བོད་ཀྱི་བང་ཆེན། ཟིན་བྲིས། གསེར་རྟ་ཚུལ་ཁྲིམས།

བོད་ཀྱི་བང་ཆེན།

the Tibet Express

སྐད་ཡིག་འདེམས་ས།

Tibetan繁體中文English

གསེར་རྟ་ཚུལ་ཁྲིམས།



2010.01.14 18:49:55

ཉེ་བའི་བདུན་ཕྲག་གཅིག་གཉིས་ཙམ་ནས་རྒྱ་གར་ནང་མེ་འཁོར་རྗེས་ལུས་ཐེབས་ནས་འགྲུལ་བཞུད་པ་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་འདུག་ཀྱང་། རྒྱ་གར་གྱི་མེ་འཁོར་ལས་བྱེད་པ་དང། མེ་འཁོར་འབབ་ཚིགས་ཀྱི་ལས་བྱེད་རྣམས་ལ་མཚོན་ན་སྣང་མེད་ལྟ་བུར་གྱུར་འདུག ང་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་དགོང་མོ་ཆུ་ཚོད་༧ པ་ཙམ་ལ་གནས་མཆོག་རྡོ་རྗེ་གདན་ནས་གྷ་ཡ་མེ་འཁོར་འབབ་ཚིགས་སུ་བལ་ཡུལ་ནས་ཕེབས་པ་ངའི་གྲོགས་པོ་སྐུ་ཞབས་འོད་ཟེར་ལགས་དང་མཉམ་དུ་སོང་བ་ཡིན།

  བདག་གཞན་འདྲ་མཉམ།
Comments 1 Hits: 188  

2010.01.14 09:02:15

གཞིས་གྲོང་བཞི་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དུ་ཡོད། ཅུང་ཙམ་ནས་༧གོང་ས་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཨོ་རི་ས་མངའ་སྡེའི་གྲོང་ཁྱེར་ལྟེ་བ་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་སོང།


  བདག་གཞན་འདྲ་མཉམ།
Comments 9 Hits: 1180  

2009.12.11 01:43:21

 

འཁྲབ་དགོས་པ་ཚང་མ་འཁྲབ་སོང་ཡང། ཆད་མི་རུང་བ་གཅིག་ཆད་སོང།

ཟླ་འདིའི་ཕྱི་ཚེས་༡༠ དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་ཀྱི་ཐོག་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱ་རྒྱུ་ཡིན་ཚུལ་གྱི་མགྲོན་བརྡ་ཞིག་འབྱོར་འདུག ཕྲན་ལ་མཚོན་ན་དྷ་སར་སླེབས་ནས་ལོ་བཅུ་གཅིག་ཧྲིལ་པོ་སོང་ཟིན་ནའང་བོད་གཞུང་ཟློས་གར་དུ་ལྟད་མོ་ལྟ་བར་བསྐྱོད་པའི་གྲངས་ཀ་ནི་གསུམ་བཞི་ཞིག་ལས་བགྲང་རྒྱུ་མེད། ཕྲན་ནི་བཙན་བྱོལ་དུ་འབྱོར་བ་ནས་བཟུང་གླུ་གར་འཁྲབ་སྟོན་སོགས་ལ་དོ་དབྱིངས་ཆེན་པོ་མེད་པར་གྱུར་འདུག་ཀྱང། མགྲོན་བརྡ་དེ་ལ་ཞིབ་བལྟ་ཐེངས་གཅིག་བྱས་པ་བརྒྱུད། མགྲོན་བརྡ་དེའི་མཇུག་ཏུ་གཞིས་བྱེས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ངེས་པར་དུ་ཕེབས་གནང་ཡོང་བ་ཞེས་བྲིས་འདུག་པས། མ་བཅར་ཐབས་མེད་ཆགས་སོང་ལ། ལྷག་པར་དུ་འཁྲབ་སྟོན་པ་མང་ཆེ་བའང་༢༠༠༨ ལོའི་ཞི་རྒོལ་ནང་ཞུགས་མྱོང་མཁན་རེད་འདུག་པས་དམིགས་བསལ་གྱིས་བྲོ་བ་གསོན་པོ་ཞིག་ཡོད་ངེས་རེད་བསམས་ནས་བཅར་བ་ཡིན།


  བདག་གཞན་འདྲ་མཉམ།
Comments 11 Hits: 633  

2009.09.28 19:53:29

མཆོག་ཏུ་བཀུར་བར་འོས་པའི་དྲ་མགྲོན་རྣམ་པར་གསལ་བསྒྲགས་ཞུ་རྒྱུར། བར་ལམ་བོད་ཀྱི་བང་ཆེན་དྲ་རྒྱའི་ནང་གི་མ་ལག་ཁག་ཅིག་གསར་པ་བརྗེ་བསྒྱུར་བྱེད་པའི་སྐབས་དེ་ལས་མང་ངམ། རྩོམ་ཡིག་གི་འཕྲོས་ཚང་མ་རྒྱབ་ལོགས་སུ་གཏོང་རྒྱུའི་མ་ལག་དེ་བེད་སྤྱོད་མེད་པར་གྱུར་ནས་ད་བར་བདུན་ཕྲག་གསུམ་ཙམ་སོང་བ་དང་། ད་ལྟའི་ཆར་དེ་ལས་མང་བེད་སྤྱོད་བྱེད་ཐུབ་པ་མ་ཟད། འདྲ་པར་འགོད་སྟངས་ཀྱང་སྔར་དང་མི་འདྲ་བར་མ་ལག་གསར་པ་མང་པོ་ཞིག་བསྐྱར་དུ་ཁ་སྐོང་བྱས་ཡོད། རྩོམ་ཡིག་འགོད་པའི་སྐབས་འཕྲོས་རྒྱབ་ལོགས་སུ་གཏོང་སྟངས་སྔོན་དང་ཅུང་མི་འདྲབསདྲ་གྲོགས་རྣམས་ལ་དཔེ་རིས་ཀྱི་སྟེང་ནས་ངོ་སྤྲོད་བྱས་ཡོད་པས་དེར་གཟིགས་རོགས། གོང་གི་པར་རིས་དེའི་གཤམ་གྱི་བསྟར་ཕྲེང་གི་ནང་དུ་ཡོད་པ་གཤམ་ནས་ཡར་བརྩིས་པའི་གཉིས་པ་འོག་ཏུ་དམར་རྟགས་གོར་ཐིག་བརྒྱབ་པ་དང༌། ཟུར་དུ་བོད་ཡིག་གིས་དེ་ལས་མང་ཞེས་གསལ་བཤད་བྲིས་པ་དེའི་ཐོག་ཏུ་མནན་ན་སྔོན་མའི་དེ་ལས་མང་ཞེས་པ་དང་གཅིག་མཚུངས་ཡིན་པས་དེ་ལུགས་དགོངས་མངའ་ཡོང་བ་དང་།

000123 abc


  བདག་གཞན་འདྲ་མཉམ།
Comments 12 Hits: 4151  

2009.08.28 01:16:00

བོད་ཀྱི་བང་ཆེན་དྲ་རྒྱ་གཟིགས་མཁན་རྣམས་ལ་གསལ་བསྒྲགས།

བོད་ཀྱི་བང་ཆེན་གྱི་དྲ་རྒྱ་འདི་ཉིད་ཡར་རྒྱས་དང་། ལྟ་ཀློག་བྱེད་མཁན་ཉིན་རེ་ནས་ཉིན་རེ་བཞིན་མང་དུ་འགྲོ་བའི་སྐབས་སུ་ཡོད་མོད། ཕྱི་ཚེས་༢༥ རེས་གཟའ་མིག་དམར་གྱི་དགོང་མོ་ཆུ་ཚོད་དྲུག་པའི་ཐོག་གློ་བུར་དུ་སྒོ་ཕྱེ་མི་ཐུབ་པ་ཆགས་པ་དང་།

Comments 17 Hits: 3095  

2009.07.22 06:16:32

ཟིན་བྲིས་སུ་གསར་དུ་ཞུགས་སྟངས་ལམ་སྟོན།

གསར་དུ་ཞུགས་པའི་སྐུ་མགྲོན་རྣམས་ལ་ཐོག་མ་ཟིན་བྲིས་སུ་ཞུགས་པའི་སྐབས་གཤམ་གྱི་གོ་རིམ་འདི་དག་ངེས་པར་དུ་བརྒྱུད་དགོས།

 

༡༽ དྲ་རྒྱའི་ཐོག་ཏུ་ཡོད་པའི་ནང་འཛུལ་ཞེས་པ་དེར་འགྲོ་དགོས་ལ།

༢༽ གཤམ་གྱི་དཔེ་རིས་སུ་འཁོད་པ་བཞིན། ཐོ་འགོད་ཅེས་དམར་རྟགས་འཁོད་པ་དེར་གནོན་དགོས།

༣༽ དེའི་རྗེས་གཤམ་གྱི་དཔེ་རིས་སུ་འཁོད་པ་བཞིན། ཐོ་འགོད་བྱེད་ཡུལ་ཤར་ཡོང་བ་དང། རེའུ་མིག་དང་པོ་མིང་དང། རེའུ་མིག་གཉིས་པ་སྤྱོད་མཁན་གྱི་མིང་གཉིས་ཀ་བོད་ཡིག་གིས་འབྲི་ཆོག རྗེས་མ་བེད་སྤྱོད་བྱེད་པའི་སྐབས་སྤྱོད་མཁན་གྱི་མིང་ཞེས་པ་དེ་ཕྱི་ལོགས་སུ་ཤར་ཡོང་བ་དང། མིང་ཞེས་པ་དེ་དུས་རྒྱུན་ནང་འཛུལ་བྱེད་པའི་མིང་དེ་རེད། རེའུ་མིག་གསུམ་པ་གློག་འཕྲིན་ནང། ཁྱེད་ཀྱིས་རྒྱུན་སྤྱོད་ཨིས་མེལ་ཁ་བྱང་བེད་སྤྱོད་པ་ཡོད་པ་ཞིག་འབྲི་དགོས། རེའུ་མིག་གསུམ་པར་གསང་ཨང་ཞེས་གསང་བའི་རྟགས་ཡི་གེའམ་ཨང་གྲངས་གང་རུང་འབྲི་དགོས་ལ། རེའུ་མིག་བཞི་པར་ཡང་གོང་དུ་བཀོད་པའི་གསང་ཨང་དེ་མ་ནོར་བར་བསྐྱར་འགོད་བྱེད་དགོས།

༤༽ དེ་དག་གྲུབ་རྗེས་གཤམ་གྱི་ཐོ་འགོད་ཅེས་པ་དེར་གནོན་ཙམ་གནང་ན་ཁྱེད་ཀྱི་དེབ་འགོད་ཆ་ཚང་གྲུབ་པ་རེད།

༥༽ རྗེས་སུ་རང་ཉིད་ཀྱིས་བརྗོད་གཞི་གསར་པ་ཞིག་སྤེལ་བའམ། ཡང་ན་གཞན་གྱིས་སྤེལ་བའི་བརྗོད་གཞི་ལ་བགྲོ་གླེང་བྱེད་པ་གང་ཡིན་རུང་ནང་འཛུལ་བྱེད་དགོས། ནང་འཛུལ་བྱས་པའི་རྗེས་སུ་ཁྱེད་ཀྱིས་ག་རེ་འབྲི་དགོས་ཀྱང་དཀའ་ཁག་མེད།


  བདག་གཞན་འདྲ་མཉམ།
Comments 8 Hits: 1149  

2009.07.20 20:17:20

གསལ་བཤད་འདི་དྲར་ཞུགས་སྐུ་མགྲོན་ཞིག་གིས་དགོངས་འཆར་གནང་བར་ལན་འདེབས་ཞུས་པ་ཞིག་ཡིན་ཡང་། དྲར་ཞུགས་སྐུ་མགྲོན་གང་མང་ཞིག་ལ་དྲ་རྒྱ་འདི་ཉིད་གཟིགས་པའི་སྐབས་དྲ་འབྱེད་མཉེན་ཆས་ཀྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པས། གསལ་བཤད་དེ་ཟུར་དུ་བསྐྱར་འགོད་བྱས་པ་ཡིན།

ཕྱི་ལོ་ཉིས་ཁྲི་བཅུའི་༼༢༠༠༡༠༽ལོའི་མཛེས་མ་ལགས། དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང། གང་ཐུབ་ཀྱིས་འབད་བརྩོན་བྱེད་ངེས་ཡིན། འོན་ཀྱང་ང་ཚོའི་དྲ་རྒྱའི་མདུན་ངོས་ཀྱི་བཟོ་འགོད་དེ་བོད་ཀྱི་དུས་བབ་དང་འདྲ་པོ་བཟོ་དགོས་མིན་ལ་བསམ་བློ་གཏོང་གི་ཡིན། སྤྱིར་དྲ་ཚིགས་རེར་བཟོ་དབྱིབས་མི་འདྲ་བ་རེ་ཡོད་དགོས་པ་ལྟ་བུ་ལས་གཅིག་མཚུངས་ཡིན་ན་མི་ལེགས་པའི་དགོངས་ཚུལ་འདོན་མཁན་ཡང་འདུག གཞན་ཡང་དྲ་རྒྱ་ཀློག་མཁན་མང་པོ་ཞིག་གི་གློག་ཀླད་ནང་དྲ་འབྱེད་མཉེན་ཆས་༼Internet Explorer 7༽བདུན་པའམ་ ༼Internet Explorer 8༽བརྒྱད་པ་དང། དྲ་འབྱེད་མཉེན་ཆས་མེ་ཝ་ ༣.༠.༤ རྟགས་ཅན་༼Firefox Setup 3.0.4༽འདི་གཉིས་མེད་པས། བོད་ཀྱི་བང་ཆེན་གྱི་དྲ་རྒྱ་ལ་གཟིགས་པའི་སྐབས་ཡི་གེ་འཕྲེད་དུ་རིང་པོ་ཆགས་པ་དང། དྲ་རྒྱའི་སྟོད་ཕྱོགས་ཀྱི་གནས་ཚུལ་ཚང་མ་སྨད་དུ་ཤོར་འགྲོ་བ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་པ་རེད། དཀའ་ངལ་དེ་སེལ་ཆེད་གོང་དུ་བཀོད་པ་བཞིན་དྲ་འབྱེད་མཉེན་ཆས་༼Internet Explorer 7༽བདུན་པའམ་ ༼Internet Explorer 8༽བརྒྱད་པ་དང། དྲ་འབྱེད་མཉེན་ཆས་མེ་ཝ་ ༣.༠.༤ རྟགས་ཅན་༼Firefox Setup 3.0.4༽འདི་གཉིས་ཀྱི་གང་རུང་བེད་སྤྱོད་བྱས་ན་བདེ་བླག་ཏུ་གཟིགས་ཐུབ། དེ་བཞིན་ལོ་གཅིག་གི་རྗེས་སུ་ཀློག་གླད་ནང་གི་མཉེན་ཆས་མང་པོ་ཞིག་རྙིང་པ་ཆགས་ངེས་དང་། སྐབས་དེ་དུས་གོང་གི་དཀའ་ངལ་དེ་དག་ཀྱང་རང་བཞིན་གྱིས་སེལ་ངེས་ཡིན། གོང་གི་གསལ་བཤད་འདི་དག་ལ་ཀློག་མཁན་རྣམས་ཀྱིས་གཟིགས་ནས་དེ་ལུགས་ལག་ལེན་དུ་བསྟར་ཐུབ་པའི་རེ་བ་ཡོད། ཐུགས་སྣང་ཆེན་པོའི་ཐོག་ནས་དགོངས་ཚུལ་གནང་མཁན་ལའང་་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


  བདག་གཞན་འདྲ་མཉམ།
Comments 4 Hits: 862  

2009.05.09 21:02:28

གསར་དུ་དྲ་བར་ཕེབས་པའི་སྐུ་མགྲོན་ yeshi thinleyy ལགས་ཀྱིས་གཙོས་གསར་ཞུགས་སྐུ་མགྲོན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང༌།  ཐོག་མ་ཐོ་འགོད་བྱེད་པའི་སྐབས་དང༌། གལ་སྲིད་ཐོ་འགོད་བྱས་ཟིན་ཀྱང༌། ཁྱེད་ཀྱི་མིང་དེ་བོད་ཡིག་བཀོལ་སྤྱོད་བྱེད་འདོད་ན། བསྐྱར་དུ་ཐོ་འགོད་བྱེད་དགོས།

དང་པོ། ཐོག་མ་ནང་འཛུལ་བྱེད་ཡུལ་དུ་སོང་ན། དེའི་གཤམ་དུ་གདམ་ག་གསུམ་ཡོད་པའི་གསུམ་པ་ཐོ་འགོད་ཅེས་པ་དེའི་ཐོག་ཏུ་གནོན་དགོས་ལ། དེ་ལྟར་མནན་པའི་རྗེས་སུ་ཐོ་འགོད་བྱེད་ཡུལ་ཆ་ཚང་ཤར་ཡོང༌། སྐབས་དེར་མིང་དང༌། སྤྱོད་མིང་གཉིས་ཀ་བོད་ཡིག་གིས་བྲིས་ན། རྗེས་སུ་རང་ཉིད་ཀྱི་མིང་བོད་ཡིག་གི་ཐོག་ནས་འཆར་ཐུབ་པ་མ་ཟད། དུས་རྒྱུན་ནང་འཛུལ་བྱེད་པའི་སྐབས་ཀྱང་སྤྱོད་མིང་བོད་ཡིག་རང་གིས་འབྲི་ཐུབ།

གཉིས་པ། ཟིན་བྲིས་སུ་ཁྱེད་ཀྱི་འདྲ་པར་འཇོག་འདོད་ན་དྲ་བའི་གཡས་ཟུར་དང༌། རང་ཉིད་ཀྱི་ལག་གཡོན་ཕྱོགས་སུ་ཡོད་པའི་ཟིན་བྲིས་ཞེས་པའི་མགོ་བརྗོད་འོག་ཏུ་ཡོད་པའི་ནང་གསེས་ཨང་གསུམ་པ། ངོ་སྤྲོད་བཅོས་སྒྲིག་ཅེས་པ་དེའི་ཐོག་ཏུ་གནོན་དགོས་པ་དང༌། དེ་ནས་ངོ་སྤྲོད་བཟོ་བཅོས་ཞེས་པ་ཞིག་མཐོང་ཐུབ། དེའི་ཐོག་མནན་ན་སྐོར་དང༌། ངོ་སྤྲོད་བཟོ་བཅོས། འདྲ་པར་ཞེས་ཚན་པ་གསུམ་མཐོང་ཐུབ། འདྲ་པར་ཞེས་པའི་ཐོག་མནན་ན་འདྲ་པར་ཡར་འཇུག་བྱེད་ས་སླེབས་ཡོང་བ་དང༌། རང་ཉིད་ཀྱིས་འདྲ་པར་གང་འགོད་དགོས་པ་དེ་བདམ་ནས་ཡར་འཇུག་བྱེད་དགོས་པ་དང༌། དེའི་རྗེས་སུ་གཤམ་གྱི་གསོག་ཉར་ཞེས་པ་དེར་མནན་ན་འདྲ་པར་བཀོད་ཟིན་པ་ཡིན།

གསལ་བཤད། དམར་རྟགས་བརྒྱབ་པ་རྣམས་རེ་རེ་བཞིན་གོ་རིམ་མ་འཆོལ་བར་སོང་ན་མིང་བོད་ཡིག་གིས་འབྲི་བ་དང༌། འདྲ་པར་འགོད་རྒྱུའི་དཀའ་ངལ་དེ་ཡོངས་སུ་སེལ་ཐུབ།


  བདག་གཞན་འདྲ་མཉམ།
Comments 2 Hits: 965  

2009.04.17 20:48:12

འདི་ག་བོད་ཀྱི་བང་ཆེན་གསར་ཁང་ནས་འབད་བརྩོན་གང་མང་བྱས་པ་བརྒྱུད་ད་ལྟའི་ཆར་རྒྱ་བོད་དབྱིན་གསུམ་གྱི་ཐོག་ནས་དྲ་རྒྱ་འདི་ནས་གསར་སྐྲུན་བྱེད་ཐུབ་ཙམ་བྱུང་བ་དང༌། བོད་ཀྱི་སྐད་ཡིག་ཡར་རྒྱས་དང༌། མང་གཙོ་དང་འདྲ་མཉམ་གྱི་གོ་རྟོགས་ཡར་རྒྱས་ཡོང་ཆེད་དུ་དམིགས་ནས་ཀློག་མཁན་རྣམས་ཀྱི་བསམ་ཚུལ་འབྲི་བ་དང༌། ཕན་ཚུན་བགྲོ་གླེང་བྱེད་ཡུལ་ཞིག་བསྐྲུན་པ་རེད། ད་ལྟའི་ཆར་སྐུ་མགྲོན་གང་མང་ཞིག་གིས་དང་བ་དང་འགན་ཁུར་ཆེན་པོས་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་གསུངས་བཞིན་པ་དང༌། ལན་འདེབས་བྱེད་པའི་སྐབས་ཀྱང་དོན་དངོས་གཙོ་བོར་བཟུང་ནས་བགྲོ་གླེང་གནང་བཞིན་པ་ནི་ཧ་ཅང་བསྔགས་འོས་ཀྱི་གནས་སྟངས་ཤིག་ཏུ་གྱུར་འདུག་ཀྱང༌། མི་ཉུང་བ་ཞིག་གིས་མིང་རྫུན་མ་རེའི་རྒྱབ་ཏུ་གབ་ནས་དུས་རྒྱུན་དཀྲོག་གཏམ་དང་དཀྲུགས་ཤིང་རྒྱག་རྒྱུ་ལས་མི་རིགས་དང་རིག་གནས་ལ་ཕན་པའི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་པའི་གནས་ཚུལ་ཡང་ཇི་སྙེད་ཅིག་ཡོང་བཞིན་འདུག འདི་ལྟར་མུ་མཐུད་དུ་སོང་ནས་དྷ་རམ་ས་ལའི་རྩིག་གྱང་ངོས་ཀྱི་ཡིག་འཁྱམས་དེ་དག་དྲ་རྒྱའི་ནང་དུ་སྤོས་པ་དང་ཁྱད་པར་གང་ཡང་མེད་པས་ང་ཚོའི་དགོས་དམིགས་ཀྱི་ཟུར་ཆ་ཙམ་ཡང་འགྲུབ་ཐབས་མི་འདུག་པས། ཟིན་བྲིས་དང་གླེང་སྟེགས་སུ་འཛུལ་ཞུགས་དང་དེབ་འགོད་བྱེད་སྐབས་འདི་ག་གསར་ཁང་དུ་ཐད་ཀར་འབྲེལ་བ་མ་བྱས་པར་འགོད་ཐབས་མེད་པ་ཞིག་བཟོ་དགོས་ཀྱང་བཟོ་ངེས་ཡིན།

ད་ལྟའི་ཆར་ཟིན་བྲིས་ཀྱི་ནང་དུ་འཛུལ་ཞུགས་བྱེད་པར་འདི་གར་འབྲེལ་བ་གང་ཡང་བྱེད་མི་དགོས་པར་ཐད་ཀར་རང་ངོས་ནས་འཛུལ་ཞུགས་ཆོག་པ་དེ། བོད་ནང་གི་ཀློག་མཁན་རྣམས་ཟིན་བྲིས་འདིར་འཛུལ་ཞུགས་གནང་བའི་སྐབས། འདི་གར་འབྲེལ་བ་གནང་རྒྱུར་སྟབས་མི་བདེ་བ་དང༌། ཁོང་ཚོས་དངོས་མིང་བཀོལ་ན་དཀའ་ངལ་འཕྲད་ངེས་པས་དེ་ལྟར་གུ་ཡངས་ཀྱི་རང་བཞིན་འདི་བསྐྲུན་པ་རེད། འོན་ཀྱང་ད་ལྟའི་ཆར་མང་པོ་ཞིག་གིས་གོ་སྐབས་འདི་བཟུང་ནས་མིང་རྫུན་མ་རེའི་འོག་ཏུ་གབ་ནས་འགན་ཁུར་གང་ཡང་མེད་པར་དཀྲོག་གཏམ་དང་དཀྲུགས་ཤིང་ཁོ་ན་སྤེལ་བཞིན་འདུག་པ་ནི་བློ་ཕམ་གྱི་རང་བཞིན་དང༌། འབོད་སྐུལ་ཞུ་རྒྱུར་དེ་རིང་ནས་བཟུང་ཟིན་བྲིས་སུ་ཞུགས་མཁན་རྣམས་ཀྱིས་དྲ་རྒྱ་འདིའི་ཆེ་མཐོང་དང་སྤྱི་ཚོགས་ཀྱི་འགན་ཁུར་ནས་དོན་མེད་ཀྱི་དཀྲུག་ཤིང་དང༌། གཞི་མེད་ཀྱི་སྐུར་འདེབས་འདི་རིགས་མཚམས་འཇོག་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་པས་དེ་ལུགས་དགོངས་བཞེས་ཡོང་བ་དང༌། ཅི་སྟེ་ད་དུང་འགྱུར་མ་བྱུང་ན་ཟིན་བྲིས་སུ་ཐོ་འགོད་དང་འཛུལ་ཞུགས་བྱེད་སྟངས་སོགས་ལའང་འགྱུར་བ་གཏོང་སྲིད་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་བཞིན་ཡོད།

              ཅེས་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་2009 ཟླ་4 ཚེས་18 བོད་ཀྱི་བང་ཆེན་གསར་ཤོག་འདོན་འགྲེམས་བྱས་ནས་ལོ་དྲུག་ཧྲིལ་པོ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས་ཕུལ།


  བདག་གཞན་འདྲ་མཉམ།
Comments 33 Hits: 1155  

2009.03.28 20:28:58

སྔ་འགྱུར་རྙིང་མ་པའི་དབུ་ཁྲིད་ཟུར་པ་རྒྱལ་བ་དབལ་ཡུལ་གདན་རབས་བཅུ་གཅིག་པ་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་གི་མཛད་རྣམ་མདོར་བསྡུས།

གྲུབ་དབང་གོང་མ་དཔལ་ཆེན་འདུས་པའི་སྐུ་ཡི་ཡང་སྲིད་འཁྲུལ་མེད་ཡིན་པ་ནི། རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ལུང་བསྟན་ལས། གནས་མཆོག་སྤོ་བོ་སྟོད་ཀྱི་ཕྱོགས་ཤིག་ན།། རིན་ཆེན་བྲག་གི་ལྷུན་སྟུག་མཛེས་པའི་རྩེར།། ལྗོན་ཤིང་སྣ་ཚོགས་མཚོ་དང་ལྡེང་ཀས་བརྒྱན།། བསིལ་ལྡན་ཆུ་བོ་ཆེན་པོ་ལྷོ་ནས་འདྲེན།། ཐབས་ཤེས་བསོད་ནམས་སྐྱིད་ཀྱི་མིང་ཅན་ནས།། རིགས་ལྡན་ཁྱེའུ་ཆུ་སྤྲེལ་ལོ་པ་འབྱུང༌།། བསྟན་འགྲོར་སྨན་པའི་དགེ་མཚན་བཟང་པོ་ཤར།། ཞེས་ལུང་བསྟན་པ་བཞིན། ཁྲག་འཐུང་བདུད་འདུལ་རྡོ་རྗེ་གདུང་འཛིན་ཡབ་བསོད་ནམས་འགྱུར་མེད་དང༌། ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་༡༦ ཆུ་སྤྲེལ་རྒྱལ་ཟླ་བ་ཕྱི་ལོ་༡༩༣༢ ལོར་མཚན་དཔེའི་གཟི་བྱིན་གསར་དུ་བཞད། དགུང་གྲངས་ལྔ་པ་མེ་བྱི་ལོར་དཔལ་ཡུལ་བའི་གདན་སར་སྤྱན་དྲངས།


  བདག་གཞན་འདྲ་མཉམ།
Comments 1 Hits: 1284  

2009.02.23 04:47:09

ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་གཏོང་དགོས་པ་དང༌། དེའི་སྐོར་ལ་དོ་སྣང་དང་འབད་བརྩོན་བྱེད་མཁན་གང་མང་ཡོད། བོད་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བའི་འགོག་རྐྱེན་ཆེ་ཤོས་དེ་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་དང་བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ངན་པ་ ཞིག་བཟུང་ཡོད་པ་འདི་ཡིན་ཡང༌། ད་དུང་འགོག་རྐྱེན་མང་པོ་བོད་ཕྱི་ནང་གཉིས་སུ་འཕྲད་བཞིན་ཡོད་པ་རེད།


  བདག་གཞན་འདྲ་མཉམ།
Comments 3 Hits: 1491  

2009.01.30 00:50:58

བོད་ཀྱི་བང་ཆེན་དྲ་རྒྱའི་ཟིན་བྲིས་སུ་བགྲོ་གླེང་གནང་མཁན་གྱི་སྐུ་མགྲོན་རྣམས་ལ་འབོད་སྐུལ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད། བགྲོ་གླེང་གནང་བའི་སྐབས་རང་ཉིད་ཀྱི་སྐད་ཆ་དང་ཐད་ཀར་འབྲེལ་ཡོད་སོ་སོ་ནས་ལན་བཏབ་པ་ཡིན་ན། ལན་མང་པོ་སླེབས་པའི་རྗེས་སུ་བལྟ་དུས་ལན་འདེབས་དེ་དག་གི་བཟོ་ལྟ་ལ་ཕྲ་སྦོམ་མི་འདྲ་བ་མང་པོ་ཡོད་པ་ལྟ་བུ་ཡོང་གི་འདུག དེར་བརྟེན་གོང་གི་འབྲེལ་ཡོད་སུ་ཡིན་པ་དེའི་མིང་ངམ། ཡང་ན་གང་བཤད་པའི་ཚིག་གནད་ཁ་ཤས་ལུང་དྲངས་ནས་ལན་འདེབས་བྲིས་ན། སུ་དང་སུ་ལ་ལན་བཏབ་ཡིན་པ་གསལ་པོ་ཤེས་པའི་ཕན་ཁྱད་ཡོད་པ་དང༌། ལན་འདེབས་གང་ཡིན་པ་དེ་མཇུག་གི་ས་མིག་སྟོང་པའི་ནང་བསྟར་ཆགས་སུ་བྲིས་ན། ལན་འདེབས་དེ་དག་ལ་ཕྲ་སྦོམ་མེད་པར་ཐིག་ཚད་གཅིག་གི་ནང་དུ་འགྲོ་ཐུབ་པའི་ཁྱད་པར་ཡོད་སྟབས་དེ་ལྟར་གནང་བའི་འབོད་སྐུལ་ཞུ་རྒྱུ་དང༌། ད་བར་སྐུ་མགྲོན་གང་མང་ཞིག་གིས་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་འཛེམས་ཟོན་སྦ་གསང་མེད་པར་ཐད་ཀར་བགྲོ་གླེང་གནང་བར་དགའ་བསུ་དང་བསྔགས་བརྗོད་ཚད་མེད་ཞུ་བཞིན་ཡོད། བསྐྱར་དུ་དཔེ་མཚོན་དང་བཅས་ཞུ་རྒྱུར། བསམ་ཚུལ་གང་གསུང་དགོས་ཀྱང་གོང་གི་བར་སྟོང་སོ་སོ་ན་ཡོད་པའི་ལན་ཟེར་བ་དེའི་ནང་དུ་མི་འབྲི་བར། གཤམ་གྱི་ལན་གྱི་ལན་འདེབས་ཞེས་པའི་གྲུ་བཞི་སྟོང་པ་དེར་འབྲི་རོགས་ཞུ་བཞིན་ཡོད་པས། དེ་ལུགས་དགོངས་བཞེས་གནང་རོགས། བལྟ་དུས་ཙམ་ལ་མིག་ལམ་དུ་མཛེས་མིན་ལ་ཁྱད་པར་ཅུང་ཙམ་ཡོད་པས་འབོད་སྐུལ་དེ་ཞུས་པ་ཡིན། རྩོམ་སྒྲིག་པས།


  བདག་གཞན་འདྲ་མཉམ།
Comments 29 Hits: 1841  

2009.01.26 10:26:32

ཡིད་སྐྱོ་བའི་གནས་ཚུལ།

བོད་ཀྱི་དཔེ་མཛོད་ཁང་གི་ལྷ་བྲིས་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱི་ལས་ཤག་ལ་མེ་ཤོར་ནས་ཁོང་གི་སྐུ་སྲོག་ཤོར་བའི་གནས་ཚུལ་ཡིད་སྐྱོ་བོ་ཞིག་དེ་རིང་བྱུང་འདུག གནས་ཚུལ་ཞིབ་ཕྲ་བོད་ཀྱི་བང་ཆེན་གྱི་དྲ་རྒྱའི་མདུན་ངོས་གསར་འགྱུར་དུ་འཁོད་ཡོད་པས་དེར་གཟིགས་པར་ཞུ། ཁོང་ལ་མཚོན་ན་རང་ཉིད་ཀྱི་ལྷ་བྲིས་ཀྱི་ཤེས་ཡོན་དེ་ཉིད་སློབ་ཕྲུག་རྣམས་ལ་ཕངས་མེད་དུ་བསྩལ་ནས་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་རི་མོ་བ་མཁས་ཆེན་བརྒྱ་ཕྲག་ཙམ་སྐྱེད་སྲིང་བྱས་ཡོད་པ་དང༌། ད་ལྟའི་ཆར་ཁོང་བགྲེས་ཡོལ་དུ་བཞུགས་ཡོད་པ་རེད། ཁོང་ལ་རྗེས་དྲན་གྱི་ཚུལ་དུ་ལོ་ཁ་ཤས་ཀྱི་སྔོན་དུ་ངས་ཁོང་ལ་བཅར་འདྲི་ཞུས་པ་ཞིག་བསྐྱར་དུ་བཀོད་ཡོད་པས་ཁོང་གི་མཛད་རྗེས་དང་དགོངས་ཚུལ་གང་ཡོད་གསལ་པོ་རྟོགས་ཐུབ་པའི་སླད་དུ་བསྐྱར་འགོད་ཞུས་ཡོད། གནས་མཆོག་རྡོ་རྗེ་གདན་ནས་ཕྱི་ལོ་2009  ཟླ་1  ཚེས་26 ཉིན་གསེར་རྟ་ཚུལ་ཁྲིམས་ཀྱིས།

ལྷ་བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ལགས་སུ་བཅར་འདྲི།

ལྷ་བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ནི་ཁམས་ཏྲེ་ཧོར་རྫ་ཁོག་ཏུ་འཁྲུངས་ཤིང༌། ལྷ་བྲིས་མཁས་ཆེན་བློ་བཟང་དོན་གྲུབ་ཀྱི་ཞབས་ལ་གཏུགས་ནས་ལོ་༡༤ རིང་ལྷ་བྲིས་སྒྱུ་རྩལ་ལ་སྦྱངས་པ་གནང་ཡོད་པ་དང༌། བཙན་བྱོལ་དུ་ཕེབས་ནས་ཀྱང་ལྷ་བྲིས་ཀྱིས་ཕྱག་ལས་གནང་ནས་བོད་ཀྱི་སྲོལ་རྒྱུན་སྨན་བྲིས་སྒྱུ་རྩལ་ལ་དགུང་གྲངས་༡༤ ནས་༨༢ བར་མི་ལོ་༦༨ རིང་རིགས་གཅིག་རྐང་འཛིན་གྱིས་སློབ་སྦྱོང་དང་རྒྱུན་འཛིན་སློབ་མ་གྲངས་མང་སྐྱེད་སྲིང་གནང་བ་སོགས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་ལ་ཕྱག་རྗེས་བླ་མེད་བཞག་ཅིང་ད་ཆ་དགུང་གྲངས་༨༢ སུ་ཕེབས་པའི་ལྷ་བྲིས་མཁས་དབང་ཞིག་རེད།

དྲི་བ། རྒན་ལགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལྷ་བྲིས་ཀྱི་སྐོར་ལ་སྦྱང་པ་ལོ་ག་ཚོད་གནང་བ་དང༌། བོད་ནང་ནས་ལྷ་བྲིས་སྐོར་ལ་ཕྱག་ལས་གནང་བ་བཅས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།


  བདག་གཞན་འདྲ་མཉམ།
Comments 4 Hits: 1342  

2009.01.24 23:55:39

ང་ཕྱི་ཟླ་༡ ཚེས་༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་ཙམ་ལ་སླེབས་སོང༌། སྐབས་དེ་དུས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་སྔར་ལྷག་གཟི་བརྗིད་དང་ལྡན་པར་བཀྲག་མདངས་འཚེར་བཞིན་མཇལ་སོང་ལ། དེའི་གཡས་གཡོན་གྱི་ཉེ་འགྲམ་དུ་མི་ཚོགས་ཀྱིས་ཁེངས་འདུག བྱང་ཆུབ་ཤིང་དབང་གི་མདུན་དུ་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད་ཐེངས་དྲུག་པ་ཚོགས་བཞིན་འདུག་ཅིང༌། གྲྭ་བཙུན་འདུས་ཚོགས་མང་པོ་ཞིག་ཕེབས་འདུག  ཕྱོགས་གཅིག་ན་བཙུན་མ་མང་པོ་ཞིག་གིས་བཟང་སྤྱོད་སྨོན་ལམ་དྲུང་སྒྲུབ་འཚོགས་འདུག ནང་སྐོར་གྱི་ར་བའི་ཕྱི་ལོགས་སུ་མ་ཎི་འཚོགས་མཁན་ཡང་འདུག་ལ། དེར་གྲྭ་བཙུན་དང་མི་སྐྱ་ཧ་ཅང་མང་པོ་འཚོགས་འདུག གང་ནས་བལྟས་ཀྱང་ནང་པ་སངས་རྒྱས་པའི་གནས་རྩ་ཆེ་ཤོས་དེ་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་རང་བཞིན་སླེབས་ཡོང་གི་འདུག 


  བདག་གཞན་འདྲ་མཉམ།
Comments 2 Hits: 1509  

2009.01.19 02:54:31

ད་ལྟ་ཡང་གངས་གཞོན་གླེང་སྟེགས་www.tibet123.comཁ་ཕྱེ་ཐུབ་ཀྱི་མི་འདུག་པས། ཕལ་ཆེར་སྒོ་བརྒྱབ་པ་འདྲ། འདི་ཧ་ཅང་ཕངས་པོ་རེད། ད་ནངས་ཞོགས་པ་དྲ་རྒྱ་འདིར་འཛུལ་བར་དཀའ་ངལ་གང་ཡང་མི་འདུག ད་ལྟ་གཏན་ནས་ཁ་ཕྱེ་མི་ཐུབ་པས་སྒོ་བརྒྱབ་པ་ཡིན་ངེས་རེད། གླེང་སྟེགས་འདི་ཐེངས་མང་པོ་རྒྱ་གཞུང་གིས་སྒོ་བརྒྱབ་པ་དང༌། ཐེངས་མང་པོ་ལ་ཁ་བྱང་ཡང་བརྗེ་དགོས་བྱུང་བ་རེད།


  བདག་གཞན་འདྲ་མཉམ།
Comments 5 Hits: 1535  

2009.01.07 05:41:24

ཉེ་བའི་ཉིན་ཤས་སྔོན་<<རྡུལ་ཕྲན་གཅིག་ཁོ་ནའི་ཐོག་གི་འཇིག་རྟེན>>ཞེས། ྋགོང་ས་མཆོག་གི་བཀའ་རྩོམ་དེབ་ཅིག་བསྟན་འཛིན་རིག་བཟང་ལགས་ཀྱིས་དབྱིན་ཡིག་ནས་བོད་བསྒྱུར་བྱས་འདུག་པ་དང༌། ཤོག་ངོས་སུམ་བརྒྱ་ལྷག་ཡོད་པའི་དེབ་དེ་ཕྲན་ལ་གཅིག་གནང་སོན་བྱུང་བས་ཚར་གཅིག་བཀླགས་པ་ཡིན། དེབ་འདིའི་ནང་དོན་གཙོ་བོ་ཚན་རིག་དང་སེམས་དོན་རིག་པ་གཉིས་ཀྱི་སྐོར་ཡིན་ལ། ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པ་དང༌། ཚན་རིག་གཉིས་ཀའི་གཞི་རྩའི་ལྟ་བ་དང༌། རྣམ་གཞག བརྟག་ཐབས་སོགས་དང་དེ་བཞིན་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་འཕྲད་པའི་ཀུན་སྤྱོད་ཀྱི་དཀའ་ངལ་སོགས་ཀྱང་གསལ་བཤད་གནང་ཡོད་པ་རེད།
  བདག་གཞན་འདྲ་མཉམ།
Comments 8 Hits: 1725  

