བོད་ཀྱི་བང་ཆེན། ཟིན་བྲིས། སེར་ཤུལ་རིན་ཆེན་དོན་གྲུབ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

སེར་ཤུལ་རིན་ཆེན་དོན་གྲུབ།


2012.05.17 13:10:44

དེང་སང་མི་མང་པོ་ཞིག་གིས་ཆོས་ནི་ཆོས་པའི་དགོས་མཁོ་ཞིག་དང་། ཐར་བ་སྒྲུབ་པའི་བྱེད་ཐབས་ཙམ་ཞིག ཡང་ན་ཚེ་འདི་བློས་གཏོང་གི་ལམ་ཞིག་ཏུ་མཐོང་གི་ཡོད་པ་འདྲ། དེ་འདྲའི་བསམ་བློ་དེ་རྒྱུ་མཚན་གང་ཞིག་གིས་བསྐྲུན་པ་ཡིན་ཆ་མ་འཚལ་ཡང་ལྟ་སྟངས་འདིས་རང་ཉིད་ཤེས་བྱ་གལ་ཆེན་ཞིག་ལ་འཇུག་པའི་སྒོ་ཐེམ་འགོག་བཞིན་པ་གསལ་པོ་ཡིན། ང་ཚོར་སློབ་སྦྱོང་དགོས་པ་ནང་བཞིན་ནང་ཆོས་ཀྱི་སློབ་སྦྱོང་ཡང་ངེས་པར་དུ་དགོས་པ་ཡིན། རྒྱུ་མཚན་ནི་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་ཤེས་པའི་གནད་དོན་དང་། མྱོང་སྣང་གི་འགྱུར་བ། སེམས་པའི་འཛིན་སྟངས་སོགས་གཞུང་ལུགས་སམ་སློབ་ཚན་འདིས་གསལ་སྟོན་བྱེད་ཀྱི་ཡོད།


བྱང་བུ།: ནང་ཆོས་སོམས།



2012.05.15 21:29:13
ཆོས་པ་རབ་ཀྱི་བསམ་ཕྱོགས་དང་ལག་ལེན་ཁྲོད་ཀྱི་གལ་ཆེ་བ་ཞིག་ནི་བསླབ་པ་གསུམ་ཡིན། བསླབ་པ་གསུམ་ནི། གཅིག ཚུལ་ཁྲིམས་ཀྱི་བསླབ་པ། གཉིས། ཏིང་ངེ་འཛིན་གྱི་བསླབ་པ། གསུམ། ཤེས་རབ་ཀྱི་བསླབ་པ་བཅས་ཡིན། དེའི་ནང་ནས་ཤེས་རབ་ཀྱི་བསླབ་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་ཟེར་ཞིང་དེའི་གལ་ཆེའི་རང་བཞིན་དང་མི་ཚེ་དང་འཚོ་བའི་ཁྲོད་ཀྱི་ཕན་རླབས་སྐོར་གོང་དུ་མདོར་བསྡུས་ཤིག་གླེང་ཟིན།
བྱང་བུ།: ནང་ཆོས་སོམས།



2012.04.21 13:03:53

དྲི་བ། ཐོག་མར་ཁྱེད་རང་གཉིས་ཀྱི་ངོ་སྤྲོད་ཅིག་གནང་རོགས།

ལན། ངའི་མིང་ལ་ཕཱ་རིན་ཆེ་སུ་ཁོ་ཟེར། Francesco Tormeu ལོ་ཉི་ཤུ་རྩ་བདུན་ཡིན། ཕ་ཡུལ་ཨེའི་ཋ་ལེའི་ཡིན། ལོ་གཅིག་གི་སྔོན་ལ་ལྟ་གྲུབ་རིག་པའི་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་སོང་། མཐོ་རིམ་སློབ་གྲྭར་འགྲོ་སྐབས་ནང་ཆོས་ལ་དོ་སྣང་བསླེབས་སོང་། དེ་ནས་ནང་པའི་ཆོགས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་སྐད་ཆ་བཤད་ནས་ནང་ཆོས་ཀྱི་སྐད་སྒྱུར་བྱ་རྒྱུའི་སློབ་སྦྱོང་གི་སྐོར་ལ་གྲོས་བསྡུར་བྱས་པ་ཡིན། དེ་ནས་ཟླ་ཁ་ཤས་ཀྱི་རྗེས་ལ་དགེ་བཤེས་ངག་དབང་སངས་རྒྱས་ལགས་མཇལ་སོང་། ཁོང་གི་ལམ་སྟོན་འོག་བོད་ཡིག་དང་ནང་ཆོས་སྦྱང་དུ་འདིར་འོང་བ་ཡིན།  





2012.04.17 02:02:51

སྔོན་མ་སྔོན་མ་བོད་མི་མང་པོ་ཞིག་གི་སེམས་ནང་ལ་ནང་ཆོས་ནི་གཞན་ལས་རིན་ཐང་ཆེས་ཆེ་པའི་དངོས་པ་ཞིག་ཡིན་མོད། དེང་སྐབས་བོད་མི་མང་པོ་ཞིག་གི་སེམས་ནང་ལ་ནང་ཆོས་ནི་ཐག་རིང་ཐག་རིང་དང་། ལྐོག་གྱུར་མཛེས་ཆོས་ཀྱི་ལུང་བསྟན་ཞིག་ཏུ་བསམ་བཞིན་ཡོད། དེ་ནི་བོད་མི་བྱིངས་ཀྱི་བསམ་བློའི་འགྱུར་བ་ཞིག་ཡིན་ལ་བོད་ཀྱི་མི་རབས་གསར་བའི་བསམ་བློའི་འགྱུར་བ་ཞིག་ཀྱང་ཡིན། དེ་ནི་ནང་ཆོས་ཀྱི་ཟབ་ཚད་དམའ་བ་དང་། དོན་དངོས་ཐོག་ནང་ཆོས་རང་ཉིད་དང་ཆེས་ཐག་རིང་དུ་ཡོད་པས་རྒྱུ་མཚན་རྩ་ནས་མིན།


བྱང་བུ།: ནང་ལ་སོམས།



2012.04.16 11:19:25

བསམ་ཤེས་པའི་འགྲོ་བ་མི་ཚང་མས་ཤེས་བྱ་རིག་པའི་གནས་ནི་ལེགས་དང་མཆོག་ཏུ་བརྩིས་ནས་གནམ་ལ་བཏེགས་ཡོད། དཔྱོད་ཤེས་ལྡན་པའི་མིའི་འགྲོ་བ་ཆགས་ནས་ད་བར་དུ་སློབ་སྦྱོང་དང་རིག་གནས། མཁས་པ། ཤེས་ཡོན་ཅན་སོགས་ཡག་པོ་མེད་པའི་ལྟ་ཚུལ་ཅན་གྱི་མི་བུ་འཇིག་རྟེན་དུ་སྐྱེས་པ་ཆེས་ཉུང་ཉུང་ཡིན།





2012.04.10 11:36:01

བོད་གངས་ཅན་གྱི་རྒྱལ་གཅེས་དཔའ་རྒོད་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་སྐུ་སྲོག་མེ་འོད་དུ་ཕུལ་ནས་སྙིང་སྟོབས་ཆེན་པོས་ཞི་བའི་འཐབ་འཛིང་གི་ལས་རིམ་འདི་ལྟར་བརྒྱུད་པའི་མཐའ་འབྲས་སུ་ཚེ་སྲོག་དང་བདེན་པའི་སྟོབས་ཤུགས་ཀྱིས་རྒྱ་ནག་དམར་པོའི་ནོར་འཁྲུལ་སྲིད་ཇུས་ཀྱི་སྒལ་བར་རྡུང་རྡེག་ཡང་ཡང་བཏང་བ་མ་ཟད་རང་དབང་དང་།


བྱང་བུ།: བཟང་ཕྱོགས།



2012.04.03 00:44:07

ངའི་དུས་རྒྱུན་གྱི་བསམ་ཕྱོགས་ལྟར་ན་ང་ཚོའི་སྤྱི་ཚོགས་ཁྲོད་དུ་རྒྱུན་འཇགས་སུ་སོང་བའི་བསམ་སྤྱོད་ནོར་འཁྲུལ་ཅན་ཞིག་ཡོད་པ་ནི་རང་གི་རིག་གཞུང་གི་དགེ་མཚན་ལ་ནོ་བསམ་ཆེར་མི་གཏོང་བར་ཕྱི་གླིང་བ་འམ་རྒྱ་རིགས་ཀྱི་རིག་གཞུང་དག་ལ་དང་བ་ཤོར་འགྲོ་བ་དང་ཡིད་སྨོན་སྐྱེ་འགྲོ་བ་འདི་རེད།

