The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

lyonten


2010.08.24 10:39:21

ད་ལོ་ནི་ང་ཚོས་འཛམ་གླིང་ཐོག་བཙན་བྱོལ་བ་ཞིག་གི་མིང་ཐོག་ནས་ཟིན་ཐོ་གསར་པ་ཞིག་ བསྐྲུན་ཡག་རེད་འདུག གང་ཡིན་ཞེ་ན་ཡུལ་གྱར་སྲིད་གཞུང་ཞིག་གི་ཆེས་མཐོའི་དཔོན་རིགས་འདེམས་པའི་ནང་ ནས་འཁྲུགས་ཆ་དོད་ཤོས་ནི་འཛམ་གླིང་འདིའི་ནང་ནས་བོད་ཀྱི་བཙན་བྱོལ་བ་ཡིན་ངེས་ རེད། དངོས་གནས་ཡང་དག་པའི་དམངས་གཙོ་ལམ་ལུགས་ལོངས་སུ་སྤྱོད་འདོད་ཀྱི་མི་དམངས་ཀྱི་ བསམ་བློའི་གོ་རྟོགས་ཡར་རྒྱས་ཕྱིན་པ་འདི་མིག་མཐོང་ར་སྤྲོད་བྱས་སོང་། དེའི་རྐྱེན་གྱིས་ནམ་རྒྱུན་དང་མི་འདྲ་བའི་རྣམ་པ་གསར་པ་མང་པོ་ཞིག་ཉིན་རེ་ནས་ ཉིན་རེ་དབུས་གཞུང་ནས་ཕྱོགས་མཐར་གནས་པའི་མང་ཚོགས་ཀྱི་བར་མཐོན་བཞིན་འདུག


བྱང་བུ།:



2010.08.19 22:32:35

ཁམས་པའི་རིག་རྩལ་ཚོགས་ཆེན་རྒྱལ་ཐང་དུ་འཚོགས་རྒྱུ་གཏན་ཁེལ་བ།

༢༠༡༠ ༩ ༡༢ ནས ༢༠༡༠ ༩ ༡༦་བར་ ཆབ་མདོ་དང་དཀར་མཛེས་ཡུལ་ཤུལ་བདེ་ཆེན་བཅས་ཁུལ་བཞི་མཉམ་འཛོམས་ཐོག་རྒྱལ་ཐང་དུ་ཁམས་པའི་རིགས་རྩལ་ཚོགས་ཆེན་ཞེས་པའི་སྒྱུ་རྩལ་སྣ་ཚོགས་ཡོད་པའི་ཚོགས་ཆེན་ཞིག་གོ་སྒྲིག་ཞུས་ཡོད་འདུག བོད་རིགས་མཉམ་འདུས་ཀྱི་གོ་སྐབས་འདི་ནི་༢༠༠༨་༣་༡༤་ནས་རྒྱལ་ཡོངས་བོད་རིགས་གནས་ཡུལ་ས་ཁུལ་ཁག་ནང་དུས་ཆེན་རྒྱས་འཛོམས་ཐེངས་དང་པོ་ཡིན་པར་ས་གནས་གོ་སྒྲིག་པས་སྤྱི་བསྒྲགས་སྤེལ་སོང་། ད་རིང་གི་ཚོགས་ཆེན་འདི་ནི་ཁམས་པའི་རིག་རྩལ་ཚོགས་ཐེངས་དྲུག་པ་ཡིན་ཞིང་། གོ་སྒྲིག་ཞུ་མཁན་ཡུན་ནན་ཞིང་ཆེན་བོད་ཁུལ་ལས་དོན་དབུ་ཁྲིད་ཚན་ཁག་ཡིན་པར་རྒྱལ་ཐང་རྫོང་གི་རྒྱ་ཡིག་དྲ་རྒྱ་ནང་བཀོད་འདུག །

 





2010.07.18 22:29:44

拆迁出人命 趁机抓刁民
山东禹城上演另一种暴力拆迁
山东省禹城市正在上演另一种暴力拆迁,这公然是向刚刚下发的国务院紧急通知挑衅,请媒体和公众给予高度关注,及时制止这一新的隐性暴力拆迁倾向,目前被拘村民仍被关押在看守所内遭受着身体和心灵的折磨。


བྱང་བུ།:



2009.12.26 10:38:19
སྐྱབས་མགོན་པཎ་ཆེན་བླ་མའི་རྗེས་དྲན།

སྣང་བ་མཐའ་ཡས་མི་ཡི་གལ་རོལ་ནས།།

སྐྱེས་རབས་གསེར་གྱི་ཕྲེང་བ་ནར་རིམ་སྟེ།།

གངས་ལྗོངས་མུན་གླིང་སྒྲོན་མེའི་ངང་ཚུལ་ཅན།།

སྐྱབས་མགོན་པཎ་ཆེན་སྙིང་ནས་རྗེས་སུ་དྲན།།

གང་གི་སྐུ་ཡི་ཕྲེང་བ་གསེར་རི་ལས།།

སྙིགས་དུས་འགྲོ་བའི་དོན་ལ་རབ་བསྒོམས་ཕྱིར།།

གངས་ལྗོངས་ཡ་རྫིའིི་ཡུལ་དུ་བཞད་པ་ཡི།།

སྐྱབས་མགོན་པཎ་ཆེན་སྙིང་ནས་རྗེས་སུ་དྲན།།

དབུས་གཙང་ཞིང་དུ་གོང་མའི་རྣམ་ཐར་བསྐྱོང་བའི་སླད།།

ཞབས་རྗེ་པད་མ་བགོད་ཏེ་སེང་ཁྲིད་སྟེང་།།

མངོན་པར་འཁོད་ནས་འགྲོ་དོན་མཁུར་བཞེས་གྱི།།

སྱྐབས་མགོན་པཎ་ཆེན་སྙིང་ནས་རྗེས་སུ་དྲན།།

དམར་དམག་འདྲེ་ཡིས་གངས་ལྗོངས་གཏོར་ཤུལནས།།

མི་བཟོད་སྙིང་རྗེ་རྒྱལ་སྲས་སྤྱོད་པའི་དབང་།།

མདོ་ཁམས་སྟོད་སྨད་ཡུལ་ལ་བྱོན་པ་ཡི།།

སྐྱབས་མགོན་པཎ་ཆེན་སྙིང་ནས་རྗེས་སུ་དྲན།།

ས་ཡ་དྲུག་གི་བདེ་སྡུག་མངོན་གསལ་གྱི།།

ཁྲི་བདུན་ཡིག་འབྲུ་མུ་ཏིག་ཕུང་པོ་ཉིད།།

རིན་ཆེན་སྲོག་ཀྱང་གཏོང་ནས་སྤེལ་མཛད་པའི།།

སྐྱབས་མགོན་པཎ་ཆེན་སྙིང་ནས་རྗེས་སུ་དྲན།།

ཞུམ་མེད་སྙིང་སྟོབས་ཆེན་པོས་གོ་བསྒོན་ནས།།

གངས་ཅན་འགྲོ་རྣམས་སྡུག་ལས་སྐྱོབ་བའི་ཕྱིར།།

མུན་ནག་བཙོན་དང་རྡུང་སྡིགས་མྱོང་བ་པོ།།

སྐྱབས་མགོན་པཎ་ཆེན་སྙིང་ནས་རྗེས་སུ་དྲན།།

 





2009.12.04 10:57:13

རྒྱལ་ཐང་བཀྲ་ཤིས་ཚེ་རིང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནས་རེད། སྤྱི་ལོ་༡༩༨༩ལོར་ཆིན་ཧྭ་སློབ་གྲྭ་ཆེན་མོ་ནས་བཟོ་སྐྲུན་ཆེད་ལས་ཀྱི་དངོས་གཞིའི་འཛིན་ཡིག་ཐོབ། སྤྱི་ལོ་༢༠༠༡ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐོབ་ནས་སྤྱི་ལོ་༢༠༠༤ལོར་བེར་ཇི་ནེ་ཡ་༼ UVA




2009.11.05 13:08:33

བྱམས་བརྩེའི་འོ་ཞོག་ཞིམ་མངར་ལོངས་སུ་སྤྱོད།།

ཐོན་གསུམ་རྨི་ལམ་སྒྱུར་མའམ་ཞི་དལ་གྱུར།།

རེ་བའི་རི་རྒྱལ་ལྷུན་པོ་མདུན་དུ་བཀྲམས།།

ཡོད་ཚད་ཆོ་འཕྲུལ་གར་དུ་སུ་ཡིས་རོལ།།





2009.10.30 02:36:22

གངས་དཀར་པོ་མཛེས་སྡུག་ངོ་མཚར་སྟོང་ལྡན་གྱི།།

བོད་གངས་ལྗོངས་སུམ་རྩེན་ཞིང་གི་དཔལ་ཡོན་བཀྲ།།

མི་མགོ་ནག་ཆོལ་གསུམ་སྤུན་ཟླ་ཕོ་མོ་རྣམས།།

ངའི་སྒང་པ་རིགས་ལ་ཞེན་དཀར་དཔའ་བོ་ཡིན།།

 





2009.10.25 01:39:21

ཁ་བ་ལེབ་མོས་འཕུར་ལྡིང་རྩེན་འཇོ་རྫོགས་རབ་མེད་ས་དེར།།

རི་བོ་སྟོང་གིས་ཤེལ་དཀར་དབུ་ཐོད་ཡལ་རྒྱུ་མེད་འདྲ་བཀྲ།།

ཡིག་དྲུག་དབྱངས་རྟ་སྙན་འཇེབས་རྣ་བའི་བདུད་རྩིར་གྱུར་པ་ནས།།

གོ་ལའི་ཡང་མཐོ་སྲིན་མོའི་ཡུལ་ལ་བདེ་ལྡན་གནས་མཆོག་གྲགས།།





2009.04.12 02:11:44

ཀ་སོགས་སོ་བཞིའི་འོད་མདངས།།

ཁ་བ་ཅན་གྱི་བུ་ལ།།

ག་དུས་ཡིན་ཡང་འཕྲོས་པ།

ང་ཚོ་བོད་ཀྱི་རེ་འདུན།།





2009.04.07 15:08:48

                           སེམས་ཁོང་གི་དག་ཞིང་ 

དངུལ་དཀར་མཆོད་རྟེན་མདངས་ཀྱི་ལྟ་ན་སྡུག

འཇམ་གཉན་ཆུ་འཛིན་དཀར་པོ་དཔལ་གྱི་མཛེས།

དངས་གཙང་ཆུ་མོ་བཞུར་བའི་ལང་ཚོར་བརྗིད།

རངབྱུང་མཛེས་སྡུག་བཀྲ་བའི་ཁ་བའི་ལྗོངས།།  





2009.04.03 14:36:12

དབུས་གཙང་དམ་པའི་ཆོས་ཀྱི་ཆོལ་ཁ་དང་།།

མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ་དང་།།    

ཨ་མདོ་ཅང་ཤེས་རྟ་ཡི་ཆོལ་ཁ་གསུམ།།    

གདོང་དམར་རིགས་རྒྱུད་ཤེས་ནས་གཅིག་སྒྲིལ་གནང་།།

 

རང་དབང་ཡུལ་ལུང་འགྲིམ་པའི་བྱེས་འབྱོར་དང་།།

གངས་ལྗོངས་ཡུལ་ན་འཚོ་བའི་གཞེས་ལུས་སྤུན།།

མ་འོངས་པོ་ཏ་ལ་ཡི་མདུན་ཐང་དུ།།

ལྷན་འཛོམས་རེ་འདུན་བཅངས་ནས་གཅིག་སྒྲིལ་གནང་།།


བྱང་བུ།: