The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

ཕུན་ཚོགས།


2009.03.29 21:56:20

བཀའ་བློན་ཁྲི་པའི་འོས་གཞི་འདོན་རྒྱུ་གལ་ཆེན་པོ་ཡིན་རྒྱུ་རེད་དེ། བོད་ཀྱི་རིག་གཞུང་ལ་གཟིངས་སུ་ཐོན་པའི་མི་སྣ་ལ་གཟིངས་རྟགས་ཕུལ་ཞིང་ཆེ་མཐོང་སྤྲད་པ་ཡིན་ན་བོད་ཀྱི་རིག་གཞུང་གོང་འཕེལ་གྱི་ཕྱོགས་སུ་སྐུལ་འདེད་བྱེད་ཐུབ། སུད་སིར་གནས་སྡོད་སྨན་པ་རྟའོ་བློ་བཟང་དཔལ་ལྡན་ལྟ་བུ་མཚོན་ན། ཆུང་དུས་ནས་ཕྱི་རྒྱལ་ལུང་པར་ཚར་ལོང་བྱུང་ན་ཡང༌། བོད་མི་རིགས་ཀྱི་རིག་གཞུང་མཐའ་གཅིག་གཅེས་འཛིན་གནང་ཡོད་ལ། ཁོང་གི་བུ་ཕྲུག་ཚོ་ལ་ཡང་བོད་ཀྱི་རིག་གཞུང་གོམས་གཤིས་ཐད་བོད་པ་རྣལ་མ་ཞིག་གི་ངོ་བོར་བདག་སྐྱོང་གནང་ཡོད། དེང་ང་ཆེ་ང་བཙན་ཟེར་མཁན་མང་པོ་ཕྱི་རྒྱལ་ལུང་པར་སླེབས་པ་ན། རང་ཉིད་ཀྱི་ཕྲུ་གུ་ལྟ་བཞག སོ་སོ་རང་ཉིད་ཀྱང་གོམས་གཤིས་དང་སྐད་ཡིག་ཚུན་ཆད་འགྱུར་འགྲོ་ཡི་ཡོད་རེད།





2009.03.29 21:09:12

ང་རྩམ་ཁུག་དྲྭ་རྒྱ་ནང་སླེབས་ཡོད། ཐོག་མར་དྲྭ་རྒྱ་བདག་དང་དྲྭ་གྲོགས་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། ང་ཚོ་ག་ལེར་བཀའ་མོལ་གནང་ཆོག