འདིའི་རྐྱེན་རྩ་གཅིག་ནི་ང་ཚོའི་རིག་གཞུང་གི་ཁྲོད་དུ་མི་ཆོས་དང་། སྤྱི་ཚོགས་ཀྱི་འཚོ་བར་ཉེ་བའི་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་ཡང་དག་པ་ཞིག་མེད་པས་རེད་ཅེས་མང་པོ་ཞིག་གིས་བསམ་ཤིང་བཤད་ཡོད། འོན་ཀྱང་ངས་འདུ་ཤེས་དེ་ནི་བསམ་གཞིགས་གཏིང་ཟབ་མ་བྱས་པའི་ཚོར་ཐོག་གི་རགས་བཤད་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད།


བྱང་བུ།: དཔྱོད།



2012.03.31 06:04:43

བསམ་བློ་ནི་རྩོམ་རིག་གི་གཞི་རྩ་ཡིན། རྩོམ་རིག་ནི་སྤྱི་ཚོགས་དང་མིའི་འཚོ་གནས་ལ་བདེ་དྲོད་སྦྱིན་པའི་བྱེད་ཐབས་ཤིག་ཡིན་འོས། སྤྱི་ཚོགས་དང་། མིའི་ཚེ་སྲོག་གི་འཚོ་གནས་རིན་ཐང་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་རང་ཉིད་ལ་རྩོམ་པ་པོའི་མཚན་སྙན་ཐོབ་པ་ལས་རྩོམ་རིག་གིས་མིའི་འཚོ་གནས་རིན་ཐང་ལ་སྟོར་སྐྱོན་མ་ཐེབས་པ་ཞིག་གལ་ཆེ་བ་ཡིན།


བྱང་བུ།: སོམས།



2012.03.04 08:37:25

 

མི་རིགས་ཤིག་དང་། ཡང་ན་ཆོས་ལུགས་ཤིག་གི་བླ་ཆེན་དང་དབུ་འཁྲིད་ཙམ་མིན་པར་འགྲོ་བ་མི་དང་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་སྐྱབས་སུ་གྱུར་བའི་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་འཕྲེང་བ་བཅུ་བཞི་བ་ཆེན་པོ་མཆོག་ནི་འཛམ་གླིང་ཐོག་བཟང་སྤྱོད་ཀྱི་ནུས་ཤུགས་མཆོག་ཏུ་གྱུར་བའི་འབྱུང་ཁུངས་དང་། ཆེས་མཐོའི་དབང་ལྡན་གྱི་རྒྱལ་ཁབ་དག་གི་མཆོག་གྱུར་གྱི་སྟོན་པ།





2012.03.01 05:59:09
སྤྱི་ལོ་༢༠༡༡ དང་ ༢༠༡༢། ལོ་གསར་བ་དང་ལོ་རྙིང་བ། ལོ་འདི་གཉིས་ཀྱི་ནང་དུ་ཚེ་སྲོག་གི་སྡོང་པོ་ཉི་ཤུ་ལྷག་ང་ཚོས་རིག་ས་མཐོང་ས་ནས་མེ་ལྕེའི་འོད་ངོགས་སུ་ཞུ་ཞིང་། མེ་ལྕེའི་འོད་རླབས་སུ་འབར། དཔའ་བོ། སྐྱེས་བུ་དམ་པ། མི་རིགས་ཀྱི་རླབས་ཆེན་དབུ་འཁྲིད། བོད་མི་རིགས་ཀྱི་སྣེ་འདྲེན་དཔའ་རྟུལ། ཁྱེད་རྣམ་པ་འདི་ལྟར་ཤ་རུས་དང་། ལྷུ་ཚིགས་རེ་རེ་གཅིག་རེ་གཅིག་རེ་བྱས་ནས་མེ་ལྕེའི་འོད་དུ་བཞུར་དུས་ཡང་སྙིང་ཁོང་དང་ཁོང་ཚོར་ཁྲག་རྒྱུན་གཅིག་པའི་ང་ཚོར་ཅི་ཞིག་གི་འབོད་ཟླ་གཏོང་གི་ཡོད།




2012.02.27 08:34:28

སྤྱི་ལོ་༢༠༡༢ལོའི་ཟླ་༢ཚེས་༢༤ཉིན་རྒྱ་གར་ལྷོ་ཕྱོགས་རྦང་ལོར་གྲོང་ཁྱེར་ནས་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་ལམ་དུ་ཆས། འགྲུལ་བཞུད་འདི་ནི་ང་ལ་མཚོན་ན་ལྗོངས་རྒྱུའི་འགྲུལ་བཞུད་ཅིག་ཡིན་ལ་སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་གི་ཚོད་བགམ་ཐེངས་གཅིག་ཀྱང་ཡིན། ནམ་རྒྱུན་མཚན་ཉིད་དཔེ་ལྟ་དང་ཆོས་རྩོད་བརྒལ་ལན། བོད་ཡིག་འཆད་འཁྲིད། ཚོགས་ཆོས་སྒྲིགས་སྲུང་སོགས་ལ་གཞོལ་ནས་དགོན་པའི་ཕྱི་རོལ་ཀྱི་འཇིག་རྟེན་མཐོང་བའི་གོ་སྐབས་མེད་ལ་ཆེད་དུ་དུས་ཚོད་བཏང་བ་ཡང་མེད།


བྱང་བུ།: དབྱེ་ཞིབ།



2012.01.30 05:40:50
ན་གཞོན་རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་སུ་བཅར་འདྲི།

དྲི་བ། སྐུ་ཉིད་ཀྱིས་དང་ཐོག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་གནང་རོགས། 
ལན། ཕྲན་གྱི་མིང་ལ་སེར་ཤུལ་རིན་ཆེན་དོན་གྲུབ་ཟེར། ལས་གནས་བོད་ཡིག་དགེ་རྒན་དང་། ལྗང་རླུང་རྩོམ་སྒྲིག་ཁོངས་མི། གདན་སའི་རབ་འབྱམས་པ་བཅས་ཡིན། མི་ལོ་བཅུ་ཕྲག་ལྷག་གི་རིང་གཞུང་ཆེན་སློབ་གཉེར་ལ་ཧུར་བརྩོན་བྱས་པའི་འབྲས་བུར་སེར་བྱེས་མཁས་སྙན་གྲྭ་ཚང་གི་རྒྱུགས་སྤྲོད་ཨང་དང་པོ་དང་གཉིས་པ། གསུམ་པ་སོགས་ཀྱི་བྱ་དགའ་ཐེངས་མང་ཐོབ་པ་དང་།  ཞོར་དུ་རྩོམ་རིག་གི་ལམ་བུ་འདི་བརྒྱུད་ནས་སྤྱི་ཚོགས་ཁྲོད་བྲིས་རྩོམ་མི་ཉུང་བ་ཞིག་སྤེལ་བ་ལས་ཁག་གཅིག་ལ་བྱ་དགའ་དང་གདེང་འཇོག་གང་འཚམ་ཐོབ་ཡོད།


བྱང་བུ།: དྲིས་ལན།



2012.01.20 11:24:06

དེང་གི་ཉིན་འདི་དག་གི་རིང་སྟོན་པ་བླ་ན་མེད་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་ཁྱད་པར་ཅན་རྒྱ་གར་རྡོ་རྗེ་གདན་དུ་མི་ཚོགས་ཀྱི་འཚང་ཁ་ཧ་ཅང་རྒོད། མི་ཚོགས་འདི་དག་ཅི་ཞིག་གི་ཆེད་དུ་འཛོམས་པ་ཡིན་ནམ།





2011.12.08 10:13:38

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་སྐབས་ཀྱི་ཟིན་བྲིས།

དེ་རིང་ནི་སྤྱི་ལོ་ཉིས་སྟོང་༢༠༡༡ལོའི་ཟླ་༡༢པའི་༤་ཉིན་ཞིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་བཀའ་དྲིན་ཆེ་བའི་མཛད་རིམ་གྱི་ཉིན་དང་པོའང་ཡིན།




2011.11.30 10:32:19
འགྲོ་བ་མིའི་སེམས་གཤིས་ཀྱི་མྱོང་ཚོར་ལ་འཇུས་ནས་བདེ་སྡུག་གི་གནས་བབ་གླེང་དགོས་པའི་གནས་ལུགས་འདི་བདེ་བ་སྒྲུབ་འདོད་པ་དང་སྡུག་བསྔལ་སེལ་འདོད་ཡོད་པའི་སྐྱེ་བོ་ཀུན་ཀྱིས་དཔྱད་ཞིབ་ཀྱི་རྨང་གཞིར་བཟུང་དགོས་པ་ཞིག་རེད། གནས་སྟངས་འདིའི་ཐོག་ནས་གཟུ་བོའི་ཡིས་དཔྱད་ཅིང་འཚོལ་སྐབས་འདི་འདྲ་ཞིག་མཐོང་སྟེ། སྡུག་བསྔལ་ནི་རང་འདོད་ལ་རྒྱབ་ཀྱིས་ཕྱོགས་པའི་གནས་ཚུལ་དང་འཕྲད་སྐབས་དང་། རང་ཉིད་ཀྱི་འདོད་པའི་བྱ་དངོས་དག་མ་ཐོབ་པའི་གནས་སྐབས། རང་ཉིད་གཞན་ལ་ཡིད་ཆེས་བྱེད་མི་ཐུབ་པའི་གནས་སྐབས་དག་ཏུ་ཡོང་བཞིན་ཡོད།



2011.11.26 11:27:04


མཆན་མཁན་འགའ་ཞིག་ལ་ལན་དུ་བསྟབས་པ།


ཉིན་གསུམ་གྱི་གོང་དུ་སྤེལ་བའི་བདག་གི་རྩོམ་ཡིག་(ནང་བསྟན་བསམ་བློའི་རྣམ་དཔྱོད་འགྲན་རྩོད་ཀྱི་བགྲོ་གླེང་ཆེན་མོ)ཞེས་པ་དེའི་མཆན་དུ་དྲི་བ་འགའ་ཤས་ཤིག་བསླེབས་འདུག་ཀྱང་ལས་བྲེལ་གྱིས་ལན་འདེབས་ལོང་མ་བྱུང་། དེ་རིང་དུས་ཚོད་ཅུང་ཙམ་རེག་པ་དང་བསྟུན་ནས་གསལ་འདེབས་ཤིག་བྱེད་འདོད་བྱུང་། སྤྱིར་བཏང་ནང་བའི་གཞུང་ནས་གསུང་བའི་དཀའ་གནད་ཚང་མ་འཇང་དགུན་ཆོས་སྐབས་སུ་གཏན་འབེབས་བྱེད་ཀྱི་མེད།

བྱང་བུ།: དྲང་ལམ་ཟུངས།



2011.11.22 11:34:37

༢༠༡༡ ལོའི་འཇང་དགུན་ཆོས་ཆེན་མོ་སེ་རར་འཚོགས་པར་ལྟ་བ།

འཇང་དགུན་ཆོས་ནི་འཇང་ཞེས་པའི་ས་ཆ་ཞིག་ཏུ་ཚད་མའི་བགྲོ་གླེང་ཆེད་འཛུགས་བྱས་པ་དང་དུས་སྐབས་དེ་དགུན་དུས་ཡིན་པས་དེ་ལྟར་ཐོག་པར་བཤད། འཇང་དགུན་ཆོས་ཞེས་པའི་ཐ་སྙད་དེའི་འོག་བོད་ཁུལ་ཡོངས་ལ་ཚད་མ་དང་།

བྱང་བུ།: རིན་ཐང་ཚོལ།



2011.11.08 03:41:50

ཤེས་རབ་ཀྱི་རྩལ་ལ་དུང་བའི་ཁྱེད་ཅག་ལ་དེབ་ཆུང་འདིས་མགྲོན་བསུ་བྱེད། དཔྱོད་ཤེས་ཀྱི་ལམ་ལ་མོས་པའི་ཁྱེད་ཅག་ལ་དཔྱད་ཞིབ་འདིས་དགའ་བདེ་སྦྱིན།
ཁྱེད་ཅག་གིས་རིག་གཞུང་དང་ཤེས་རབ་ལ་བཅངས་པའི་དུང་སེམས་བསྣམས་ནས། ཤེས་རབ་དང་དཔྱད་ཞིབ་ཀྱི་རྩལ་ལས་འཁྲུངས་པའི་དེབ་ཆུང་འདི་ཉོ་བར་ཕེབས་ཤོག





2011.11.04 12:42:49

སྤྱི་ཟླ་གསུམ་པ་ནས་བཟུང་ད་ལྟའི་བར་དུ་རྒྱལ་གཅེས་དཔའ་བོ་བཅུ་གཅིག་གིས་རང་གི་ཚེ་སྲོག་མེ་ལྕེའི་ཁ་ཟས་སུ་ཕུལ་ཏེ་བོད་གངས་ཅན་གྱི་བདེན་པ་བསྒྲགས་སོང་། རྒྱལ་ཁབ་དང་མི་རིགས་ལ་དུང་བའི་བསམ་པ་ཅན་གང་མང་ཞིག་གིས་རྒྱལ་ཁབ་འདྲ་མིན་༦༠ལྷག་གི་ནང་གདུང་སེམས་མཉམ་བསྐྱེད་དང་འཆོད་འབུལ་སྨོན་ལམ། མར་མེ་ཁྲོམ་སྐོར། གཞུང་ཚབ་ཁག་ལ་འབོད་སྐུལ་སོགས་ཀྱིས་དཔའ་རྒོད་ཚོའི་སྙིང་སྟོབས་དང་། བོད་མི་རིགས་ཀྱི་བདེ་སྡུག་རྒྱལ་གཅེས་ཁྲོམ་དུ་བསྒྲགས་སོང་།


བྱང་བུ།: ཅི་བྱ།



2011.10.31 13:12:26

ངའི་དཔའ་རྒོད་ཚོ་ཁྱེད་ལ་འགྱོད་བཤག་ཞུ། ནམ་ཡང་སེམས་ནས་མི་ནུབ་པའི་དཔའ་རྒོད་ཚོ། ངས་ནམ་ཡང་བརྗེད་མི་སྲིད།

ཁྱེད་ཅག་གི་སྙིང་སྟོབས་དང་བློས་གཏོང་དེར་ནམ་ཡང་གུས་འདུད་དང་ཡི་རང་ཞུ།

ངས་སྙིང་ཁུང་རུས་པའི་གཏིང་ནས་འགྱོད་བཤག་ཞུ། ངས་སེམས་ཀྱི་ཟབ་ས་ནས་ལྷག་བསམ་དག་པས་འགྱོད་བཤག་ཞུ། ངས་འགྱོད་བཤག་བྱ་ས་ནི་བོད་མི་རིགས་ཀྱི་ལ་རྒྱ་ལྡན་པའི་རྒྱལ་གཅེས་དཔའ་རྒོད་ཚོ་དང་། སྐུ་སྲོག་མེ་ལྕེའི་འོད་རླབས་སུ་བསྟིམས་པའི་དཔའ་རྒོད་ཚོ་ཡིན། ཁྱེད་རྣམས་ཀྱིས་རང་གི་འཚོ་བ་དང་། ལོང་སྤྱོད། ཐ་ན་ཚེ་སྲོག་ཀྱང་བློས་གཏོང་གིས་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་རང་དབང་གི་དོན་དུ་ལེགས་སྐྱེས་འདི་ལྟར་འབུལ་བཞིན་པ་དང་། བོད་གངས་ཅན་པའི་བསྟན་སྲིད་རང་དབང་གི་དོན་དུ་ལེགས་སྐྱེས་འདི་ལྟར་འབུལ་སྐབས།





2011.09.30 23:54:44
ཡོད་ཚད་བྲེལ་ཟིང་དང་ཡོད་ཚད་འགྲན་བསྡུར་ལ་བརྩོན་འདུག འདི་ནི་བདག་གིས་མི་ཚོགས་དང་ཁྲོམ་ལམ་ད་དུང་གླེང་མོལ་སྣ་ཚོགས་ཀྱི་གསེབ་ནས་རྙེད་པའི་སྙིང་དོན་ནམ་བརྗོད་བྱ་ཡིན། འཇིག་རྟེན་ཡོད་ཚད་མི་ཚོགས་ཀྱིས་ཁྱབ་ན་དེ་ནི་ཀུན་གྱིས་ཡ་མཚན་དང་ངོ་མཚར་ཞིག་ཏུ་བརྩིས་ནས་དཔྱད་གླེང་སྣ་ཚོགས་བྱེད་སྲིད།



2011.09.11 02:48:24

དྲག་པོའི་བཙན་འཛུལ་གྱི་ནུས་ཤུགས་གངས་ལྗོངས་སུ་མཆེད་པ་ནས་བཟུང་རྒྱལ་གཅེས་བོད་རིགས་དཔའ་བོ་ཚོས་སྙིང་སྟོབས་ཆེན་པོས་རྒྱ་རྒོལ་གྱི་ལས་གཞི་མཚམས་འཇོག་བྱ་མྱོང་མེད་ལ། འཐབ་རྩོད་ཀྱི་ཐབས་ལམ་འདྲ་མིན་བརྒྱུད་རང་ཉིད་ལ་དབང་བའི་བོད་དེ་རང་ཉིད་ཀྱི་ལག་ཏུ་ལོན་པར་ཡིད་ཆེས་ཀྱིས་མདུན་སྐྱོད་བྱས་ཡོད། འོན་ཀྱང་དུས་ཚོད་ཀྱི་འགྱུར་འགྲོས་ལས་བོད་མི་ཚོའི་སེམས་ཁོང་དུ་ཡུན་རིང་ཉར་བའི་རེ་འདོད་དེ་ཐོབ་རེ་ཆུང་རུ་སོང་ཞིང་དེ་ནི་མཐུན་རྐྱེན་རྒྱས་མཛོམས་ཀྱི་གྲུབ་འབྲས་ཤིག་དང་འགལ་རྐྱེན་སྣེ་མང་གི་རྙོག་འཛིང་ཁྲོད་དུ་གནས་པའི་ཐོབ་དཀའི་ནོར་བུ་ཞིག་ཏུ་མཐོང་།





2011.09.06 11:24:02

སྒེར་སེམས་དང་སྤྱི་ཚོགས།
“ཨ་ཧྥི་རི་ཀའི་སོ་མཱ་ལེ་ཡ་
(Somalia)རྒྱལ་ཁྱབ་ཀྱི་ལྷོ་ཕྱོགས་སུ་གྲོང་ཁྱེར་ ༨ ཡོད་པ་ལས་གྲོང་ཁྱེར་ ༦ ནང་ཉིན་ལྟར་ཡུལ་མི་བརྒྱ་ཕྲག་མང་པོ་ལྟོགས་ཤི་ཐེབས་ཀྱི་ཡོད་པ་ལས་བརྒྱ་ཆ་ ༥༠ ཙམ་བྱིས་པ་ཡིན་པ་དང་ ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུགས་བྱས་པ་ལྟར་ན། དུས་ཐོག་ཟས་རིགས་མཁོ་སྤྲོད་བྱ་མ་ཐུབ་ཚེ་འབྱུང་འགྱུར་ཟླ་བཞིའི་ནང་སོ་མཱ་ལེ་ཡའི་ཡུལ་མི་ ༧༥༠༠༠༠ ཙམ་བཀྲེས་ལྟོགས་ཀྱིས་ཚེ་སྲོག་འཆོར་ཉེན་ཡོད་པའི་གསལ་བསྒྲགས་བསྐྱངས་འདུག





2011.09.05 03:57:10

དེང་རིང་གི་ཉིན་མོ་འདི་ནི་ཤེས་རབ་ཀྱི་འོད་སྣང་སྤྲོ་བའི་ཉིན་མོ་ཞིག་སྟེ་དགེ་རྒན་གྱི་ཉིན་མོར་འབོད། ཉིན་མོ་འདི་དགེ་རྒན་གྱི་ཉིན་མོར་སུས་གཏན་ཁེལ་བྱས་པ་ཡིན་མི་ཤེས་མོད། ཡོངས་གྲགས་སུ་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་བྱེད་པའི་དུས་ཆེན་གལ་འགངས་ཅན་ཞིག་ཡིན། ངས་ཀྱང་དེ་རིང་གི་དུས་ཆེན་འདི་སྲུང་བརྩི་བྱེད་པར་སྤྲོ།





2011.09.02 10:55:05

འགྲོ་བ་མའི་ཤེས་རིག་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མཆོག་ཏུ་བཀུར་བར་འོས་པའི་སྐྱེས་བུ་ཇི་སྙེད་ཅིག་བྱོན་མྱོང་ལ་དེ་དག་གི་འཇིག་རྟེན་འདིར་ཆེསརླབས་ཆེ་བའི་མཛད་རྗེས་ལ་ཕྱིར་དྲན་དང་ཡི་རང་བྱེད་སྐབས་ཆེས་མཆོག་ཏུ་གྱུར་བའི་རླབས་ཆེན་གྱི་སྐྱེས་མཆོག་ཅིག་གི་མཛད་རྗེས་དང་གཟི་བརྗིད་སེམས་ཁུར་དུ་ཤར་འོང་།





JPAGE_CURRENT_OF_TOTAL