The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

Norbu Wodsal Pasang


2009.02.12 02:49:55

འཇིག་རྟེན་འདིར་ཆེས་རིང་ཐང་ལྡན་པ་ནི་དེ་རིང་ཡིན་ལ་ཆེས་ཤོར་སླ་བའང་དེ་རིང་ཡིན།

ཁ་སང་ནི་འདས་ཟིན་ལ་སང་ཉིན་ནི་ད་དུང་སླེབས་མེད་པས།

ཇི་ལྟར་བརྩིས་ཀྱང་འཛིན་ཐུབ་པའི་ཉི་མ་ནི་དེ་རིང་ཡིན།

གལ་ཏེ་ཁྱེད་ཀྱི་ལས་དོན་ཡོད་ཚད་སང་ཉིན་སྒྲུབས་རྒྱུར་བསྒུགས་ན།


བྱང་བུ།:



2009.02.11 07:31:41

དེ་རིང་བདག་ཉིད་བྲལ་ཞིང་འགྲོ་དགོས་པའི།།
མ་འོངས་སླར་ཡང་མཇལ་མིན་བཤད་པ་དཀའ།།
ཉི་མ་ཟླ་བ་འཆར་ནུབ་བྱེད་པ་བཞིན།།
མཉམ་དུ་འཛོམས་པའི་སྐལ་བ་ཤིན་ཏུ་ཕྲ།།


བྱང་བུ།:



2009.02.11 06:16:21
ལང་ལོང་སྨུག་པའི་དུ་ཞགས་ནམ་མཁར་འཁྲིགས།།
རྣམ་བཀྲ་ཉི་མ་དམར་པོ་སྒྲིབ་པ་བྱེད།།
འུར་འུར་རྣ་བར་སོན་པའི་སྒྲ་དག་གིས།།
སེམས་ཉིད་ཞི་བར་སྡོད་པའི་གོ་སྐབས་བྲལ།།

བྱང་བུ།:



2009.01.30 10:32:35
འདས་ལོ་ཟླ་བ་ ༣ ཚེས་ ༡༠ ནས་བོད་ནང་ཞི་བའི་ངོ་རྒོལ་བྱུང་སྟེ་བོད་རིགས་གང་མང་དམར་གསོད་བཏང་བ་དང༌། ད་ལྟའི་ཆ་ལ་ཡང་འཛིན་བཟུང་དང་མནར་གཅོད་བཏང་མུས་བཞིན་ངེད་ཅག་གསོན་པོར་ལྷག་པའི་བོད་མི་རྩམ་ཟན་ཡོངས་ནས་ལོ་ངོ་ཇི་ལྟར་སོང་ཡང་ཁྲག་དྲི་བྲོ་བའི་ལོ་རྒྱུས་འདི་བརྗེད་ཐབས་མེད་ལ། ཁོང་ཅག་རྣམས་ཀྱི་དོན་དུ་མྱ་ངན་དང་སེམས་འཁུར་དེ་བས་ག་ལ་བརྗེད་སྲིད། ཡིན་ནའང་དགྲ་ཕྱོགས་ནས་གཞིས་ལུས་བོད་མི་རྣམས་ལ་བཙན་དབང་གི་ལོ་གསར་སྤྲོ་སྐྱིད་ལ་རོལ་དགོས་པ་དང༌། ཐ་ན་དཔལ་འབྱོར་གྱི་མཐུན་རྐྱེན་ཡང་སྤྲོད་ཀྱི་ཡོད། འོན་ཀྱང་གཞིས་ལུས་བོད་མི་རྣམས་སེམས་སྟེང་གི་སྡུག་བསྔལ་གྱི་ལོ་སར་བཏང་རྒྱུ་འདུན་པ་བཞག་ཏེ་ཐ་ན་ལོ་འདིར་དགའ་བའི་དགོད་སྒྲའི་རྣམ་པ་ཡང་མཐོང་རྒྱུ་མེད་ལ་ད་དུང་བསྔོ་སྨོན་དང་འདས་མཆོད་ཁྲོད་ཉིན་མཚན་འདའ་ན། ངེད་ཅག་བཙན་བྱོལ་བོད་མི་རྣམས་ཀྱང་ལོ་སར་དང་དགའ་སྤྲོའི་རྣམ་པ་མཚོན་པའི་བྱ་ལས་



2009.01.25 09:34:29

 མུན་བྲལ་སྐྱེ་མ་ཆུ་ལྷའི་གྲོང་དུ་བཞུད།

དགོང་མོའི་སྤྲིན་དམར་དགུང་སྔོན་དབྱིངས་སུ་ཕྱུར།

ཁྲུང་ཁྲུང་བསྟར་ཕྲེང་ལྷོ་རུ་འཕུར་བ་ཡིས།

འཇིག་རྟེན་མི་ཡུལ་འདི་ལ་སྐྱོ་ཉམས་བྱིན།  

 

རི་ཀླུང་མ་ལུས་སྨུག་པའི་དུ་ཞགས་འཁྲིགས།

གྲོགས་རོང་རྣམས་སུ་མུན་པའི་མདངས་ཀྱི་ཆགས།

གཅིག་པུར་ལུས་པའི་སེམས་པའི་སྐྱོ་སྣང་འདི།

ནུབ་ཁའི་ལ་ཡི་སྟེང་གི་འཚམས་སྤྲིན་བཞིན།



2009.01.23 03:35:40

   ༄༅། །ཨོྃ་སྭ་སྟི༔ །རྣམ་འདྲེན་སྟོབས་བཅུ་མངའ་བས་མགོན་དེ་གཙུགས།།      

 སྲས་མཆོག་སྲོལ་འཛིན་གདམས་གཏེར་མར་མེ་མཛད།།

ཐུབ་བསྟན་ཕྱོགས་བརྒྱར་སྤེལ་མཛད་འཇམ་མགོན་རྗེ།།

འདྲེན་བྲལ་གདམས་ངག་ནོད་པའི་བླ་མར་འདུད།། 

 

ལམ་གྱི་རིམས་པའི་ཟབ་དོན་འོད་དཀར་ཕྲེང༌།།

སྐྱེས་བུ་གསུམ་གྱི་མན་ངག་གནད་བསྡུས་འདི།།

རང་ཉིད་གོམས་ཕྱིར་སྐལ་མཉམ་གཞན་གསོལ་སྨན།།

ཐུགས་རྒྱ་ཡང་པོའི་སྤྱན་ལམ་མཆོད་རྫས་སྤྲོ།།



2009.01.13 03:57:03
test
བྱང་བུ།: