The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

རྟའུ་ཆོས་མཛད


2011.12.20 12:33:09

-----<<  འཆར་ཡན་དང་བསམ་གཞིག   >>----- 

 རྩོམ་ཡིག་འདི་དྲ་ཐོག་བྲེལ་བ་བྱས་ཏེ་ཐེངས་གཅིག་བཀོད་ཀྱང་ནང་དོན་དང་བརྗོད་གཞིའི་བར་ལ་

འབྲེལ་བ་དེ་ཙམ་མེད་པའི་ཚོར་སྣང་བྱུང་ལ།   སྐབས་དེར་སློབ་མའི་ལོ་འཁོར་ཡིག་རྒྱུགས་ཞིབ་འཇུག་

ལས་བྲེལ་དུ་བྲིས་པས་དག་ཆ་ཡང་ཁ་ཤས་ནོར་འདུག་སླར་དག་བཅོས་ཟིན་ཞིང་ཤོ་ལོ་ཀ་གཉིས་གསར་

དུ་བསྣན་ནས་བསྐྱར་བཀོད་ཐེངས་གཅིག་བྱ་དགོས་ཐུག་སོང་ཀློག་པ་པོ་ཚོས་ཐུགས་སུན་མི་གནང་བར་འཚལ།

 





2011.12.18 12:07:45

ལས་བྲག་རྟའི་ཁ་བརྡ་ལ་གཟིགས་མོ་ཞིག་གྱིས་དང་དྲ་གྲོགས་ཚོ་གོ་རྒྱུ་མི་འདྲ་བའི་ཚོར་སྣང་སླེབས་ངེས་སྐབས་དེར་རང་གི་ཚོར་སྣང་ཟུར་མཆན་འདེབས་རྒྱུ་མ་བརྗེད་པ་བྱོས་ཤིག


བྱང་བུ།:



2011.12.07 13:02:28

 

-----<<གངས་སེང་དཀར་མོའི་གད་རྒྱང་།>>-----

བློགྲོས་སོ་ཁ་ཡུན་དུ་བདར་བའི་སྲིད་ཀྱི་དུག་སྡོང་གཅོད་ལ་རྣོ།། 

བཟང་སྤྱོད་དར་ཡུག་ལྷ་ཡིས་སྩོལ་བའི་འབངས་ཀྱི་སེམས་ཁ་ཤུགས་ཀྱིས་སྐོང་།། 

སེང་ལྡིང་ནགས་ཀྱི་དྲི་བསུང་ལྡན་པས་དཀར་ཕྱོགས་ཐམས་ཅད་ཁྱེད་ལ་དགའ།། 

གེསར་ཅོ་རུའི་མཐུ་སྟོབས་ཟིལ་ཤུགས་སྤུངས་པའི་དགྲ་མགོ་ཁྱེད་ཀྱིས་གནོན།། 

  

 





2011.11.08 11:36:07

------------Facebookནང་གྲོགས་པོ་ཞིག་ལ་ཐུག་སྡོར་སྐོར་བཤད་པའི་རྗེས།

ཐུན་མིན་བོད་ཀྱི་དགོང་ཟས་ཐུག་པའི་ནང་།།

ཙོང་དང་སྒོག་པ་ལ་ཕུག་ཊི་མག་ཊུག།

ཚྭ་དང་ཕྱུ་ར་པད་ཚལ་ལ་སོགས་པའི།།

ཐུག་སྡོར་ཕུན་སུམ་ཚོགས་ན་ཐུག་པ་ཞིམ།།





2011.11.04 12:10:33

-------གཅུང་མོ་དཔལ་ལྡན་ཆོས་མཚོའི་བློས་བཏང་ཆེན་མོར་བསྟོད་བསྔགས་དང་ཡི་རངས་ཞུ།

 

ཀ་དག་དབྱིངས་ནས་བཞེངས་པའི་ཆོས་སྐུ་ཡི་ལྷ་མོ།།

ཁ་བ་གངས་ཅན་ཡུལ་གྱི་རྒྱལ་གཅེས་ཀྱི་དཔའ་མོ།།

ག་དུས་ཡིནཡང་གཞིས་བྱེས་བོདམི་ཡི་མཛའ་མོ།།

ང་དང་ང་ཡི་སྤུན་ཟླའི་སྙིང་དབུས་ཀྱི་དཔལ་མོ།།





2011.10.30 12:06:32

------ཕྲན་གྱི་འབྲི་བཞིན་པའི་རྟའུ་ཤོད་ཆེན་ལྗོངས་ཀྱི་ལོ་རྒྱུས་མེས་པོའི་ངག་གི་རོལ་མཚོ་ལས་དྲངས་པའོ།།

རྟའུའི་ཡུལ་ལུང་ཀུན་ཏུ་སྐད་རིགས་མི་འདྲ་ བ་གསུམ་ཡོད་ཅིང༌།  ཤོག་ཁག་ལྔའི་ནང་གསེས་ཁང་གསརཤོག་ཁག་ཡོངས་སུ་རྫོགས་པ་རྟའུ་ལུང་སྐད་རྒྱག་མཁན་ཡིན་པ་དང༌། མ་ཟུར་ཤོག་ཁག་གི་ནང་དུ་མི་མང་བྱིངས་ཀྱི་རྟའུ་སྐད་རྒྱག་གི་ཡོད་ཀྱང༌།  ཚ་ཕུ་གྲོང་པ་དང་།  ཧན་ཅག་ལུང་པའི་མི་ནི་རྒྱ་སྐད་བཤད་ཀྱི་རེད། མི་རིགས་ནི་བོད་པ་གཙང་མ་ཡིན་པ་དང་།  བོད་རྒྱ་འདྲེས་མ་ཡིན་པ་ཅི་རིགས་ཡོད།  ཡང་དགེ་བཤེས་ཤོག་ཁག་ཡོངས་རྫོགས་རྟའུ་སྐད་རྒྱག་གི་ཡོད། ལྕགས་ལ་ཤོག་ཁག་གི་ནང་དུ་བོད་ཀྱི་ཁ་སྐད་ཀྱི་ནང་གསེས་འབྲོག་སྐད་རྒྱག་མཁན་དང་རྟའུ་སྐད་རྒྱག་མཁན་གཉིས་ཡོད།  ནམ་རྒྱུན་དམངས་ཁྲོད་དུརྒྱ་ཟས་ཁ་ལ་མི་རག་རྒྱ་སྐད་རྒྱག་མཁན་ཚ་ཕུ་བ།  །འབྲོག་ཟས་ཁ་ལ་མི་རག་འབྲོག་སྐད་རྒྱག་མཁན་ཤིང་ཉ་བ། ཞེས་ཟེར་སྲོལ་ཡོད།

 





2011.10.27 13:58:03

༄༅། །དགེ་བཤེས་དཔལ་ལྡན་སེང་གེའི་རྣམ་ཐར་སྙིང་བསྡུས་

སྐལ་ལྡན་དང་བ་འདྲེན་པའི་ཤིང་རྟ་ཞེས་

བྱ་བ་བཞུགས་

སོ།།





2011.10.24 14:02:59

 

ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་ཆོས་ཐམས་ཅད་བསྡུས་ན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་སྔོན་མེད་མཁས་པའི་གསུངས་ཤིག་དུས་རབས་ཉི་ཤུའི་དུས་མཇུག་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་ནས་གོ་ལ་ཆེན་པོ་འདིར་དར་ཁྱབ་སོང་དང་འགྲོ་བཞིན་ཡོད།





2011.10.23 09:39:22

 

སྤྱིར་འཚེ་བ་ནི་གནོད་པའི་དོན་ཡིན་ཞིང་གནོད་པ་ནི་ཕན་པའི་ལྡོག་ཟླ་ཡིན་པས། དེ་ཤེས་ན་ད་གཟོད་འཚེ་བ་ཇི་ལྟར་ཡིན་མིན་གྱི་གླེང་གཞིའི་རྩིག་རྡོ་དེ་བརྟན་པར་གཞི་གྲུབ་པར་འདོད་དོ།།





2011.10.21 10:43:10

 

