བོད་ཀྱི་བང་ཆེན། ཟིན་བྲིས། སྨར་ཁམས་འབྲུག་རྒྱལ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

སྨར་ཁམས་འབྲུག་རྒྱལ།


2009.08.16 22:37:23

ཤྰཀྱའི་རྒྱལ་པོས་གཏན་ལ་མ་ཕབས་ཤིང་།།

སྔོན་བྱོན་མཁས་གྲུབ་དང་དུ་མ་བླངས་བ།།

དགེ་སློང་ཕ་མ་རྩོད་པའི་གླེང་རྙོགས་འདི།།

དུས་མཐའི་བཙུན་པའི་བར་ན་རྩོད་པའི་རྒྱུ།།

 

སྤྱན་རས་གཟིགས་ཀྱི་དགོངས་པར་མི་མངའ་ཞིང་།།

སྔོན་བྱོན་དཔའ་བོས་ཕྱོགས་སུ་མ་འཛིན་ཀྱང་།།

རྩྭ་ཟ་རྩོད་ལན་བྱེད་པའི་རྙོག་འཛིང་འདི།།

དེང་དུས་ཕུ་ནུ་དཀྲུག་པའི་གཞི་མ་གཅིག།


བྱང་བུ།:



2009.08.16 22:01:28

དབུ་སྐྲ་དམར་སེར་མཁའ་རུ་འཕྱོར།།

སྣ་ནས་དུ་བ་སྤྲིན་ལ་འགྲན།།

མགུལ་ན་ལྕགས་ཀྱི་ཞགས་པ་གྱོན།།

པགས་པར་རི་མོ་མཚོན་གྱིས་བརྒྱན།།

 

རྣམ་ཤེས་བར་དོ་དབྱིངས་སུ་འཆམ།།

བཟང་ངན་སྨྲ་བར་དབྱེ་འབྱེད་མེད།།

རོ་སྨད་གོས་ཐུང་རྐུབ་ནས་ལྷུག།

རྐང་གཉིས་ལྷམ་གྱིས་ས་གཞིར་ཁྱབ།།


བྱང་བུ།:



2009.08.14 20:15:28

གངས་ལྗོངས་ཀྱི་ཕོ་རྒོད།

མཁའ་ལ་འཕུར་བའི་གྲུབ་ཐོབ།

ཆོས་ལ་མཁས་པའི་དགེ་བཤེས།

སྲིད་ལ་གོམས་པའི་མི་དབང་།

ཕྱོགས་ལས་རྒྱལ་བའི་དཔའ་རྒོད།

ཨེ་མ་་་་་་་་དེ་ལས་ཀྱང་བསྔགས་སུ་འོས་པ་ནི།

བོད་འབང་ཁྲི་ཕྲག་གི་སེམས་ཁོངས་ན།


བྱང་བུ།:



2009.08.13 19:50:10

ཁུ་བྱུག་ལགས།

 མདོ་ཁམས་ཀྱི་ཤར་ནས་འཕུར་བའི།།

གཉེན་འཛིན་ཀྱི་ཁུ་བྱུག་དམར་པོ།།

ལས་བཟང་གི་འབྲས་བུ་སྨིན་ནས།།

ཆོས་སྒར་གྱི་སྤང་ན་བབ་འདུག།


བྱང་བུ།:



2009.08.13 10:16:13

རིག་པའི་སེངྒེ་དབང་ཕྱུག

དཔག་མེད་ཚེ་ཡི་གྲུབ་པ་ཐོབ་པའི་ལྷ།།

འགྲོ་བའི་རེ་འདོད་མྱུར་སྒྲུབ་ཏ་རེ་དང་།།

མི་མཐུན་རྐྱེན་ལས་རྣམ་པར་མཆོག་རྒྱལ་མས།།

མགོན་ཅིག་བཤེས་གཉེན་ཆེན་པོ་ཤིས་པར་སྩོལ།།


བྱང་བུ།:



2009.08.12 16:11:25

ཁྱི་མགོ་ཅན་གྱི་དྲ་གྲོགས་ཚོ།

དྲ་གྲོགས་མང་པོ་ཞིག་གིས་རང་ཉིད་ཀྱི་འདྲ་པ་ཚབ་ཏུ་འབྲོག་ཁྱི་ལྐུག་འཚུབ་འཚུབ་ཅིག་བཞག་འདུག དེས་དོན་ཅི་ཞིག་བསྟོན་གྱིན་ཡོད་པ་ཐོག་མ་ང་དྲ་རྒྱ་འདིར་འཛུལ་དུས་ཧ་གོ་མ་སོང་། རིམ་བཞིན་དྲ་གྲོགས་ཚོས་བྲིས་པའི་ཟིན་ཐོ་ལ་ལྟ་ཀློག་བྱེད་དུས་གཞི་ནས་ངས་ཁྱི་དེའི་དོན་ཅི་ཞིག་ཡིན་པར་ཤེས་སོང་།


བྱང་བུ།:



2009.08.12 09:12:11
དུས་ཀྱི་དགོད་པའི་རང་སྒྲ།

སྔོན་བྱུང་བླ་ཆེན་གྱི་རྣམ་ཐར། །

ཉམས་དང་རྟོག་པ་ཡི་སྦྲུམ་གཞི། །

བྱམས་སེམས་བདེན་སྟོང་གི་ཤོག་སྒྲོ། །

རིས་མེད་ཆོས་དབྱིངས་སུ་བརྐྱངས་འདུག།


བྱང་བུ།:



2009.08.11 16:15:30

འཁྱམ་པོའི་རྣམ་ཤེས།

བཙན་པོས་ལྕགས་ཀྱིས་མ་བསྐུལ་བཞུད་ལ་བྲེལ།།

དགའ་བའི་གཉེན་གྱིས་མ་བསུ་འགྲོན་དུ་རྔམ།།

ལས་དབང་རླུང་གིས་དེད་པའི་ཤུལ་ལམ་ན།།

དལ་བའི་རྟེན་འདི་ལ་ཁའི་ན་བུ་བཞིན།།


བྱང་བུ།:



2009.08.09 15:38:20

མིག་ཆུའི་ལས་དབང་།

འདུ་འཛོམས་དགོད་སྒྲར་ཆཌ་པའི་བུ་ཆུང་གི་སེམས་པ།།

རྐྱེན་ངན་རླུང་གིས་ཁྱེར་བའི་རྣམ་ཤེས་དང་བརྡེབས་ཚེ།།

སྲིད་པའི་གྲོང་ཁྱེར་འདི་ན་ཁེར་རྐྱང་གི་ཚོར་བ།།

ཟོལ་མེད་བཙན་གྱིས་མྱོང་དགོས་མིག་ཆུ་ཡི་ལས་དབང་།།

 

བདེ་སྐྱིད་ཉི་མས་གསོ་བའི་མེ་ཏོག་གི་བཀྲ་མདངས།།

མ་རུང་ཐོག་གིས་བརྡུང་ཚེ་སྦྲང་ཆུང་གི་སེམས་པ།།

མགོན་མེད་འདམ་དུ་ལྷུང་བའི་སྣང་བ་ཞིག་ཤར་དུས།།

འཆི་བའི་ལས་ལ་འཇིགས་མེད་མིག་ཆུ་ཡི་ལས་དབང་།།


བྱང་བུ།:



2009.08.09 12:16:29
རྟེན་འབྱུང་ལས་གྲུབ་པའི་གོ་ལ་ཧྲིལ་པོ་འདི་རྒྱུ་རྐྱེན་གཉིས་ལ་རྟེན་ནས་འཕེལ་འགྲིབ་དང་རྒྱལ་ཕམ་གྱི་གནས་སུ་འགྱུར་བཞིན་པའི་གནད་དོན་རྣམས་ཐབས་བརྒྱ་བྱུས་སྟོང་གིས་མི་མངས་ལ་གསལ་རྟོགས་ཐུབ་པར་བྱ་རྒྱུ་ནི་བཅོས་སུ་མེད་པའི་གསར་འགྱུར་ལས་ཁུངས་ཀྱི་འགན་བབས་ཡིན། གལ་སྲིད་ཁྱེད་རང་གསར་འགོད་པ་ཞིག་ཡིན་ན་རྒྱལ་ཁབ་དང་མི་རིགས་དེའི་མགྲིན་ཚབ་པ་ཞིག་ཏུ་ངོས་འཛིན་ཆོག་པ་ཡིན།
བྱང་བུ།:



2009.08.09 10:41:43
ཤར་གྱི་ཉི་མ་ཤར་དུས། །མེ་ཏོག་པདྨ་བཞད་བྱུང་། །སྦྲང་ཆུང་སེམས་པ་དམར་པོ། །འདབ་མ་སྟེང་ལ་ཤོར་སོང་། །བཙན་པོ་རླུང་གིས་འཁྱེར་བའི། །སྤྲིན་གྱིས་ཉི་འོད་སྒྲིབ་སོང་། །ང་དང་བྱམས་པའི་མེ་ཏོག །ལས་ཀྱི་མདུད་པ་གྲོལ་སོང་། །ཁ་བའི་འདབ་མ་ལྷུང་དུས། །ལུས་ལ་གྲང་ངར་ལྡང་བྱུང་། །བྱམས་པའི་བརྩེ་བའི་འཛུམ་མདངས། །དྲན་པའི་རྩེ་ནས་ཤར་བྱུང་། །དཀར་པོ་གོས་ཀྱིས་ཀླུབ་པའི། །ཨ་ཅེ་གངས་དཀར་ལྷ་མོ། །ང་དང་བྱམས་པའི་ལས་ལ། །མགོན་གཅིག་བཙལ་རོགས་གནང་དང་།
བྱང་བུ།:



2009.08.08 19:32:58

ཀ་ཁ་རིག་པའི་གཞུང་ལུགས་མ་རྟོགས་རྩོམ་པའི་ལས་ལ་སྤྲོ་བར་འཕེལ། །

ཁ་མདོག་དཀར་དམར་རིག་ལམ་མ་ཆགས་རྩོད་པའི་གླེག་བམ་བཞག་ལ་འབེལ། །

ག་སོང་དོན་གྱི་སྙིང་པོ་མ་ངེས་འཆད་པའི་སྤོབས་པ་རི་ལས་མཐོ། །

ང་དང་འདྲ་བའི་རློམས་ཆེན་པ་རྣམས་དེང་སང་མཁས་པའི་གྲལ་དུ་ཚུད། །


བྱང་བུ།: