The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

ལྷ་སྨོན་པ།


2011.11.10 15:51:32

དབུ་མའི་ལམ་གྱི་ལས་འགུལ་ཁང་གི་བྱེད་སྟངས་ལ་བལྟས་པའི་ཚོར་སྣང་།

སྤྱིར་དབུ་མའི་ལམ་ནི་ད་ལྟ་རྒྱ་ནག་གིས་བཙན་གྱིས་དབང་བསྒྱུར་བྱེད་བཞིན་པ་ལྟ་བུ་མཐའ་གཅིག་དང་། བོད་རང་བཙན་གཙང་མ་དགོས་པ་མཐའ་གཅིག མཐའ་དེ་གཉིས་ཀྱི་གང་རུང་དུ་མ་ལྷུང་པའི་དཀྱིལ་ལམ་དབུས་ནས་བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ལ་གོ་དགོས་པ་ཡིན། བར་ལམ་ནས་དབུ་མའི་ལམ་དེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་སྐྱོང་ཞིག་ལ་གོ་བ་ལེན་དགོས་པ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སུའང་གྱུར་ཟིན་པ་རེད། དེ་ལྟ་བུའི་ལམ་དེ་དབུ་མའི་ལམ་ཡིན་ནམ་མཐའ་ལ་ལྷུང་བའི་ལམ་ཡིན་བཤད་ཚོད་ཐིག་དཀའ་ཡང་གཞུང་འབྲེལ་གྱི་གོ་བ་ལེན་སྟངས་འདི་རང་ཡིན་པས་ཆ་འཇོག་བྱེད་དགོས་པ་ང་ཚོའི་ལས་འགན་དུ་གྱུར་ཡོད།


བྱང་བུ།:



2011.08.11 23:20:32

དྲ་གྲོགས་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཞིག་ལ། གུས་པ་ཡུན་རིང་དྲ་ལམ་སླེབས་མ་སོང་། དེའི་རིང་དྲ་གྲོགས་གསར་པ་མང་པོ་ཞིག་སླེབས་འདུག་པ་དང་། དྲ་གྲོགས་རྙིང་པ་གང་མང་ཞིག་ཀྱང་མཇལ་རྒྱུ་མེད་པར་གྱུར་འདུག ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བཀའ་བློན་སུ་དང་སུ་བསྐོ་མིན་ཐད་ཆབ་སྲིད་ལ་དོ་སྣང་ཡོད་མཁན་ཚང་མས་ཚོད་དཔག་སྣ་ཚོགས་བྱེད་བཞིན་འདུག་པས། ཕྲན་གྱིས་ཀྱང་དེ་ལུགས་ཀྱིས་སྔ་རྗེས་ཀྱི་གནས་ཚུལ་ཁག་ལ་གཞི་བཅོལ་ནས་གཤམ་གསལ་མི་སྣ་རྣམས་བཀའ་བློན་དུ་བསྐོ་ངེས་པ་རེད་སྙམ།

བྱང་བུ།:



2010.07.14 09:20:43

ད་ལྟའི་ཆར་སྤྱི་འཐུས་ཀྱི་འོས་གཞི་འདྲ་མིན་འདོན་བཞིན་ཡོད་པ་དང། དོན་དངོས་ཐོག་འོས་གཞི་དེ་དག་གིས་ཤུགས་རྐྱེན་ག་ཚོད་ཐེབས་ཐུབ་མིན་ཡང་སུ་གཅིག་གིས་བཤད་ཚོད་ཐིག་དཀའ་བ་ཞིག་རེད། ཉེ་བའི་ཆར་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱི་མིང་ཐོག་ནས་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་ཞིག་བཀྲམ་འདུག་ལ། དེའི་སྔོན་ལ་དབུས་གཙང་ཆོལ་ཁའི་དབུས་རྒྱུན་གྱི་ངོས་ཀྱང་སྤྱི་འཐུས་ཀྱི་འོས་གཞི་ཞིག་བཏོན་སོང་བ་དེ་དག་གི་ནང་དུ་ཡོད་པའི་འོས་གཞི་ཚང་མ་ལ་མོས་མཐུན་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད། ངས་བལྟས་ན་དབུས་རྒྱུན་མ་ཡིན་པ་དང། ད་ལྟ་སྤྱི་འཐུས་བྱེད་བཞིན་པ་སུ་གཅིག་མ་ཡིན་པའི་གསར་པ་འབའ་ཞིག་སླེབས་ཐུབ་པའི་རེ་བ་རྒྱག་གི་ཡོད། ད་ལྟའི་ཆར་བཀའ་བློན་ཁྲི་པ་དེ་གལ་ཆེན་པོ་ཡིན་ཚུལ་གླེང་བཞིན་པ་ལྟར་དོན་དངོས་ཐོག་གལ་ཆེན་པོ་ཡིན་ཡང། སྤྱི་ཚོགས་ནང་གི་གླེང་རྙོག་མང་པོ་ཞིག་གི་འབྱུང་རྐྱེན་གཙོ་བོ་སྤྱི་འཐུས་ཆགས་ཡོད་པ་དང། སྤྱི་འཐུས་ཀྱི་ནང་ནས་ཀྱང་ཚོགས་གཙོ་ཚོགས་གཞོན་དེ་གལ་ཆེན་པོ་རེད། དེར་བརྟེན་ངས་སྤྱི་འཐུས་ཚོགས་གཙོར་འོས་པའི་སྤྱི་འཐུས་ཀྱི་འོས་གཞི་ཞིག་དང་ཚོགས་གཞོན་དུ་འོས་པའི་འོས་གཞི་གཉིས་བཅས་ངོ་སྤྲོད་ཞུ་རྒྱུ་ཡིན།





2010.06.26 06:23:31

ད་ལྟ་བ ཙན་བྱོལ་ཁྲོད་ཀྱི་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ཞེས་པ་འདིས། སྤྱི་ཚོགས་ལ་ཕན་གཏན་ནས་ཐོགས་མ་མྱོང་ཞེས་བརྗོད་ཀྱང་ཆེ་ས་ནས་མི་ཆོག་པ་མེད་ལ། དུས་རྒྱུན་སྒྲིག་འཛུགས་འདི་གསུམ་གྱིས་སྤྱི་ཚོགས་ནང་ཟང་ཟིང་བཟོས་པའི་གནས་ཚུལ་ནི་རྒྱུན་ཆད་མྱོང་གཏན་ནས་མེད། དཔེར་ན་མདོ་སྟོད་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་རྩོད་རྙོག་རྒྱུན་ཆད་མེད་པ་ཞིག་བསླངས་ཡོད་ལ། ད་ལྟའི་ཆར་ཡང་སྒྲིག་འཛུགས་གཉིས་ཀྱི་མིང་ཐོག་ནས་མདོ་སྟོད་མི་མང་དུམ་བུ་གཉིས་སུ་འགྲོ་རྒྱུའི་ཐབས་ཤེས་གང་ཡོད་བྱེད་བཞིན་ཡོད་པ་རེད། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཟེར་བ་ལ་མཚོན་ན་དུས་རྒྱུན་༧གོང་ས་མཆོག་གི་སྐོར་ལ་ཤ་ཚ་བྱེད་མཁན་མདོ་སྨད་པ་ལས་གཞན་མེད་མདོག་མདོག་བྱེད་རྒྱུ་ཙམ་དང་། དེ་ལ་ཁ་གཏད་གཅོག་རྒྱུ་ཡིན་མདོག མདོ་སྨད་ནང་ཁུལ་ཙམ་ལས་བཙན་བྱོལ་སྤྱི་ཚོགས་ཧྲིལ་པོའི་ཁྲོད་བཟང་ངན་གཉིས་ཀ་བྱེད་ཐུབ་པའི་ནུས་པ་ཆེན་པོ་མེད་སྟབས་སྐབས་འདིར་མདོ་སྨད་ཆོལ་ཁའི་སྒྲིག་འཛུགས་དང་དེའི་འོས་གཞིའི་སྐོར་གླེང་སློང་བྱེད་དགོས་དོན་མེད་པ་ལྟ་བུར་མཐོང་བས་ཟུར་དུ་བཞག





2009.09.09 22:18:21

ཉེ་བའི་ཆར་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་སྐབས། སྐུ་འཁོར་རྣམས་ཀྱི་ནང་དུ་སྔོན་མ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་གསུམ་པ་ཁང་ཨང་༩ པ་ནས་ཡིན་པ་དང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་ཡིན་པ། དེང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་འཚང་ཀ་བརྒྱབ་ཡོད་འདུག་པ་དང༌། སྐུའི་ཞབས་འབྲངས་པས་མཉམ་སྦྱར་སྐུའི་ལྟོ་ཕད་༼ཞེ་ཚིག་སྦྱར་མ་ཤེས་པར་དྲ་གྲོགས་རྣམས་ ལ་དགོངས་སེལ་ཞུ་༽བསྣམས་ནས་ཕེབས་བཞིན་པའི་སྐབས་སྐལ་ལྡན་བློ་གྲོས་ཀྱིས་ཁོས་ཁུར་ཆོག་ཅེས་ཁུར་ནས་སོང་ཡོད་པ་དང༌། རྗེས་སུ་སྐལ་ལྡན་བློ་གྲོས་ཟེར་བས་སྐུའི་ལྟོ་ཕད་རླངས་འཁོར་གྱི་ནང་དུ་གཡུགས་ནས་སོང་ཡོད་པ་རེད། རྗེས་སུ་རྩད་གཅོད་བྱེད་པའི་སྐབས་རླངས་འཁོར་དེ་ཉེན་རྟོག་ལས་ཁུངས་ནས་ཡིན་འདུག་པ་དང༌།


བྱང་བུ།:



2009.08.09 06:03:24

ངའི་སེམས་ནང་གི་བཀའ་ཁྲི་འོས་ཤོས་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ།

ད་ལྟའི་ཆར་མི་མང་པོ་ཞིག་གིས་བཀའ་བློན་ཁྲི་པའི་འོས་གཞིའི་སྐོར་བགྲོ་གླེང་དང་། བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱའི་ནང་དུའང་བཀའ་ཁྲིའི་འོས་གཞི་རུ་མི་བཞི་སླེབས་འདུག དེའི་ནང་དུ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་དང༌། སྦར་སིལ་སྐུ་ཚབ་བཀའ་ཟུར་བཀྲ་ཤིས་དབང་འདུས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་བཅས་རེད་འདུག





2009.03.27 19:26:07

ཉེ་བའི་ཆར་རླུང་འཕྲིན་ཁག་ཅིག་ལས་ཐོས་པ་ལྟར་ན། ཁེ་ན་ཌར་གནས་སྡོད་སྤྱི་ཟུར་བསམ་གྲུབ་ལགས་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བོད་གཞུང་གི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་པའི་གནས་ཚུལ་ཞིག་ཐོན་འདུག གནས་ཚུལ་དེ་ཕྱིར་བསྒྲགས་བྱས་པ་ནི་ཁོང་གིས་ཀྱང་དང་ལེན་གནང་ཟིན་པ་ཞིག་མ་ཡིན་པར་ཕྱི་བསྒྲགས་བྱེད་མི་སྲིད་པ་ཞིག་ཡིན་པས། དང་ལེན་གནང་ཟིན་པ་གསལ་པོ་རེད། སྤྱི་ཟུར་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་ལོ་སྔོན་མའི་མང་གཙོའི་དུས་ཆེན་ནས་བཟུང་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་ཞིག་འགོ་འཛུགས་བྱས་ཡོད་པ་དང༌། སྐབས་རྗེས་མའི་བཀའ་ཁྲིའི་འོས་གཞི་འཚོལ་རྒྱུའི་ལས་འཆར་ཆེན་པོ་ཞིག་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། མི་མང་པོ་ཞིག་གིས་དེ་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་རེད།





2009.03.12 06:17:04

མི་མང་གི་ཐད་ཀར་འོས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པ་འདི་ཧ་ཅང་གལ་ཆེན་ཡིན་སྟབས་ང་རང་གི་བསམ་ཚུལ་ལྟར་བྱས་ན་གཤམ་གསལ་མི་འདི་དག་འོས་འཚམས་ཡོད་པར་སྣང་ཡང་ཁྱེད་རྣམས་ལ་དགོངས་ཚུལ་གང་ཡོད་གསལ་པོ་གསུང་རོགས། གནད་དོན་འདི་དོན་མེད་རྩེད་མོའི་རིགས་དང་མི་འདྲ་བར་གལ་ཆེ་དོན་ཆེན་དུ་བརྩིས་ནས་བསམ་ཚུལ་སྤེལ་རོགས་གནང་ཞུ་རྒྱུ་ཡིན།

གཅིག བཀའ་ཟུར་བཀྲ་ཤིས་དབང་འདུས།

གཉིས། བཀའ་ཟུར་པདྨ་ཆོས་འབྱོར།

གསུམ། བཀའ་ཟུར་བློ་བཟང་སྙན་གྲགས།

གཤམ་དུ་གོང་གསལ་མི་སྣ་འདི་དག་གི་ངོ་སྤྲོད་མདོར་བསྡུས་རེ་ཞུ་རྒྱུ་ཡིན།





2009.02.15 20:23:49

གནད་དོན་འདིའི་སྐོར་ལ་བགྲོ་གླེང་དང་ལན་འདེབས་བྱེད་དགོས་པར་མཐོང༌།

ལོ་འདིར་བོད་ནང་དུ་བོད་རིགས་གང་མང་ཞིག་རྒྱ་གཞུང་གིས་དམར་གསོད་བཏང་བ་དང༌། གང་མང་ཞིག་གིས་བཙོན་འཇུག་མནར་གཅོད་སྣ་ཚོགས་མྱོང་བཞིན་པར་བརྟེན། བོད་ཕྱི་ནང་གཉིས་སུ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་ལོ་སར་མི་ གཏོང་བའི་བྱེད་ཐབས་དེ་ལ་རྒྱ་གཞུང་གིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང༌། རྒྱ་ནག་གཞུང་གི་ངོས་ནས་ལོ་སར་གཏོང་དགོས་པའི་བཙན་བཀའ་དང་བསླུ་བྲིད་གང་མང་ གཏོང་བཞིན་པ་མ་ཟད། བཙན་བྱོལ་ཁྲོད་དུ་ལོ་སར་མི་གཏོང་བའི་བྱ་ཐབས་དེ་ལ་ངོ་རྒོལ་དང་སེམས་འཚབ་ཀྱི་ རྩོམ་ཡིག་ཅིག་གྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཟེར་བ་རུ་སྤེལ་འདུག་པ་ འདིར་ཆ་ཚང་དཔྱད་གཞིའི་ཚུལ་དུ་དྲངས་ཡོད་པས། ཚང་མས་དེའི་སྐོར་ལ་བགྲོ་གླེང་ལྷུག་པ་པོ་དང༌། ལན་འདེབས་གསལ་པོ་ཞིག་གནང་དགོས་པར་སྣང༌། གཤམ་དུ་རྩོམ་ཡིག་དེ་ཆ་ཚང་བཀོད་ཡོད་པས་དེར་གཟིགས་རོགས་ཞུ་བཞིན་ཡོད། རྩོམ་ཡིག་འདི་དྲ་དྲོགས་ཕལ་མོ་ཆེས་གཟིགས་ཡོད་ངེས་ཀྱང༌། གཟིགས་སྟབས་བདེ་ཕྱིར་འདིར་བཀོད་པ་ཡིན།