ཆ་མི་སྙོམས་པའི་འཇིག་རྟེན་འདིར།

ཅི་ཙམ་འཚོ་ཞིང་གཞེས་ནའང་སུན་སྣང་གི་རྒྱུ་ལས་གང་ཡང་རྙེད་ཀྱི་མི་འདུག

ང་བྱ་རྒོད་ཅིག་ཡིན་ན་གནམ་རྒན་མ་ལ།

གསོལ་བ་འདེབས་བཞིན་མི་མངོན་པའི་དབྱིངས་སུ་ལྡིང་སྐོར་གྱིས་ཡལ་ན་འདོད།

 





2011.10.18 13:16:47

 

ལྷ་གཡག་དུང་རྭ་ཅན།

བོད་གངས་ཅན་པའི་མཚོན་དོན་བླ་ན་མ་མཆིས་ཤིང་།

ལྷ་ཡག་དུང་རྭ་ཅན་ཡ།





2011.10.03 08:30:16

 

ལུས་སྲོག་གི་སྡོང་ཤིང་།

----------------------------སྤུན་གྲོགས་ཚེ་དབང་ནོར་བུའི་བདུན་ཚིགས་ཐ་མའི་རྗེས་དྲན།

ས་གཞི་རྒྱན་གཅིག་རྫ་ཡག་རོང་རོང་གསེབ།།

རྒྱང་གྲགས་ཆེ་བའི་གང་ཟག་མཆིས་ཤེ་ན།།





2011.09.03 22:59:56

-------རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་བདུན་ཚིགས་གསུམ་པར་ཕུལ།

རྒྱལ་གཅེས་དཔའ་རྒོད་ཡ། ཚེ་དབང་ནོར་བུ། 

མཐོ་སྒང་གངས་རི་ལ་འགྱིངས་པའི་སེང་གེ་དཀར་མོ། 

རི་སྤྱང་དམར་པོ་ཁྲི་ཕྲག་གི་སྙིང་རྩ་འདར་བའི་ཁྱེད་ཀྱི་ངར་སྐད། 





2011.07.10 05:52:30

བོད་ཕྱི་ནང་ཀུན་ཏུ་རེས་གཟའ་ལྷག་པ་འཁྲུངས་སྐར་དུས་ཆེན་སྲུང་བརྩིར་མོས་གུས་དྲག་པོས་བསྲུང་བརྩི་ལ་བྲེལ་བ་བཞིན འདི་གར་སིམ་ལ་ས་གནས་བོད་མིས་ཀྱང་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱིར་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཏེ་སྤྱི་ཟླ་ ༠༧ ་པའི་ཚེས་ ༠༦ ཉིན་ཞོགས་པ་ཕྱག་ཚོད་ ༨་༣༠





2011.07.03 04:49:32

མི་ཤེས་མི་རྟོགས་དོན་མེད་དོན་ལོག་གིས།།

ཕྲག་དོག་སྡང་སེམས་ཚིག་ལ་ཅི་ཞིག་སྐྲག།

སེང་ཆེན་རྟ་འུ་ཁོ་བོར་མི་འཇིགས་པའི།།

བློ་སྟོབས་རྒྱུད་ལ་སྐྱེས་པ་མི་ཤེས་སམ།།





2011.07.01 13:09:28

ཀྲུང་གོ་བོད་ལྗོངས་དྲ་བ་ལས་བཏུས་ཏེ་༢༠༡༡ཟླ་བ་༠༧ཚེས་༠༡ཉིན་དྲ་གྲོགས་ཚོའི་ཆེད་དུ་བོད་རྒྱ་ཡིག་རིགས་གཉིས་ཀའི་ཐོག་མཁོ་གཏོང་བྱས་པ་འདིས་སྨན་པའི་རྒྱུ་རུ་འགྱུར་བར་ཤོག


 

 





2011.06.23 02:05:04

ཡུན་རིང་འདྲིས་པའི་གྲོགས་པོ་ཡུལ་གྱིས་བསྐལ། །

སེམས་དང་བསམ་པ་ཉེ་བའི་བརྗེད་པར་དཀའ། །

པང་ཀླད་དྲ་རྒྱར་ཡུན་རིང་ཁྱོད་ཉིད་འཚོལ། །

སྙིང་གཏམ་བཤད་འདོད་ཆེ་སོང་བློ་ཐུབ་གྲོགས། །





2011.06.20 05:12:41

ང་ནི་གྲོགས་པོ་ལ་ཕྱི་ཐག་རིང་ཞིང་ནམ་ཡང་བསླུས་མ་མྱོང་།

འོན་ཀྱང་གྲོགས་པོ་རེ་འགས་སོ་སོས་ཕར་གང་བྱས་མ་མཐོང་བར།

གྲོགས་ལ་ཉེས་མེད་ཉེས་འཛུགས་བྱས་པ་དེ་ནི་ཆེས་ཡིད་སྐྱོ་དགོས་པ་ཞིག་རེད།

དངོས་མ་བཤད་ན་རང་ཉིད་ཀྱིས་ཕར་གྲོགས་པོ་ལ་ལྟ་ཚུལ་གང་འདྲ་ཡིན།





2011.06.10 01:09:35

ཀྱེ། བརྩེ་བའི་གཅེན་པོ། ཁྱེད་བདེ་མོ་ཨེ་ཡིན།

མི་རིགས་ཀྱི་ལ་རྒྱ། ཆོས་ལུགས་ལ་དད་མོས། 

བོད་སྐད་ལ་གཅེས་སྤྲས། བོད་ཡིག་ལ་སྲུང་སྐྱོབ། 

སྙིང་སྟོབས་ཀྱི་གོ་ཆ། ཆོད་སེམས་ཀྱི་ཁྲབ་རྨོག





2011.06.05 05:47:52

 

གྲྭ་སའི་དཔེ་ཆ་བ་ཞིག་གིས་facebookཐོག་གནམ་གཤིས་ཀྱི་རྐྱེན་པས་ཕ་ཡུལ་དྲན་ཚུལ་གྱི་གནས་བྲིས་ཤིག་འབྱོར་རྗེས་བྲིས།

འཚམས་འདྲིའིཡི་གེ་འབྱོར་སོང་།། 

སེམས་དང་བསམ་པ་སྤྲོ་ཡང་།། 

ཕ་ཡུལ་དྲན་ཚུལ་བཤད་དུས།། 

ང་ལ་སེམས་འཚབ་སྐྱེས་བྱུང་།། 


བྱང་བུ།:



2011.04.23 13:03:18

སྙིང་གི་རྨ་ཁ།

པཎ་ཆེན་ལགས། རིན་པོ་ཆེ།

ཁྱེད་ནི་སྐར་ལྔའི་དར་དམར་འོག་འཚར་ཞིང་།

ཀྱང་ཀྱོག་གི་ལམ་ཕྲན་དུ་མར་རྒྱུ་སྟེ།





2011.04.17 05:06:23

གཟུགས་མཛེས་མཛེས་པའི་ལང་ཚོའི་དཔལ་ཡོན་རྒྱས།།

སྒྲ་སྙན་སྙན་པའི་གྲགས་པ་སྟོངས་གསུམ་ཁྱབ།།

དྲི་ཞིམ་ཞིམ་མངར་ཟས་གྱི་དཔལ་ལ་རོལ།།

རོ་མཆོག་མཆོག་གི་བདུད་རྩིའི་བྲོ་བས་མྱོས།།

 





2011.04.15 14:38:13

བོད་ཀྱི་ལ་གཞས་སམ་དམངས་གླུ་ལེན་པ་ལ་འགྲན་ཟླ་བྲལ་བའི་གླུ་པ་བཀྲ་ཤིས་ཉི་མས་གསེར་གྱི་རྟགས་མ་ཞིག་དང་དངུལ་གྱི་རྟགས་མ་བཅས་རྟགས་མ་གཉིས་བླངས་པའི་གནས་ཚུལ་ཀྲུང་གོ་བོད་ལྗོངས་དྲ་བ་ལས་བཀོད་པ་ལྟར་གཤམ་དུ་ཕབ་བཤུས་བྱས་ཡོད་ཀློག་པ་པོ་ཚོས་བཀླགས་ན་སྙན་པོ་ཡོད་པའི་རེ་བ་ཡོད།





