The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

shedup


2011.05.14 14:37:21

དང་པོ།

འདས་པའི་ལོ་ཤས་སྔོན་༧སྐྱབས་མགོན་རིན་པོ་ཆེས་བགྲེས་ཡོལ་གྱི་སྐོར་གསུངས་དུས་གཞུང་མང་ཚང་མས་བགྲེས་ཡོལ་མ་གནང་རོགས་ཞེས་སྐྱབས་འཇུག་ཞུས་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་བགྲེས་ཡོལ་གནང་རྒྱུ་ཐུགས་ཐག་བཅད་དེ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་གསུང་འཕྲིན་ནན་པོ་གནང་བ་དང་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་ཆེན་པོ་སོང་བ་རེད། དམིགས་བསལ་གྲོས་ཚོགས་ནས་འདིའི་ཐད་བོད་གཞུང་མང་ཚོགས་ཆེན་ཞིག་བསྡུ་སྐོང་བྱས་རྗེས་གྲོས་ཚོགས་འཕར་མ་འཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་བྱེད་གཏན་ཁེལ་ཡོད་། སྤྱི་གཏང་ཚོགས་ཆེན་དེའི་ཐོག་མི་མང་གི་བསམ་ཚུལ་སླེབས་དགོས་ན་མི་མང་གི་གྲོས་བསྡུར་དང་མི་མང་གི་བགྲོ་གླེང་དགོས་པ་ལས་སྲིད་དོན་པ་རེ་གཉིས་ཀྱི་གྲོས་འཆར་བཏོན་ནས་གྲོས་ཐག་བཅད་ན་ཕན་འབྲས་གང་ཡང་སོན་གྱི་མ་རེད་སྙམ་། 




2011.05.04 13:59:12

ཆུ་སྒང་གི་སྒྲིག་འཛུགས་འདི་ནི་མདོ་ཁམས་ཀྱི་མེས་པོ་གོང་མ་རྣམས་ཀྱི་ཆེས་གཟི་བརྗེད་ཆེ་བའི་མཚན་སྙན་གྱི་འོད་མདངས་ཞིག་གམ་དངོས་ཡོད་རླབས་ཆེན་མི་རིགས་ཤིག་ཆགས་འཇིག་གི་དུས་མཚམས་ལ་མདོ་ཁམས་དཔའ་བོ་ཟུང་གི་འགོན་སྐྱབས་ཏུ་མཛད་པའི་བསྲུབ་མེད་ལོ་རྒྱུས་གལ་ཆེན་གཅིག་གི་རྒྱབ་ལྗོངས་ཟབ་མོ་ཡོད་པའི་སྒྲིགས་འཛུགས་ཤིག་ལ་ཐུག་ཡོད།




2011.04.10 00:32:05

ཤོ་རྒྱག་རྒྱལ་སྐུགས་བྱ་བ་ཚར་བཅད་དེ།། རིགས་ཀྱི་ཡར་བསྐྱེད་སྙིང་སྟོབས་ཤུགས་ཀྱིས་གསོ།།

——བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་གྲོས་གཞིའི་ཡི་གེ




2011.03.31 21:25:52

༡ མཁས་དབང་བློ་བཟང་སེང་གེ་དང་བོད། དངོས་འབྲེལ་རྒྱལ་སྤྱིའི་ནང་བོད་དང་བོད་རིགས་སུ་གཏོགས་པའི་ཁྲོད་ཐོག་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་སློབ་དཔོན་ཆེ་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ནི་སྙན་གྲགས་ཆེ་བའི་མཐོ་སློབ་ནང་ཚད་ལྡན་མཁས་དབང་གི་ཆེ་མཐོང་ཡོད་པའི་བོད་མི་གཅིག་པོ་དེ་ཡིན་པས།





2010.10.01 22:13:26

བཀའ་ཁྲིར་གསར་པའི་ཆ་ཅན་མདོར་བསྡུས་ན

ཤེས་ཡོན་ཉམས་མྱོང་འདབ་ཤོག་གཉིས་ལྡན་ཐོག།

བོད་རིགས་ལ་རྒྱ་འཛིན་ལ་སྙིང་སྟོབས་ཅན།།

ཆོལ་གསུམ་ཅིག་སྒྲིལ་འདོད་མཁན་ཞིག་དགོས་སྙམ།།





2010.09.28 05:49:18

བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་གཉིས་བསླེབ་ལ་ཉེ་བའི་མཚམས་འདིར་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདི་ནི་ཆབ་སྲིད་ཀྱིས་འཁྲུགས་ཆ་དོད་ལ།    ལམ་འགྲམ་གཡས་གཡོན་གྱི་བརྩིགས་པ་ཐམས་ཅད་སྦྱར་ཡིག་གིས་གང་བའི་ཕྱི་ལོ ༡༩༣༠ སོ་གྲངས་ཡན་མན་གྱི་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལྟ་བུ་ཞིག་རེད་འདུག་ཅེས་བཤད་པ་ལྟར་རེད།





2010.08.24 22:53:11

དེ་རིང་ངས་རྒྱ་རི་སྒྲོལ་མ་བཀའ་ཁྲི་ལང་གི་ཡིན་ཟེར་བའི་གཏམ་བཤད་དེར་དཔྱད་བརྗོད་མདོ་བསྡུས་གཅིག་ཞུ་འདོད་བྱུང་།       དེ་ཡང་ཉིན་སྔོན་ཞིག་ལ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ང་བཀའ་ཁྲི་ལང་གི་མིན་ཟེར་བ་དང་དེི་རིང་རྒྱ་རི་སྒྲོལ་མས་ང་བཀའ་ཁྲི་ལང་གི་ཡིན་ཅེས་པའི་གཏམ་བཤད་དེ་གཉིས་ལ་འབྲེལ་བ་གམིགས་བསལ་བ་ཞིག་ཡོད་མེད་གང་ལྟར་ཁོང་གཉིས་ཀྱི་སྲིད་དོན་གྱི་འགྱུར་ལྡོག་དེར་སྲིད་དོན་པ་ཚང་མས་དོ་སྣང་བྱ་ཡུལ་ཅིག་དུ་གྱུལ་ཡོད།   མ་ཚད་དེང་སྐབས་རྒྱ་རིའི་ཕྱོགས་གཏོགས་ཡིན་པའི་ཏྲེ་བོ་ཐུབ་བསྟན་དཔལ་འབྱོར་དང་འཕན་པོ་རྒྱལ་མཚན་གཉིས་བལ་ཡུལ་ནས་བཀའ་ཁྲིའི་འོས་བསྡུའི་གཞི་རིམ་དང་བླངས་ལས་འགུལ་མཐུན་ཚོགས་ཞེས་པའི་མིང་ཐོག་ནས་འགྲོ་སོང་ཕང་མེད་བཏང་དེ་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་འབྱོར་འདུག་པ་དང་ཁོང་གཉིས་ཀྱི་བཤད་དོན་གཙོ་བཀའ་བློན་ཁྲི་པ་དེ་བཀྲས་མཐོང་བསྟན ་འཛིན་རྣམ་རྒྱལ་ཡག་ཤོས་ཡིན་སྐོར་གསུངས་པ་དང་གཞན་དེ་སྔོན་བཀྲས་མཐོང་ལ་ནག་ཉེས་ཕོག་པ་དེར་གཞུང་དངུལ་འབུམ་མང་པོ་ལྐོག་ཟ་བྱས་སྐོར་དེ་སྲང་ལམ་ནང་གི་དཀྲོགས་གཏམ་རང་རེད་མ་གཏོགས་





2010.07.14 03:03:49

མངའ་རི་དང་མདོ་སྟོད་ཚོགས་པ་གཉིས་ལ་རེ་བ་བྱེད་རིན་ཆོག་འདུག།         དེ་བས་མངའ་རི་སྤྱི་མཐུན་ཚོགས་པ་ནི་ད་བར་དྲང་བདེན་ཀྱི་ལམ་དུ་འགྲོ་མཁན་ཚོགས་པ་ཅིག་པུ་དེ་རེད་ཟེར་ཆོག།      དཔེ་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཚོགས་པ་དེ་རེད་ལ་འདི་ལོར་ཡང་ཆོལ་ཁའི་ཤ་ཞེན་དགོས་ཟེར་བའི་ཆ་ཅན་མེད་པར་བཀའ་སྤྱིའི་འོས་མིར་སྟོན་མཁན་ཚོགས་པ་དེ་ཡང་རེད།     རྩ་བས་མདོ་སྨད་རྒྱུན་ལས་ནས་བྱེད་སྟངས་མ་འགྲིག་པ་ཅིག་མཐོང་མ་སོང་ཡང་བཀའ་ཁྲི་ཐོག་མདོ་སྨད་ལ་ནུས་ཤུགས་དེ་ཙམ་མེད་པ་གསལ་པོ་རེད།        དེས་ན་བཀའ་ཁྲིར་འོས་འདེབས་ཐད་ནུས་པ་ལྡན་པའི་ཚོགས་པ་གསུམ་ཡོད་པ་མཐོང་བ་ནི་དབུས་གཙང་དང་མངའ་རི། མདོ་སྟོད་ཆུ་བཞི་སྒང་དྲུག་གསུམ་ཡིན་།        དེ་ཡང་དབུས་གཙང་རྒྱུན་ལས་ཀྱི་བྱེད་སྟངས་ནི་ཁ་གསལ་རེད་འདུག་ཀྱང་དེས་གྲུབ་འབྲས་ལ་རེ་བ་བྱེད་ན་བོད་མི་རྣམས་བཙན་བྱོལ་དུ་ཡོན་རིང་གནས་ཐབས་བྲེལ་བ་དང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ནག་སྲུབ་བྱེད་དགོས་པ་ལྟ་བུ་མཐོང་།





2010.06.26 03:55:15

དབུས་གཙང་རྒྱུན་ལས་ཀྱི་བྱས་སྟངས་འདིར་ལྟས་ན་དེ་སྔོན་སྐུ་དྲག་ང་ཕོད་གི་ཆིངས་དོན་ཚན་བཅུ་བདུན་བཞག་པ་དང་དེ་རིང་རང་བཙན་འདོད་མི་ཆོག་པའི་ས་ཡིག་རྒྱབ་དགོས་པའི་ཆ་རྐྱེན་གཉིས་གོ་རིམ་ནོར་མེད་པ་འདྲ།   དྲང་པོ་ཞུས་ན་བོད་ཆོལ་ཁ་གསུམ་ནང་བཀའ་ཁྲིར་འོས་མི་སྐུ་དྲག་ཅིག་ལས་མེད་མི་སྲིད།   ད་དུང་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་ཅེས་པ་ཆ་རྐྱེན་སྟོན་སྟངས་འདིར་ལྟས་ན། མི་རིང་བ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོལ་ཁའི་དམག་འཁྲུག་ལང་འདོད་པ་དང་བོད་གཞུང་གི་བདག་དབང་དབུས་གཙང་ཆོལ་ཁའི་དབང་རྒྱུར་འདོད་པ་འདི་ལས་གཞན་ཅི་ཡོད།





2010.06.22 03:49:48

རྒྱ་ནག་གི་གསང་བའི་བྱ་སྤྱོད་ཡུལ་ལུང་གཞན་དུ་འཁྱེར་བའི་བརྙན་འཕྲིན་དྲ་བ་འདི་གཟིགས་རོགས།

http://www.youtube.com/v/hek4DOTrAYA&hl=en_GB&fs=1





2010.06.09 13:03:08

བོད་རིགས་བུ་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དེ་རིང་ཊེ་ལྦ་ཊར་དྲ་ཚིགས་ནང་ཟིན་བྲིས་སྤེལ་བ་ཞིག་ལ་

西藏康区理塘县的近300藏民一路磕长头抵达拉萨,很多拉萨居民前往迎接,当地警察把朝佛者堵在拉萨大桥不让进入市区




2010.06.07 04:06:12

བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཛེས་མའམ་མཛངས་མ་འགྲན་བསྡུར་ཟེར་བ་འདི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བློ་བཟང་དབང་རྒྱལ་ལགས་ནས་མ་བསྐུལ་དང་དབང་ཐོག་ལོ་རེ་བཞིན་རྒྱ་གར་བ་དང་མགོ་སེར་འགས་རོགས་རམ་ལ་བརྟེན་ནས་ད་བར་ཐེངས་༼ 9 ༽ ཙམ་གནང་ཚར་བ་རེད་།




2010.05.08 00:08:18

ཉེ་ཆར་ཁམས་སྐྱེ་རྒྱུ་མདོ་མཚོ་སྔོན་ཡུལ་ཤུལ་ས་ཁུལ་ལ་ས་ཡོམ་བརྒྱབ་མ་ཐག་བཞུགས་སྒར་ངྷ་རམ་ས་ལར་༼ ༤༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ ༽ཟུར་མཛུག་ཐོག་བོད་རིགས་འདུས་སྡོད་འཛམ་གླི་ཡུལ་གྲུ་དུ་མར་ཞལ་འདེབས་བསྡུ་བཞིན་པའི་སྐབས་འདིར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཡོངས་ནས་ཞལ་འདེབས་བྱུང་བའི་གྲངས་ཐོ་ནང་གསལ་ཁྱོན་སྡོམས་ཧིན་སྒོར་ས་ཡ་གཉིས་དང་ཆིག་འབུམ་སུམ་ཁྲི་བདུན་སྟོང་ཐམ་པ་བྱུང་འདུག་།





2010.04.12 03:03:28

གོང་གིས་ འདྲ་པར་འདིའི་ནང་དོན་ནི་དངོས་མེད་ཡིབ་སྡོད་པའི་༼དགྲ་རྒོལ་རུ་ཁག་༽ཟེར་བའི་ ཚོགས་པ་གསར་པ་ཞིག་གི་མཚན་མོར་མོན་གྷོ་གཞི་གྲོང་ཁག་དང་དགོན་པའི་རྩིག་ངོས་ག་ སར་གཞི་གྲོང་བཞི་པའི་ཚོང་ཁང་དེ་དོལ་རྒྱལ་ལ་འབྲེལ་བ་ཡོད་པས་དམ་གཙང་སུ་ཡིན་ འདིའི་ནང་མ་ཕེབས་རོགས་ཅེས་བསྒྲགས་ཏེ་སྦྱར་འདུག།





2010.03.30 02:37:33

བཀའ་བློན་ཁྲི་པའི་འོས་མིར་འདེབས་ཕྱོགས་ཐད་ཆོལ་ཁའི་འཐེན་འཁྱེར་མེད་པ་དངོས་ཡོད་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ལུགས་ཚད་ལྡན་ཕྱོགས་སུ་འགྲོ་ནུས་པ་མ་ཚད་མ་འོངས་བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་ལ་ཐུགས་བསམ་བཞེད་ཐུབ་པ་ཅིག་དགོས་པ་སོགས་དེང་སྐབས་ཆབ་སྲིད་ཚོགས་པ་དང་ཆབ་སྲིད་པ་མང་པོའི་ཞལ་ནས་ཐོན་སྡོད་ཀྱང་ད་རིང་ཨ་མདོ་རྒྱུན་ལས་ནས་འོས་མི་༡༣་སྟོན་པའི་ནང་འོས་མི་བཞི་ལས་དེ་མིན་ཨ་མདོ་བ་རེད་འདུག།





2010.03.08 23:31:27

 

དྲང་བདེན་ནི་གྱོང་ཁ་དང་བདེ་སྐྱེད་གྱི་རྩ་བ་ཡིན།།

གཡོ་རྒྱུ་ནི་རྒྱལ་ཁ་དང་སྡུག་སྔལ་གྱི་ས་བོན་ཡིན།།





2010.02.13 01:36:26

 

ལས་དབང་གསར་པའི་ཁ་ཕྱོགས་གཅིག་ལ་རྒྱ་ནག་དམར་པོའི་གཟི་བརྗེད་ངོམ།།

༢༠༠༧ལོ་རུང་རྒྱས་ཨ་གྲགས་ལགས་ཀྱི་བོད་ནང་ཞི་བའི་ངོ་རྒོར་བྱས་པའི་དུས།།

གཞོན་ནུ་ཚོགས་པས་ལྡི་ལི་ནང་དུ་ངོ་རྒོར་ལས་འགུལ་གོ་སྒྲིག་བྱས་པའི་ཉིན།།

༢༠༠༨ལོ་བོད་ཡོངས་གཅིག་སྒྲིག་ཞི་བའི་ངོ་རྒོར་གཞི་རྒྱལ་ཆེ་པོ་བྱས་པའི་དྲན།།

གོ་རིམ་ལྡན་པའི་ལས་འགུལ་འདི་དག་རྒྱལ་སྤྱིའི་ནང་གི་གནད་དོན་ཆགས།།






2010.02.10 05:41:33


2009.12.28 07:58:52

མཁས་མང་བློ་གསལ་བྱེ་བའི་གླིང་གྲ་ཚང་གི་གཙུག་ལག་ཁང་།།


མི་འཇིགས་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲིར།།

མི་འགྱུར་གཡུང་དྲུང་གཡས་སུ་འཁྱིལ་བའི་སྟེང་།།

མི་གཤིག་རྡོ་རྗེ་སྐྱིལ་ཀྲུང་རྟག་བཞུགས་ནས།།

མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་གྱུར་ཅིག།

 





2009.12.26 12:13:09

མདང་གསུམ་ང་ཡི་རྨི་ལམ།

ཉི་ཟླ་རི་བོའི་རྩེ་ལ།

འཇའ་འོད་ཤར་བ་རྨིས་བྱུང་།

གསེར་ཁྲི་པདྨའི་གདན་ལ།

པཎ་ཆེན་བཞུགས་པ་རྨིས་བྱུང

འདི་ནི་ང་རང་ཆུང་དུས་དགའ་མོས་བྱེད་སའི་གཞས་ཤིག་ཡིན་ལ་གངས་ཅན་པའི་གླུ་བ་རྒྱལ་པོ་ཡར་དུང་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་རྗེས་དྲན་མཆོག་པ་འབུལ་བའི་གཞས་ཚིག་གི་ནང་དོན་ཡང་རེད།




2009.12.26 01:43:04


2009.12.08 05:25:08


2009.12.05 06:37:27

དཔལྡན་འབྲས་སྤུངས་ཚོགས་ཆེན་ནང་དུ་བོད་ཀྱི་ཆོས་སྡེ་རྣམས་སུ་ཐོས་བསམ་ མཛད་བཞིན་པའི་ཧི་མ་ལ་ཡའི་དགེ་འདུན་པས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་ རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་དགའ་ལྡན་གསེར་ཁྲིར་མངའ་གསོལ་བའི་མཛད་པར་ཆེས་བསྟོད་མཛད་སྒོ་ཞིག་ཚོགས་གནང་སོང་བས་། སྐབས་དེའི་མཛད་རིམ་ཁག་གིས་ཐོག་མར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཛད་སྒོའི་ སྣང་གསལ་ཞལ་དབྱེ་མཛད་ནས་ཁྲི་ལ་མངའ་གསོལ་བ་དང་ཆོས་སྡེ་སོ་སོའི་ཧི་མ་ལ་ཡའི་ འཐུས་མི་རྣམས་ནས་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་མཇལ་དར་དང་མཎྡལ་ འབུལ་བ་སོགས་མཛད་སྒོ་ཁག་རིམ་གྱི་སྐྱོང་གནང་སོང་། འདི་ན་ཕེབས་པའི་སྐུ་མགྲོན་གཙོ་བོ་ ཤར་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་གཙོའི་གྲ་ཚང་ཁག་གི་མཁན་ལས་ཟུར་རྣམས་པ་དང་། རྒྱ་གར་དབུས་གྲོས་ཚོགས་འཐུས་མི་ཚེ་རིང་བསམ་འཕེལ་མཆོག་དང་། ལ་དགས་དགོན་པ་ཡོངས་ཀྱི་ཚོགས་གཙོ་ཆོས་རྗེ་སྟོབས་ལྡན་རིན་པོ་ཆེ་མཆོག་། ལ་དགས་ནང་པའི་ཚོགས་གཙོ་སྐུ་ཞབས་བློ་བཟང་རིན་ཆེན། གཞན་ཡང་ས་གནས་རྒྱ་གར་གྱི་དཔོན་རིགས་ ;sri sri sri swami nirbhayananda saraswathi president ramakrishna-vivekanand a shrama.ལ་སོགས་དཔོན་རིགས་རྣམས་དང་རང་གཞུང་ས་གནས་གཞི་མགོ་སྐུ་ངོ་དཔལྡན་ དོན་འགྲུབ་ལགས་དང་སྡེ་ཚན་ཁག་གི་ཚོགས་གཙོ་བཅས་སྐྱ་སེར་སྟོང་ཕྲག་བརྒལ་བ་ཞིག་ཚོགས་ཕེབས་གནང་འདུག། སྐབས་དེར་རྒན་ཆོས་འཕེལ་བཟོད་པ་མཆོག་ནས་ཆེས་བསྟོད་མཛད་སྒོའི་ཚོགས་འདུས་ངོ་སྤྲོད་གནང་བ་ དང་བཀྲེས་ལྷུན་པོའི་མཁན་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་བ་སོགས་གོང་འཁོད་ དཔོན་རིགས་ཚང་མས་༧གོང་ས་མཆོག་དང་བོད་གཞུང་དཔའ་ལྡན་ཕོ་བྲང་ནི་ཧི་མ་ལ་ཡའི་རིགས་རྒྱུད་ཡོངས་ལ་ བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་མ་འོངས་པར་ཡིན་ནའང་བཙན་བྱོལ་བོད་མི་རྣམས་དང་ང་ཚོ་ སྐྱེད་སྡུག་གཉམ་མྱོང་ཐོག་བོད་ཀྱི་ཆོས་དང་རིག་གཞུང་འཐད་ལ་ནུས་ཤུགས་རྒྱབ་ དགོས་ཚུལ་། དེ་ཡང་བོད་ཀྱི་བསོ་བ་རིགས་པ་དེར་རྒྱ་གར་དབུས་གཞུང་གི་ངོས་འཛིན་ལྡན་པའི་ལྟ་ སྐྱོང་འོག་གནས་ཐུབ་སོང་ལ་མ་འོངས་བོད་ཀྱི་སྐད་ཡིག་ཡིན་ནའང་དེ་བཞིན་ཆགས་ཐུབ་པའི་རེ་བ་བྱས་བཞིན་ཡོད་ཅེས་གསུང་གནང་སོང་། དེ་བཞིན་ས་གནས་རྒྱ་གར་གྱི་དཔོན་རིགས་རྣམས་ནས་རྒྱ་གར་ས་འཚམས་ལ་དགས་ནས་ཡིན་ པའི་མགོན་པོ་གང་ཉིད་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པ་སོགས་སྨོན་ལམ་རྒྱབ་ བཞིན་ཧི་རྡུས་དང་ཀ་ན་ཊ་ཀའི་སྐད་ཐོག་གསུང་བཤད་གནང་སོང་། ༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གསུངས་དོན་ང་ཚོ་བོད་ཀྱི་ཆོས་འདི་མདོ་སྔགས་ ཟུང་འབྲེལ་གྱི་བསྟན་པ་ཞིག་རེད་དེ་ཡང་ཐོག་མར་བོད་གངས་ཅན་གྱི་མཁས་པ་གོང་མ་རྣམས་ཀྱིས་རྒྱ་གར་རང་གི་མཁས་པས་གསུང་ལ་བརྟན་ ནས་སྦྱང་བརྩོན་གནང་ཡོད་པས་དཔལ་ཎ་ལན་ཌའི་ཆོས་རྒྱུད་འཛིན་མཁན་ཟེར་ན་ཆོག། ལྷག་དོན་ཧ་མ་ལ་ཡའི་རིགས་རྒྱུད་ནི་བོད་ཀྱི་ཆོས་དང་རིགས་གཞུང་ཙམ་མ་ཚད་༧རྒྱ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་རྣམས་གཉིས་ལ་དམིགས་གསལ་འབྲེལ་བ་ཡོད་ལ་ཕྱོགས་གང་ཅིའི་འཐད་ལ་རིན་པོ་ཆེ་རྣམས་གཉིས་ཀྱིས་གཙོས་རིས་མེད་སྐྱེ་ཆེན་དམ་པ་རྣམས་བཀའ་དྲིན་ཆེན་པོ་རེད་དེས་ན་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་དྲི་མ་མེད་དེར་སྐྱ་སེར་དབྱེར་བ་མེད་པར་ཚང་མས་སྤྱང་བརྩོན་གནང་དགོས་ཀྱི་འདུག་ལ་མི་རིགས་གཞན་གྱི་སྐད་ཡིག་ནང་མེད་པར་རང་གི་ཕ་མེས་ཀྱི་སྐད་ནང་ཡོད་པ་ཤེས་ནས་བོད་ཡིག་ཡག་པོ་སྦྱང་དགོས།        དམིགས་གསལ་ངོས་ལ་དེ་རིང་བཤད་རྒྱུ་མེད་༧་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་ཡོད་ན་ཁོང་གིས་བཀའ་སློབ་གང་གནང་བ་རྣམས་སེམས་ལ་བཞག་ནས་ལག་ལེན་གནང་དགོས་ཅེས་བཀའ་གནང་སོང་





2009.12.03 06:37:51

ཐུབ་བསྟན་གསལ་མཛད་ཚུལ་ཁྲིམས་ཉི་མའི་སྲས་།།

གྲབ་པའི་དབང་ཕྱུག་ཡེ་ཤེས་རབ་རྒྱས་ཀྱི་།།

སྐྱེ་རབས་འཛིན་པ་ཐུབ་བསྟན་ཉི་མ་མཆོག་།།

ལུང་རྟོགས་བསྟན་འཛིན་ནོར་བུ་གཙུག་ན་རྒྱལ་།།


དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་

ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྔར་སྲོལ་བཟང་པོའི་རྒྱུན་འཛིན་གྱིས་དགའ་ལྡན་གསེར་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་ཁག་གནང་ལེགས་པ་གྲུབ་ཏེ་དེ་རིང་སྤྱི་ལོ་ 2009་ ཟླ་ 12 ཚེས་ 3 ཉིན་རིན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་དཔལ་ལྡན་འབྲས་སྤུངས་སུ་མཁས་མང་བློ་གླིང་གྲ་ཚང་དང་བཀྲ་ཤེས་སྒོ་མང་གྲ་ཚང་གཉིས་ཀྱི་དགེ་འདུན་པ་གཙོས་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་་ཆིབས་བརྒྱུར་གནང་ཡོད་འདུག་།




2009.11.26 04:29:47

བོད་ཀྱི་བདེན་མཐའ་མ་སེལ་བར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོད་ཟེར་བ་ཞིག་ཡོངས་ས་མེད་ཅེས་རྒྱ་བོད་ཀྱི་མཁས་པ་མང་པོའི་ཞལ་ནས་གཅིག་མཐུན་གསུངས་པ་བཞིན་དོན་དངོས་ཐོག་དཔེ་ན་ རྒྱ་གར་དང་བོད་གཉིས་ནི་ལོ་ངོ་ལྟོང་ཁྲག་མང་པོའི་རིང་ཡུལ་གཉིས་མཛའ་མཐུན་ངང་གནས་ཡོད་པས་ས་མཚམས་ཀྱི་རྩོད་རྙོད་གང་ཡང་བྱུང་མེད་པར་མ་ཟད་ཆོས་དང་རིགས་གཞུང་སོགས་ཀྱི་འབྲེལ་བ་དམ་ཟབ་ཆགས་ཡོད་།


བྱང་བུ།:



2009.11.24 03:27:16

རྙིང་ཞེན་མཁྲིགས་འཛིན་བྱེད་པའི་ལམ་ལུགས་དང་།།

དེང་རབབ་ཁོ་ནར་དགའ་བའི་གོམས་གཤིས་སོགས།།

རྒྱུ་མཚན་ཡལ་མ་མཐོང་བའི་འགྱུར་འགྲོས་ཞིག།།

དྲ་གྲོགས་ཡོངས་ལ་དཔྱད་པའི་གཞི་ཙམ་གླེང་།།

 

རྩ་ཁྲིམས་ནོར་བུ་གཙུག་གིས་དབུས་སུ་སྐུལ་།།

དྲང་པོའི་ལམ་ནས་གཞུང་དོན་སྒྲུབ་ན་ཡང་།།

ཕྱིར་མིག་མདུན་ལྟ་བྱེད་པའི་མིག་མེད་ན་།།

དེང་སྐབས་ཁྲིམས་དཔོན་བཞུགས་གནས་སྲིད་གཞུང་མེད་།།


བྱང་བུ།:



2009.11.15 12:26:06

༧གོང་

ས་མཆོག་ཨ་རུ་ན་ཅལ་ནང་ཕེབས་རྒྱུའི་ཐད་་རྒྱ་གར་བརྙན་འཕྲིན་NDTV:སོགས་སུ་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་བྱས་པ་དང་། གཞ྄ན་ཡང དེངས་སྐབས་རྒྱལ་སྤྱིའི་ཁྲོད་ནས་གནས་ཚུལ་འདིར་གལ་གནད་ཆེ་པོ་ཞིག་མཐོང་མིན་ལ་མ་ལྟོས་པར་སྲིད་དོན་པ་ཚང་མས་དོ་སྣང་དང་བགྲོ་གླེང་འདྲ་མིན་བྱེད་བཞིན་པ་ཞིག་རེད། དེ་བཞིན་རྒྱ་ནག་གི་ཕྱོགས་ནས་འདིའི་་སྐོར་ལ་འཁྱོག་བརྗོད་དང་རྫུན་སྒྲིག་གི་གཏམ་བརྗོད་རིགས་ཡིག་ངག་གཉིས་ཐོག་ནས་སྤེལ་བཞིན་པར་ཀུན་གྱི་མཐོང་ཐོས་ལྟར་རེད་།


བྱང་བུ།: