The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

མེ་སྟག


2011.08.10 04:02:38
སྤྱིར་བོད་པའི་སྤྱི་ཚོགས་ནང་ལ་མིང་གི་རྣམ་གྲངས་མང་སྟབས་ཚོགས་པ་ཆེ་ཆུང་དང༌། རྒྱལ་ཁབ་བར་གྱི་འགན་འཛིན་གྱི་མིང་ལ་བསམ་ཚུལ་མང་པོ་ཞིག་སྤེལ་བཞིན་པ་རེད་འདུག དེ་སྔོན་ཡིན་ན་ཡོངས་གྲགས་བཀའ་བློན་ཁྲི་བ་འབོད་ཀྱི་ཡོད། འོན་ཀྱང་སྲིད་སྐྱོང་བ་སོགས་ཚིག་གསར་དེ་དག་ལབ་མ་དགོས་པར་༼བོད་ཀྱི་སྲིད་འཛིན་༽ལབ་པ་ཡིན་ན་རྒྱལ་ཁབ་གཞན་གྱི་འབོད་སྲོལ་དང་མཐུན་པ་མི་འདུག་གམ།
བྱང་བུ།:



2011.07.28 04:51:57

ཁ་གཡང་འབོད་པ་ནི། དྲ་ལམ་འདི་ནས་ཚང་མས་གང་འཇོན་ཅི་འཇོན་བྱས་ཏེ་རང་གི་བསམ་ཚད་དང༌། ཐོས་ཚད་གནས་ཚུལ་ཆེ་ཕྲ་དུས་དང་དུས་སུ་ཟིན་བྲིས་འདེབས་ཡོང་གི་འདུག་པར་རྗེས་སུ་ཡི་རང་གི་ཁ་གཡང་ཡིན། ངན་པ་བརྗོད་དགོས་པ་ནི། དུས་ཀྱི་ཐུང་མཐའ་ཞིག་ལ་བྲེལ་ཆེ་འདོག་བྱས་ཏེ་སྐད་ཡིག་ཁྲིམས་ཁང་ཟེར་བ་ཞིག་གིས་ཟིན་བྲིས་ཁག་ལ་དག་བཅོས་བྱེད་རྒྱུ་ཡོད་འདོག་གི་མིང་རྫིག་པོ་ཞིག་ཁུར་ནས་སླེབ་བྱུང༌། ད་ལྟ་མིང་ཡང་ལྷག་མི་འདུག་པ་དེ་ངན་པ་བརྗོད་པ་ཡིན།

 


བྱང་བུ།:



2011.04.26 04:33:18

རྡོར་གླིང་ལྕགས་པོ་རིའི་བོད་ཀྱི་གསོ་རིག་མཐོ་སློབ་ནང་སྨན་སློབ་གསར་པ་བསྡུ་རྒྱུའི་གསལ་བསྒྲགས།

E_mail: This e-mail address is being protected from spambots, you need JavaScript enabled to view it

༤ ཆོས་སྡེ་ཁག་གི་སློབ་མ་ཡིན་ཚེ་འཛིན་རིམ་བཅུ་གཉིས་དང་ཆ་མཉམ་པའི་དབུ་མ་གོང་མའི་ལག་འཁྱེར་དགོས།

༥ མཐའ་མའི་ཐོན་རྒྱུགས་ཀྱི་སློབ་ཚན་བོད་ཡིག་དང་། དབྱིན་ཇིར་བརྒྱ་ཆ་ ༥༠ རེ་ལོན་པ་དགོས་རྒྱུ།

༦ ལོ་ཚད་ ༢༥ ལས་མ་བརྒལ་བ་དགོས་རྒྱུ་དང་། སྐྱེས་ཚེས་ཁུངས་སྐྱེལ་ཡིག་ཆའི་ངོ་བཤུས།


བྱང་བུ།:



2011.03.25 03:51:32

ད་རེས་བཙན་བྱོལ་བོད་ཀྱི་འོས་སྡུ་ཆེན་མོའི་སྐབས་ཀྱི་གྲུབ་འབྲས་བྱུང་བ་འདི་ལྟར། མཁས་དབང་བློ་བཟང་སེང་གེ་ལགས་འོས་གྲངས་ ༢༩༢༥༣ ཐུབ་ཡོད་པ་དང༌།
བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་འོས་གྲངས་ ༡༨༤༡༥ ཐུབ་ཡོད་པ་དང༌། མཐའ་མ་སྐུ་ངོ་བཀྲ་ཤིས་དབང་འདུལ་ལགས་ལ་འོས་གྲངས་ ༨༩༦༧ ཐུབ་ཡོད་བཅས་རེད་འདུག


བྱང་བུ།:



2010.10.13 03:53:21

༢ པགས་ཚག་འཇམ་པོ་ལུས་གྱོན་ནས། རྒྱལ་ཁམས་རྒྱན་གྱི་གཏང་མ་ཐོབ།
༣ སུག་ལྡིས་སྐམ་པོའི་ཐུག་པ་བསྐོལ། །ནང་ཚང་ཐམས་ཅད་ཧ་གད་ཤོར།
༤ རྫི་རིལ་ལ་དར་ཕྱུགས་སེ་ཕྱུགས། རྔ་མོང་ཐོད་པ་ཞས་སེ་ཞས།
༥ སྐག་སྐག་གླ་ཕོའི་འཆའ་སྐད་རེད། ཧན་ཧན་བུ་མོའི་ཕན་སྐད་རེད།
༦ ལུག་ཐོང་བ་མ་བཤའ་བཀའ་མེད་རེད། དཔའ་རྒྱ་ཚའི་གསོལ་བཞས་འདྲེན་དགོས་རེད།


བྱང་བུ།:



2010.10.08 04:26:52

གུས་པའི་སྤུན་ཆུང་ཉི་མ་ཚེ་རིང་དང༌། གྲོགས་པོ་བག་དྲོ་གཉིས་ནི་གླུ་ངག་སྙན་པ་དང༌། རྡུང་ལེན་ཡང་ཧ་ཅང་མཁས། དེ་འདྲ་ཡིན་པ་སོང་ཙང༌། ངས་ཁོ་གཉིས་ལ་ཡོད་པའི་ཁྱད་ཆོས་དེ་དག་བག་འཁུམས་སུ་མི་འགྲོ་བའི་ཁྱད་དུ། རང་མི་རིགས་ཀྱི་ལ་རྒྱ་དང༌། ཕུག་བསམ། འདས་པའི་དུས་རིམ། དེང་གི་སྤྱི་ཚོགས་ཀྱི་གནས་སྟངས། ཡ་རབ་བཟང་སྤྱོད་དང༌། ཤེས་རིག་དར་སྤེལ་བྱེད་པའི་སྐུལ་མ་སོགས་གླུ་ཚིག་ལམ་ནས་དྲངས་ཅིང་འོད་ལྡེར་ཞིག་རིན་མེད་ཐོག་གསར་སྤེལ་བྱད་འཆར་ཡོད་ན། རྣམ་པ་ཚོའི་ལྷག་བསམ་དཀར་པོའི་གླུ་ཚིག་རེ་ཟུང་གནང་སྐྱོང་ཡོང་བ་མཁྱཻན་མཁྱེན་ཞུ།


བྱང་བུ།:



2010.09.24 05:25:47

རྒྱ་རི་སྒྲོལ་མས་ལྷོ་ཕྱོགས་སུ་འོས་ཉོ་བ་དང་སློང་བ་སོགས་འདྲ་མིན་བྱ་སྤྱོད་སྤེལ་བ་དེ་ནི། རང་ཉིད་ལ་རང་བཞིན་གྱི་ཤེས་འཇོན་མེད་པའི་རྟགས་མཚན་གསལ་པོ་ཞིག་བསྟན་པ་རེད།

སྤྱིར་མོ་རང་བཀའ་ཁྲི་ཐུབ་རྒྱུའི་རེ་བ་བྱེད་ཆོག་མོད་ཀྱང༌། སྟོང་པ་སྟོང་ཀྱང་རེད། ས་གནས་ཁག་དང༌། གཞོན་སྐྱེས་ཁག་ངག་སྒོ་ལ་ལྟས་དུས། ད་རེས་བཀའ་བློན་ཁྲི་བ་དེ་བཟང་སྤྱོད་ལྡན་པ། ཤེས་འཇོན་གཉིས་ལྡན་ཡོད་པ་ཞིག་ལ་འདེམས་རྒྱུ་ལས། ཕྱོགས་རིས་མཐེན་ཕྱིར་བྱས་པའི་བཀའ་བློན་ཁྲི་བ་དང༌། སྤྱི་མཐུན་ཞིག་ལོ་འདིར་རྐུབ་སྟེགས་ལེན་ཐུབ་ཐབས་མེད་པ་ཞིག་དངོས་གསལ་དོད་པོ་རེད་འདུག ལྷག་པར་གཞོན་སྐྱེས་ཚོ་ཆབ་སྲེད་ལྟ་བ་ཇི་མཐོར་སོང་ཡོད་པ་དང༌། བོད་ཀྱི་རྩ་དོན་ལ་ཧ་ཅང་གི་དོ་བཀོར་ཆེ་བས་རྐྱེན་གྱིས་མཚན་ཉིད་ལྡན་པའི་བཀའ་ཁྲི་ཞིག་དང་སྤྱི་མཐུན་ཞིག་འདེམས་ཐོན་ཡོང་རྒྱུ་གདོན་མི་ཟ།

ཕྱོགས་རིས་མཐེན་ཕྱིར་དེ་མི་རྒན་པ་ཚོ་ཆེ་འདུག དེ་ཚོ་བསམ་ཤེས་ལེགས་པོ་བྱེད་འདུག་བསམ་གྱི་འདུག


བྱང་བུ།:



2010.09.21 04:28:30

གོང་མའི་འཕྲོས།

འོན་ཀྱང་སྟོབས་ལྡན་གྱི་ཨ་མས་སྐྱིད་ལོ་ཡག་ནི་རང་གི་བློ་ཡིད་ཚིམས་པའི་མནའ་མ་དེ་མིན་པས་རྟག་ཏུ་ཚིག་ངན་གྱིས་ཟུར་མདའ་འཕེན་གྱི་ཡོད་ལ། ལས་ཀ་དཀའ་ལས་ཆེ་བ་རྣམས་སྐྱིད་ལོ་ཡག་ལ་བསྐུལ་བ་དང༌། ཟས་ལྷག་འཐུང་ལྷག་ཐམས་ཅད་སྐྱིད་ལོ་ཡག་ལ་སྦྱིན་པ་སོགས་རྟག་ཏུ་མནར་གཅོད་གཏོང་གི་ཡོད། འོན་ཀྱང་སྐྱིད་ལོ་ཡག་གིས་སེམས་ལ་ཨ་མ་དེ་ནི་རང་ཉིད་སྐྱེས་པའི་ཨ་མ་མིན་ཡང༌། ལས་ལ་བསྐོས་པའི་ཨ་མ་རེད་སྙམ་ནས་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རང་ནུས་ཇི་ཡོད་བཏོན་ཏེ་ལས་ཀ་བྱེད།


བྱང་བུ།:



2010.09.14 05:26:27

མཁས༷་དབ༷ང་རྣམ་དཔྱོད་ལྡན་པའི་བློ་སྒོ་ལས།།

བཟ༷ང་པོའི་དན་རྟགས་ཚང་ལ་མ་ནོར་བ།།

སེང༷་གེའི་སྒྲ་ལྡན་རླབས་ཆེན་མི་རིགས་དོན།།

བཀའ་ཡི་བློན་པོར་བཞེངས་པ་དགའ་བསུ་ཞུ།།





2010.09.10 03:46:59

གོང་མའི་འཕྲོས།

སྟོབས་ལྡན་ཀྱི་ཨ་ཕ་ནི་སྡེ་བ་དེ་དང༌། ཉེ་སྐོར་གྱི་སྡེ་བ་ཡོངས་ཀྱི་བརྩི་མཐོང་བྱེད་ས་ཞིག་ཡིན་སྟབས། ཚང་མའི་བློ་འདྲི་གྲོས་བསྡུར་བྱེད་ས་དང༌། བསླབ་བྱ་ལམ་སྟོན་བྱེད་མཁན་ཞིག་ཀྱང་ཡིན་མོད། ཁོ་གཉིས་གཉེན་སྒྲིག་གི་གླེང་འགོ་ཚུག་དུས་ཁོ་སེམས་སྡུག་གི་རྣམ་འགྱུར་བསྟེན་ཡོད་པ་དང༌། མ་ཟད་བཟང་ངན་ཡ་ལན་ཞིག་ཀྱང་སྤྲད་མེད་པ་དེ་བཤད་ཚོད་ཐིག་དཀའ་ནའང༌། ཁོ་རང་གི་མི་ཚེ་དང༌། ཁོང་གཉིས་ཀྱི་མདུན་ལམ་ཅི་འདྲ་བ་ཞིག་ཡོང་རྒྱུ་ཡིན་པ་ཤེས་རྟོགས་ཟིན་པའི་སྣང་བ་ཞིག་ཡིན་ཡང་སྲིད་ལ། རྒྱུ་མཚན་གཞན་ཞིག་ཀྱང་ཡོད་མི་སྲིད་པ་མིན། གང་ལྟར་ཁོ་ནི་ཚེམ་བུའི་ལག་ཤེས་ཧ་ཅང་མཁས་པས། དུས་ནམ་ཁོམ་ལ་སྡེ་ཁག་གིས་གདན་འདྲེན་བྱས་ནས་ནང་དུ་ཉིན་གཅིག་ཙམ་ཡང་འདུག་པའི་ཁོམ་པ་མེད།


བྱང་བུ།:



2010.09.08 03:30:24
གོང་མའི་འཕྲོས། སེམས་ཁམས་མ་མཐུན་པའི་ཁར། ད་དུང་རེ་སྒུག་གི་ཁང་ཆུང་ཞིག་ཡོད་པ་འདི་ནས་ཆ་ལམ་ཙམ་ཤེས་ཐུབ་པ་ནི། ཁོ་གཉིས་གཉེན་སྒྲིག་མ་བྱས་པའི་སྔོན་དུ། སྟོབས་ལྡན་ལ་སྡེ་བ་དེའི་ནང་དུ་བུ་མོ་སྐྱིད་ལོ་ཡག་ཟེར་བ་དེ་འབྲལ་མི་ཕོད་པའི་བརྩེ་གདུང་གི་འཁྱུད་ཡོད་ཀྱང༌། སྟོབས་ལྡན་གྱི་ཕ་མ་བཙན་དྲགས་པ་དང༌། ཕ་མའི་བཀའ་དེ་ནི་ནམ་མཁའི་ཐོག་དང༌། རི་གཟར་རྦབ་རྡོ་ཞིག་ཏུ་རྩིས་ནས། ཕ་མའི་རེ་འདོད་ལས་མ་ལྡོག་པར་བསྐོས་པའི་ལས་ལ་ཟུར་རྒྱུ་མེད་པ་ཞིག་ཡིན་པར་སེམས་ནས་བཟོད་སྒོམ་གྱིས་ཟངས་མཚོ་དང་མཉམ་དུ་མི་ཚེ་འཁྱོལ་ཐབས་བྱས།
བྱང་བུ།:



2010.09.07 03:50:30

ལོ་ཡག་སྡེ་བ་ཟེར་བའི་གྲོང་པ་ཆུང་ཆུང་དེའི་ནང་རིགས་རྒྱུད་བཟང་ཞིང་འབྱོར་བའི་ཕྱུག་པའི་སྟོབས་ལྡན་ཟེར་བ་དང༌། ཆུ་ལོག་སྡེ་བ་ནས་ཡིན་པའི་བུ་མོ་ཟངས་མཚོ་བྱ་བ་གཉིས་ཆུང་དུས་ནས་ཕ་མ་གཉིས་ཀྱིས་བཙན་གྱིས་གཉེན་བསྒྲིགས་ནས་མི་ལོ་ཧྲིལ་པོ་ལྔ་བཅུའི་མཚམས་སུ་རྒལ་ནའང༌། ད་དུང་ཕྲུ་གུ་མ་སྐྱེས། དེ་ནི་ཕན་ཚུན་སེམས་ཁམས་མ་མཐུན་པས་རྐྱེན་གྱི་ཡིན་ནམ། ཡང་ན་ཁོ་གཉིས་བཙན་དབང་གི་མདུན་ལམ་དེ་མ་དགའ་བའི་རྣམ་འགྱུར་ཡིན་ནམ། ཡང་ན་གཞན་ཞིག་རེ་སྒུག་གིས་སྟོང་བསམ་ངང་དུ་ལུས་པ་ཡང་ཡིན་སྲིད། གང་ལྟར་ཁོ་གཉིས་ཕྲུ་གུ་སྐྱེ་རྒྱུའི་དོན་དུ་སྨན་པ་བསྟེན་གཏུག་བྱེད་མྱོང་མེད་ལ། ལུས་ཀྱི་སྒྲིབ་པ་སྦྱོང་ཕྱིར་ཡར་མཆོག་གསུམ་ལ་མཆོད་འབུལ་དང༌། མར་ངན་སློང་ལ་ཕན་པའི་ཟས་སྣ་གཅིག་དང་གོས་ལྷེབ་ཙམ་ཞིག་དེ་བས་སྦྱིན་མྱོང་མེད། དེ་ནི་བཟའ་ཟླའི་ནོར་ལ་སྲིད་ཆེ་བས་མཆོད་འབུལ་སྦྱིན་གཏོང་མི་བྱེད་པར། ད་དུང་སྟོབས་ལྡན་ལ་བཀག་འགོག་ཁོ་ན་བྱེད་ཀྱི་ཡོད།
མུ་འགོད།


བྱང་བུ།:



2010.09.03 04:11:11

རྒྱུན་དུ་མངར་མོ་ཟ་མཁན་ཞིག་གིས་སྐྱུར་མོའི་བྲོ་བ་ག་འདྲ་ཡོད་མེད་མི་ཤེས་པ་བཞིན་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་༌།


བྱང་བུ།:



2010.08.27 05:37:50

ལས་དགེ་བ་བྱས་པས་འབྲས་བུ་བདེ་བ་དང༌། ལས་ངན་པའམ་སྡིག་པ་བྱས་པས་འབྲས་བུ་སྡུག་བསྔལ་འབྱུང་བ་དང༌། ལུང་མ་བསྟན་པའི་ཆོས་གང་དང༌། འབྲས་བུ་གང་ཡིན་ནམ།


བྱང་བུ།:



2010.08.23 04:11:02

ཡངས་ཤིང་རྒྱ་ཆེ་བའི་ནོར་འཛིན་གྱི་ཕ་མཐའ་ནས་འདྲེན་བྱེད་ལ་ཉེ་བར་འཁོ་བའི་བརྙན་པར་ཞིག་དང༌། སྒྲ་འཛིན་རྣ་བའི་བའི་དབང་པོའི་གམ་དུ་སྙན་པའི་གསུང་ངག་ཚིག་གསུམ་མེད་པར་དུས་ཡུན་ཧ་ཅང་རིང་པོ་སོང༌། འདི་ནས་རང་གིས་རང་ལ་ཞིབ་འཇུག་བྱས་དུས། རང་ངོས་ནས་འགལ་ཟླ་ཤོར་བའི་གནས་ཚུལ་ཡ་མ་ཟུང་ཞིག་ལྷག་ཡོད་པ་གང་ཡང་དྲན་གྱི་མི་འདུག ངའི་འདི་ནས་སྐར་ཆ་དང༌། སྐར་མ། ཆུ་ཚོད་དང༌། ཉི་ཞག ཟླ་བ་དང༌། ལོ་རྩིས་ཏེ་ཁྱོད་ཀྱི་སྐད་ངག་དང༌། བཞིན་རས་དྲན་ནས་སྡད་ཡོད། འོན་ཀྱང་ཁྱོད་ནི་ཁྲལ་མེད་ཞིག་སྟེ། སྐད་ངག་ཚིག་གསུམ་ཡང་བཤོད་འདོད་མེད་པའི་རྣམ་འགྱུར་གསར་པ་ཞིག་ཆགས་ཡོད་ཚོད་འདུག
སྐབས་རེ་རང་གི་བསམ་ཚུལ་བཟང་ཕྱོགས་ལ་ཁ་ཕྱོགས་ནས། སྙིང་རྗེ། ས་ཐག་རིང་པོ་ཡིན་པ་དང༌། ཉིན་མཚན་གོ་ལོག་གི་ས་མཐའ་ནས་གསུང་ངག་ཚིག་གསུམ་ལབ་ཡག་ཡང་གོ་སྐབས་ཐུབ་ཀྱི་ཡོད་ཀྱི་མ་རེད་བསམ་ནས། བཟོད་གསན་བྱེད་ཅི་ཐུབ་བྱས། འོན་ཀྱང་མི་ལོའི་ཀྱོག་མཚམས་འདིར། ངས་མི་དང༌། བརྩེ་བ་གཉིས་དབྱེ་བ་ཡང་དག་པ་ཞིག་བྱེད་ན་འདོད། རྒྱུ་མཚན་ནི། གཞོན་ནུའི་ལང་ཚོ། ཤེས་རིག་གི་སྒོ་རྒྱ། དཔལ་འབྱོར་འདུ་འགོད། རྒྱལ་སྤྱིའི་འབྲེལ་ལམ་སོགས་རང་བཞིན་མ་གྲུབ་པའི་ཚིག་སྐམ་བརྩེ་བ་ཟེར་བ་དེ་མི་ཚེ་ཕུང་དུ་འཇུག་མཁན་ཞིག་རེད་འདུག





2010.08.19 03:07:38


ལས་མ་དག་པའི་བཙན་བྱོལ་བོད་མི་ཀླད་མེད་འདི་ཚོས་རང་རྒྱལ་ཞན་ཕམ་གྱིས་ཕྱོགས་རིས་དང༌། སྤྱི་དོན་ལ་ཕན་སེམས་མེད་པ། ཤེས་འཇོན་དང་བློ་རྒྱ་ལ་ཞིབ་འཇུག་མི་བྱེད་པ། ཛ་དྲག་ཅན་གྱི་བོད་དོན་ལ་བསམ་བཞིགས་མི་བྱེད་པ་འདི་དག་མཐོང་དུས། ང་ནི་མིག་མཐའ་མཆི་མའི་ཁེངས་སོང༌། བོད་ཀྱི་བཀའ་བློན་ཁྲི་བ་གསར་འདེམས་བྱེད་ཡག་དེ། བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོག་ཡོང་མཁན་ཞིག་དང༌། རྒྱ་བོད་འབྲེལ་ལམ་ཚུགས་ཅིང་བོད་དོན་བདེན་མཐའ་སེལ་ཐབས་དང༌། བློ་རྒྱ་དང་ཤེས་འཇོན་ལྡན་པ་ཞིག་དགོས་པ་ལས། ཤེས་འཇོན་དང་ལ་རྒྱ་ལྷག་བསམ་ལ་མ་ལྟོས་པར་ཆོལ་ཁའི་མི་སྣ་བཀའ་ཁྲི་སླེབ་ཐབས་འབད་རྩོན་བྱེད་བཞིན་པ་འདི་ནི། སྤྱིར་བོད་རྒྱལ་ཁབ་ཀྱི་དཀའ་ངལ་ཞིག་དང༌། བྱེ་བྲག་ཏུ་ཆོལ་ཁ་ཕན་ཚུན་དཀའ་ངལ་འཕར་མ་ཞིག་རེད།
རང་གི་རེ་བ་ལ་བོད་རྒྱལ་ཁབ་ཆུང་ཆུང་འདི་ལ་གྲངས་ཉུང་མི་རིགས་ཀྱི་ཆོལ་ཁའི་འཐེན་ཕྱིར་མེད་པར་སྡོག་རྩ་གཅིག་སྒྲིལ་བྱས་ཏེ་འོས་ཤོག་ཚད་ལྡན་ཡང་དག་ཞིག་བླུག་ཐབས་གནང་རོགས་རེ་བ་སྟོང་ཕྲག་ཞུ་རྒྱུ་ཡིན།





2010.08.18 04:08:08
འཛམ་གླིང་ས་གོ་ལའི་མཐའ་ཟུར་འདིར་ལུང་པའི་བཀོད་པ་དང༌། རྒྱལ་ཁབ་ཀྱི་སྒྲིག་ལམ་མཚན་ཉིད་ལྡན་ཅིང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་གི་སྒྲིག་སྲོལ་དང༌། ལམ་ལུགས་ལ་བསམ་ཞིགས་བྱས་ཏེ་མ་ཡུམ་གངས་ལྗོངས་ཆེན་མོ་ཁྱེད་དྲན་ཐེངས་རེར། ངའི་སྣ་ཁུང་ནས་གཤེར་ཁུ་སྐྱུར་མོ་འཛགས། ལས་དབང་གིས་རྒྱང་ཞུད་བྱས་པའི་རང་རིགས་སྤུན་ཟླ་ཚོ་སྐར་ལྔའི་དར་དམར་མེ་ལྕེ་དགུང་དུ་བསྐྱེད་ཅིང་ས་གཞི་ཡོངས་རྫོགས་དམར་ནག་ཁྲག་གི་འདམ་རྫབ་ཏུ་བསྒྱུར་ནས། ལྷ་སྐུ་དཔེ་བརྟན་དང༌། རིན་ཆེན་ནོར་བུས་ཕྲ་ཚོམ་གྱིས་རྒྱན་བཀོད་པ་ལེགས་པའི་གནའ་རབ་ཀྱི་ནོར་རྫས་ཡོད་དོ་ཅོག་རྒྱ་ཡུལ་དུ་དྲངས།
བྱང་བུ།:



2010.08.16 04:45:21

སྤྱིར་འཛམ་གླིང་འདིར་ད་ལོ་འབྱུང་བཞིའི་གོད་ཆགས་འོག་མི་གྲངས་ཧ་ཅང་མང་པོ་འཆི་རྐྱེན་བྱུང་ཡོད་པ་དང༌། ཁར་སྔོན་སྤྱི་ཚེས་ ༨ ཉིན་བོད་ཀྱི་ས་གནས་མདོ་སྨད་ཀན་ལྷོ་འབྲུག་ཆུ་རྫོང་དུ་དྲག་ཆར་ཤུགས་ཆེན་བྱུང་སྟེ་རི་ཉིལ་འདམ་ལུད་ཀྱི་དོན་རྐྱེན་འོག་ད་ཕན་མི་གྲངས་ ༡༢༣༠ ལྷག་འདས་གྲོངས་སོང་ཡོད་པ་དང༌། མི་གྲངས་ ༥༠༠ ལས་རྒལ་བ་བོར་བརླག་སོང་ཡོད་པ་དང༌།  དེ་བཞིན་མི་གྲངས་ཁྲི་ལས་རྒལ་བ་འདུག་གནས་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང༌། དེ་བཞིན་ལ་དྭགས་ཕྱོགས་སུ་ཆུ་ལོག་འགལ་རྐྱེན་བྱུང་སྟེ་མི་ཤི་རྐྱེན་ཆགས་བྱུང་བ་དེ་དག་གི་ཆེད་དུ་དམིགས་ཏེ།


འབྲི་གུང་བཀའ་བརྒྱུད་གདན་ས་བྱང་ཆུབ་གླིང་གི་འདུས་མང་ཡོངས་ཀྱིས་ཤི་བོར་བསྔོ་སྨོན་དང༌། གསོན་པོར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཐུགས་སྨོན་དང་མཆོད་འབུལ་རྒྱ་གང་ཆེ་བྱས་དང་བྱེད་བཞིན་པ་རེད་འདུག

 


བྱང་བུ།:



2010.08.06 05:58:33
རང་དབང་དང༌། ཞི་བདེ། འཚེ་བ་མེད་པའི་ལམ་ལུགས་ཁ་བ་གངས་ཅན་ལྗོངས་པ། དེ་རིང་འདི་ན་ལྷག་བསམ་གྱི་མེ་སྟག་ཆུང་ངུ་ཞིག་གིས། གྲང་རིགས་ཀྱི་གདུང་བ་དང༌། གསལ་མི་ཐུབ་མུན་ནག་ལས་རྒལ་ཏེ། དྲོད་ཁོལ་གྱི་རྒྱལ་ཁ་གསར་བ་ཞིག་ཐོབ་ངེས་ཡིན།
བྱང་བུ།: བྱང་བུ།