2011.04.11 04:37:18

 

བྲག་འགོ་རུ་ས་འགུལ་ 5.3 བརྒྱབས་རྗེས་རྫོངས་ཡོངས་སུ་གློག་འབར་མི་ཐུབ་པ་ཆགས་འདུག་ལ་སློབ་གྲྭའི་སློབ་མ་ཚོའང་ཉེན་ཁ་ལས་གྲོལ་ཆེད་གནས་སྐབས་རིང་གུང་གསེང་ལ་བཏང་ཡོད་པ་རེད། རྟའུ་ལ་བྲག་འགོ་དང་ཉེ་སར་ཁང་གསར་དང་མ་ཟུར་གྱི་ས་ཕྱོགས་ལ་བྲག་འགོ་འདྲ་བའི་གཡོ་འགུལ་གཅིག་མཚུངས་ལྟ་བུར་བྱས་ན་ཡང་།   ས་གནས་གཞན་དག་ཏུ་ཤུགས་ཚད་༢ཙམ་ལས་སླེབས་ཡོད་མི་འདུག དེ་བཞིན་དཀར་མཛེས་དང་། ཉག་རོང་། ཉག་ཆུ་ཁ། མི་ཉག  དར་རྩེ་མདོ་སོགས་སུ་ཡང་ཤུགས་རྐྱེན་སླེབས་འདུག་新浪网ཐོག་ནས་ཤེས་རྟོགས་བྱུང་བ་བཞིན་བཀོད་པ་ཡིན་ནོ།

རྩོམ་ཡིག་འདི་བསྐྱར་དུ་ཀློགས་དང་ལོ་ཚིགས་དང་ཟླ་ཚེས་སོགས་ཤིང་ལང་ཝང་ཐོག་དུས་ཚོད་ཆེད་དུ་བཏོན་ཏེ་བཙལ་                   འཚོལ་གསར་རྙེད་ཀྱིས་གསལ་པོར་བཀོད་ཡོད་དོ་སྣང་ཅན་ཚོར་ཐུགས་ཕན་གསོས་པའི་རེ་བ་ཡོད།


 





2011.02.17 10:44:21

ཉེ་ཆར་ངས་འཛིན་གྲྭའི་ནང་སློབ་ཕྲུག་ཚོར་བོད་སྐད་གཙང་མ་རྒྱག་པ་དང་། བོད་ཡིག་ལེགས་པོ་སྦྱོང་དགོས་ཞེས་བསླབ་བྱ་བརྒྱབ་རྗེས། སློབ་ཕྲུག་ཚོས་བོད་སྐད་གཙང་མ་ཡིན་མིན་ཐེ་ཚོམ་ཙམ་ཡང་ཟ་མ་མྱོང་པའི་ནམ་རྒྱུན་འཚོ་བའི་ནང་བེད་སྤྱོད་བཞིན་པའི་རྒྱ་གར་སྐད་ནས་ལྷད་ཞུགས་པ། དཔེར་ན། འབྲེལ་སྒྲ་ནས་ཁྱོད་ག་ཅེ་ཀློག་དེབ། ངའི་ག་ཅེ་སྟོད་ཐང་ཞེས་ལྷད་ཞུགས་པའི་ག་ཅེ་ཞེས་པ་ཞིག་དང་། ཡང་རྒྱ་གར་སྐད་ནས་རྒྱན་སྡུད་ལ་ལྷད་ཞུགས་པ། དཔེར་ན་ང་པེ་ཡོང་གི་ཡིན། ཁོ་པེ་རྒྱུགས་སྤྲོད་སྐབས་དཔེ་





2010.12.19 13:30:43

-----<<མཁས་དབང་བཀྲ་ཤིས་ཚེ་རིང་ལ་ལྟ་ཚུལ། >>-----

ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས།

ཁྱེད་ཀྱི་མཚན་ལ་ཇོ་སྲས་དང་།

མཁས་དབང་ཞེས་དེང་རབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་ཐེར་ཁག་ཏུ་བཀོད་པ་རབ་ཏུ་མང་།

ངས་བཤད་འདོད་པ་ནི།

 





2010.12.14 10:30:00

 

གཅིག་སྒྲིལ་ནི་སྟོབས་ཤུགས་ཡིན། 

དབུས་གཙང་ཁ་འཇམ་ཁོག་དུག།། 

དབུས་པར་ཞེན་ཁོག་དོར་ཏེ།། 

ཆོལ་གསུམ་བོད་རིགས་ཕན་པའི།། 

ཆབ་སྲིད་ལས་དོན་སྒྲུབས་ཤིག།། 





2010.11.18 11:51:45

འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དངོས་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་སྐལ་ལྡན་ངེས་ལེགས་འདྲེན་པའི་ཕོ་ཉ།

༄༅། །རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་གུས་པའི་སྐྱབས་སུ་མཆིའོ།

རྒྱལ་ཀུན་སྙིང་རྗེའི་རང་གཟིགས་གྲུ་འཛིན་མགོན།།

སྨྲ་བའི་ལྷ་མཆོག་ཡེ་ཤེས་མེ་ལོང་འཛིན།།

བདུད་དཔུང་ཅིག་ཅར་འཇོམས་མཛད་གནོད་སྦྱིན་རྒྱལ།།

རིགས་གསུམ་གཅིག་བསྡུས་རྗེ་བཙུན་བླ་མར་འདུད།།





2010.11.17 03:49:19

དཔེ་བཤད་སོང་བའི་ངན་ལན།

གདོལ་བོན་ཉམས་ལེན་མཐིལ་དུ་བྱས་ཤིང་ཕྱི་ཤིན་བན་དེའི་ཆ་བྱད་ཅན།།

གནོད་སེམས་དུག་མཚོན་ཁོང་དུ་སྦས་ཤིང་ཁ་ནས་བྱམས་སེམས་དར་ཆེན་སྒྲེང་།།

ལོ་མང་ཁ་ནས་མི་རྟག་རྩོད་ཀྱང་གནད་ལ་འབིགས་པའི་ཉམས་ལེན་དབེན།།

དགེ་བཤེས་ལྷོ་པའི་གཟི་བརྗིད་ཡིན་ལ་ཤཱཀྱའི་བསྟན་ལ་སྲིད་དོན་མེད།།





2010.11.12 07:28:37

དབྱངས་གསལ་ལས་མཆེད་པའི་སྙན་དངགས།

ཀ་བ་གདུང་མས་དབེན་པའི་དེང་རབས་ཀྱི་ཁང་བཟང༌།།

ཁ་བ་གངས་ཅན་པ་ཡི་རིག་གཞུང་གི་སློབ་ཆས།།

ག་དུས་ཡིན་ཡང་སློབ་ཕྲུག་ཁྱེད་ཅག་གིས་མ་སྤྱད།།

ང་ཚོའི་སློབ་གྲྭའི་འགྲོ་གྲོན་ཆུད་ཟོས་སུ་འགྲོ་སོང་།།

 





2010.11.09 04:53:50

རྒན་ལྕགས་ཞྭ་དང་ཡེ་ཤེས་མཚོ་མོ།

༢༠༡༠ ཟླ་ ༠༩ ཚེས་ ༡༥ སློབ་ཕྲུག་གི་དགོང་དྲོ་ཞལ་འདོན་དང་རང་སྦྱོང་ལ་བཞུགས་རེས་རྟོག་ཞིབ་གྲུབ་རྗེས་སློབ་སྤྱི་ང་གཉིས་སིམ་ལ་ཆུང་བ་དང་ཆེ་བའི་ལམ་བར་ཤིང་ནག་གསེབ་དུ་འཆམ་འཆམ་དུ་ཕེབས། གློག་བུར་དུ་སློབ་སྤྱི་མཆོག་གིས་ “ས་ཆ་འདིར་སླེབས་པ་དང་ང་ལ་སྔོན་ཆད་ཀྱི་གནས་ཚུལ་ཁྱད་མཚར་དེ་འདྲ་དྲན་སོས་ཀྱི་འདུག་” གསུངས་བྱྱུང།





2010.11.07 06:03:20

༌༌༌༌༌༌༌༌༌༌༌༌༌དྲ་གྲོགས་ཚོ་བསྐྱར་དུ་བཀླག་དང་འཕྲུ་སྣོན་ཕྲན་བུ་ཞིག་བྱས་ཡོད།

 

 

འཇམ་དཔལ་སྙིང་པོ་རྗེ་བཙུན་ཙོང་ཁ་པའི།།

ལྟ་སྒོམ་སྤྱོད་གསུམ་རིང་ལུགས་རྣམ་པར་དག།

གངས་ལྗོངས་འཛིན་མའི་ཁྱོན་འདིར་གྲགས་པའི་དཔལ།།

སློབ་དཔོན་འཇམ་དབྱངས་གྲགས་པར་གུས་པས་འདུད།

 





2010.11.05 11:24:12

 

མཁན་ཆེན་ལ་ཉེ་བའི་སེམས་འཕྲིན།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དྲི་ཟའི་བུ་མོའི་རྒྱུད་སྟོང་བཀླགས་རྗེས།

རྗེ་རྒྱལ་བ་མཁན་སློབ་ཆོས་གསུམ་དང་།།

རིག་འཛིན་པ་རྗེ་འབངས་ཉེར་ལྔ་ལ།།

ཡིད་གསོལ་བ་འདེབས་པ་སྔོན་བཏང་ནས།།

སེམས་དག་པའི་སྣང་བས་གླུ་ཞིག་ལེན།།


བྱང་བུ།:



2010.10.30 11:57:09


བཅུ་པའི་བཅུ་དགུའི་སློབ་ཕྲུག་ཡར་ལངས།

བོད་ཀྱི་མདོ་སྨད་གསར་དུ་སྤེལ་བའི་ཤེས་ཡོན་སྲིད་ཇུས་གསར་པ་དེས།།

ཨ་མདོ་ཡུལ་གྱི་བོད་ཀྱི་སོན་རྩ་ཡར་ལངས་སྐུལ་སློང་རྒྱུ་རུ་གྱུར།།

རྗེས་འབྲེལ་རྒྱལ་ས་པེ་ཅིང་ཆགས་པའི་མི་རིགས་སློབ་གྲྭའི་སློབ་མ་ལངས།།

མི་རིགས་འདྲ་མཉམ་སྐད་ཡིག་རང་དབང་ཁོ་ཚོས་མགྲིན་དབྱངས་གཅིག་ཏུ་འབོད།།





2010.10.02 08:43:45

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ཏུ་ཆེས་ཕུལ་དུ་ཕྱིན་པའི་སྐྱེས་བུ་ཆེན་པོ་ཞིག་ལ།

འཛམ་གླིང་ཞི་བདེའི་གཟེངས་རྟགས་ཆེན་མོ་གཟེངས་སུ་བསྟབས།

དུས་དེ་ནས་འཇིག་རྟེན་འདི་ཐོག་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཏུ་གྱུར།

ཁོང་ནི་རང་རེའི་བླ་ན་མེད་པའི་དབུ་ཁྲིད་ྋ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་རེད།





2010.09.27 13:33:04

 

མི་མང་སྒེར་ལངས་ཆེན་མོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་ཚེ།

ལྷ་སའི་ཇོ་ཁང་གི་ཉེ་སྐོར་ཁྲག་གིས་ཚོས་སོང༌།


བྱང་བུ།:



2010.09.25 10:51:06

ཟུར་ཕུད་ལྔ་པའི་ཤེས་རབ་ལྷ་ལ་མི་ཕྱེད་དད་པས་གུས་བཏུད་དེ།།


འཇིག་རྟེན་ལུགས་དང་མཐུན་པའི་ལྷ་སྒྲུང་ཁོ་བོས་དཔྱད་བརྗོད་ཐུང་ཙམ་བྲིས།།


སྒྲ་དབྱངས་ལྷ་མོ་མཆོད་པར་བྱས་ན་ནོར་རྒྱུན་ལྷ་མོས་ཁྲོ་རབས་ཀྱི།།


རིག་བྱེད་མཁས་པས་བཤད་ལུགས་ཤིག་གིས་འཇམ་དཔལ་དབྱངས་ཀྱང་སྐྱེངས་བར་མཛད།།






2010.09.19 01:23:58

 

རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དུ།།

དུས་བབ་གསར་ཤོག་གི་སྔོན་དུ།།

ཨ་རིའི་གློག་འཕྲིན་གྱི་ནང་དུ།།

བཀའ་བློན་འོས་འདེམས་དེ་བསྒྲགས་སོང་།།





2010.09.17 14:17:20

 

ཀ་ཁའི་སྡེབ་སྦྱོར་ལ་སྦྱོངས་ཤིག

ཁ་ཏ་བསླབ་བྱ་ལ་ཉོན་ཅིག

ག་བ་གང་ས་རུ་སླེབས་ཡང༌།

ཚོ་བོད་དོན་དེ་མ་བརྗེད།།





2010.09.14 11:03:46

མི་མང་སྐུ་ཚབ་སྤྱི་འཐུས་ལ།།

དམངས་ལ་དུང་ཞིང་ཤེས་འཇོན་དགོས།།

བཀའ་ཁྲིའི་འོས་ཆོས་ཚང་བ་ལ།།

བསམ་བཤད་སྒྲུབ་གསུམ་ཕོད་པ་དགོས།།

 





2010.09.12 05:16:19

དོན་འབྲེལ་ཚིག་གིས་གོ་རྟོགས་སྤེལ་བ་ལས།

དོན་མེད་ཁ་རྡུང་རྙོག་གཏམ་མ་སྤེལ་རོགས།

དོན་བཞིན་མཁྱེན་པའི་དྲ་གྲོགས་མཁས་པ་ཚོས།

དོན་ཆེན་འདི་ལ་རིག་པའི་གསང་ཚིག་སྤེལ།

 

 

 


བྱང་བུ།:



2010.09.09 12:49:28

རྒྱ་གར་ཡུལ་ནས་བྱ་ཞིག་འོང་།།

བྲག་དམར་ཁ་ལ་བབ་ཙམ་བྱས།།

རྒྱ་མཚོའི་ནང་དུ་གཏུགས་ཙམ་བྱས།།

སྤང་ཁ་དེ་ལ་རྗེས་ཞིག་བཏོན།།

ཅི་ཡིན་ནམ།

2) ་་་

བྱང་བུ།:



2010.09.06 10:10:43

 

གཞན་གྱི་ཚིག་མཚོན་རང་གི་རྣ་གཟེར་ཚེ།།

གཞན་ལ་ཁྲོ་བར་མི་རིགས་ལས་འབྲས་སོམས།།

བདེ་སྡུག་རྣམ་སྨིན་དགེ་དང་མི་དགེ་ལས།།

སྐྱེས་ཞེས་རྒྱལ་བའི་གསུང་དེ་དྲན་པར་མཛོད།།





2010.07.29 10:46:35

རྒྱལ་བཙོང་རེ་འགའ་མ་གཏོགས་པར། །

རྩམ་ཟན་བོད་རིགས་ཡོད་དོ་ཅོག །

བོད་ལྗོངས་རང་བཙན་ཐ་སྙད་དེ། །

ཤ་ཁྲག་རུས་གསུམ་ཐིམ་ཡོད་ལ། །



2010.07.28 04:57:30

རྒྱ་ནག་དམངས་གཙོ་རུ་གྱུར་མ་གྱུར་ཇི་ལྟར་ཡང་བོད་དོན་ལ་ཁྱད་པར་ཅི་ཡང་མེད་སྙམ་པའི་བོད་པའི་བསམ་བློ་བ་དང་།  རྩོམ་པ་པོ། ཉམས་ཞིབ་པ། མཁས་དབང་སོགས་བོད་མི་ཅི་འདྲ་ཞིག་ཡིན་ཡང་། བསམ་བློ་དེ་ལྟར་འཁྱེར་མཁན་མི་དེའི་མཐར་ཐུག་གི་དམིགས་ཡུལ་དང་ཁ་ཕྱོགས་ནི་ནོར་བ་ཞིག་རེད།





JPAGE_CURRENT_OF_TOTAL