམ་དཀར་ཁྲོད། མཐའ་དབུས་སྐྱེ་འགྲོ་ཞི་བདེའི་སྤྲོ་དགའ་འབར།། ལྷག་ཏུ་མགོ་ནག་བོད་ཀྱི་དབུགས་རྒྱུན་ཉིད།། ཁྱེད་སྐུ་མི་འགྱུར་ལྷུན་པོའི་རྗེས་འགྲོ་མཛོད།།
|
|||
|
2008.12.28
10:27:49
|
|||
|
རྡ་སའི་གནམ་གཤིས་ནི་འཁྱག་ནས་འཁྱག་ཏུ་རེད་ལ། འཁྱམ་པོའི་ཡིད་སེམས་ཀྱང་སྐྱོ་ནས་སྐྱོ་རུ་རེད། གཟིགས་དང༌། རང་དབང་དང་རང་བཙན་ཡོད་པའི་རྒྱལ་ཁབ་རྣམས་ནི་དགའ་དགའ་སྤྲོ་སྤྲོའི་ངང་ནས་གནམ་ལོ་གསར་པའི་དགའ་སྟོན་ལ་བྲེལ་བཞིན་པ་སོགས་མཐོང་དུས། དེ་ནི་ང་ཚོས་ལོངས་སུ་སྤྱོད་བྱ་ཞིག་མིན་པར་ང་ཚོ་ནི་ད་དུང་ཐག་རིང་ཐག་རིང་ཞིག་ན། ཆ་མེད་རྒྱུས་མེད་ཀྱི་ལུང་པ་ཞིག་ཏུ་ཅི་ཞིག་སྒུག་ནས་ཡོད་པའི་སེམས་འཚབ་ཅིག་ལོད་འོང༌།
|
|||
|
2008.12.27
08:28:34
|
|||
|
དྲ་གྲོགས་ཚོ། འཛེམ་ཟོན་དང་དངངས་སྐྲག་མེད་པར་ཕེབས་ཤོག་དང༌། ཕོ་ཁྱོ་གའི་བྲང་སྒོ་ཡངས་པོར་ཕྱེ་ནས་ཕེབས་ཤོག་དང༌། དྲང་བདེན་གྱི་སྨྱུུག་རྩེ་རྣོན་པོ་དགྲ་ཕྱོགས་སུ་བསྲིང་བཞིན་ཕེབས་ཤོག་དང༌། གནས་འདི་ན་ང་ཚོས་བགྲོ་གླེང་ལྷུག་པོ་བྱེད་སའི་སྟེགས་བུ་ཞིག་བསྐྲུན་དུ་འགྲོ། བསམ་ཚུལ་གྱི་སྒོ་མོ་ཡངས་པོར་འབྱེད་དུ་འགྲོ། མི་རིགས་ཀྱི་བདེ་སྡུག་ཁོ་ན་གླེང་དུ་འགྲོ། རྒྱ་འདྲེ་ལ་ཁ་གཏད་ཀྱི་མདུང་རྩེ་གཏོད་དུ་འགྲོ། རང་དབང་གི་ཉི་གཞོན་དྲོན་པོ་བསུ་རུ་འགྲོ། ལ་རྒྱའི་དཔུང་རྡང་སྒྲིག་བཞིན་འགྲོ། རྒྱ་འདྲེའི་དྲག་དཔུང་ལ་ངོ་ཚ་སྦྱིན་དུ་འགྲོ། བཙན་པོའི་བུ་རྒྱུད་ཚོའི་གཉིད་ལམ་དཀྲོག་ཏུ་འགྲོ། གངས་རིའི་སྤུན་ཟླ་ཚོར་ཞི་བདེ་སྦྱིན་དུ་འགྲོ། རང་ས་གྲུ་བཞི་དེ་རང་བདག་བྱེད་དུ་འགྲོ། རྒྱ་དཔོན་ཀླ་ཀློ་ཚོའི་རྫུན་རྐུབ་དབྲལ་དུ་འགྲོ། རྒྱལ་ཚོགས་འགོ་དཔོན་ཚོར་གོ་བརྡ་སྤྲོད་དུ་འགྲོ། གངས་རིའི་སོན་རྩ་ཚོར་ལམ་སྟོན་བྱེད་དུ་འགྲོ། ཕྱོགས་ལྷུང་འཐེན་འཁྱེར་ཅན་ཚོའི་སྙིང་ཁ་གཤག་ཏུ་འགྲོ། མདུང་རྩེ་ནང་སྐོར་ཅན་ཚོར་མཛུབ་མོ་འཛུགས་སུ་འགྲོ།
|
|||
|