2009.01.02 05:05:16

ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས་ཟེར་བའི་

གུང་སེང་འདི་མེད་པ་བཟོ་དགོས།

བོད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་དུ་གྲགས་པའི་གུང་སེང་ངན་པ་དགུ་འཛོམས་དང༌། བཟང་པོ་བཅུ་འཛོམས་ཞེས་པ་དེ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དུའང་གུང་སེང་གཏོང་སྲོལ་ཡོད་པ་དང༌། དེ་ཡང་དབུས་གཙང་གི་གོམས་སྲོལ་གཙོ་བོ་བྱས་པ་ཞིག་རེད། དེ་ཡང་དུང་དཀར་ཚིག་མཛོད་དུ་གསལ་བ་ལྟར་ན།
  བདག་གཞན་འདྲ་མཉམ།
Comments 1 Hits: 1586  

2008.12.31 18:55:11

ཕྱི་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

དྲ་ རྒྱ་འདིར་ཕེབས་པའི་བོད་ཕྱི་ནང་གི་སྐུ་མགྲོན་དང་ཚོགས་མི་ཡོངས་ལ་ཕྱི་ལོ་ཉིས་ སྟོང་དགུ་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ བ་དང༌། ལོ་འདིའི་ནང་དུ་བོད་ཕྱི་ནང་གི་བོད་མི་དོ་སྣང་ཅན་གང་མང་ཞིག་དྲ་ཚིགས་འདིར་ ཕེབས་ནས་རང་རང་གི་བསམ་ཚུལ་འཛེམས་ཟོན་སྦ་གསང་མེད་པར་རང་དབང་གི་ཐོག་ནས་གསུངས་ པ་དང༌། བོད་མི་རིགས་དང༌། རིག་གཞུང༌། ལྷག་པར་དུ་བོད་ཀྱི་རང་བཙན་སླར་གསོའི་ཆེད་སྨན་པའི་འབད་བརྩོན་ལྷོད་མེད་གནང་ སྐྱོང་ཡོང་བ། ལོ་གསར་པ་འདིའི་ནང་དུ་སྐུ་གཟུགས་གསལ་ཐང་དང་མཛད་འཕྲིན་ཡར་རྒྱས། བྱ་བ་ལམ་ལྷོང༌། གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་སྨོན་འདུན་བཟང་པོ་བཅས།

རྩོམ་ སྒྲིག་པས་འདི་ག་གསར་ཁང་གི་དབུས་ས་གཉིས་ཀྱི་ལས་བྱེད་དང་འབྲེལ་ཡོད་ཡོངས་ཀྱི་ ཚབ་ཞུས་ནས་ཕྱི་ལོ་2009 ཟླ་1 ཚེས་1 གི་ཐོ་རེངས་ཀྱི་དུས་སུ་ཕུལ།

 


  བདག་གཞན་འདྲ་མཉམ།
Comments 4 Hits: 1623  

2008.12.19 23:34:32

ཟིན་བྲིས་བདག་པོ་རྣམས་ལ་དེ་རིང་ཆེད་དུ་འབོད་སྐུལ་ཞུ་རྒྱུ་གཅིག་ཡོད། ཁྱེད་ཀྱིས་ཟིན་བྲིས་སུ་རྩོམ་ཡིག་འགོད་པའི་སྐབས། རྩོམ་ཡིག་གི་ནང་ནས་ཐིག་ཕྲེང་གང་ཉུང་ཉུང་གི་མཚམས་སུ་མདའ་མགོ་བཞག་པ་དང༌། གཤམ་དུ་(བརྙན་རིས)(Pagebreak)(དེ་ལས་མང་)ཞེས་གསུམ་ཡོད་པའི་ནང་ནས་(དེ་ལས་མང་)ཞེས་གཤམ་འཁོད་དཔེ་རིས་ཐོག་དམར་རྟགས་བརྒྱབ་པ་དེར་རྐྱང་རྡེབ་གནང་རོགས། དེ་ལྟར་བྱས་ནས་ཁྱེད་ཀྱི་རྩོམ་ཡིག་གི་སྟོད་དེ་ཕྱི་ལོགས་སུ་ཡོད་པ་དང༌། དེའི་འཕྲོས་རྒྱབ་ལོགས་སུ་འགྲོ་ཐུབ། རྩོམ་ཡིག་ཆ་ཚང་ཀློག་སྐབས་རྩོམ་ཡིག་གི་ཁ་བྱང་ཐོག་རྐྱང་རྡེབ་བྱས་ན་ཆ་ཚང་མཐོང་ཐུབ། རྩོམ་ཡིག་ཚང་མ་ཕྱི་ལོགས་སུ་བཀོད་ན། ཟིན་བྲིས་མང་པོ་ཞིག་མདུན་ངོས་མི་ཆུད་པའི་དཀའ་ངལ་འདུག་པས་དེ་ལུགས་དགོངས་བཞེས་ཡོང་བ་ཞུ་བཞིན་ཡོད། གཙོ་སྒྲིག་པས།


  བདག་གཞན་འདྲ་མཉམ།
Comments 12 Hits: 1919  

2008.12.09 19:23:32

དོན་ཚན་བཅུ་བདུན་དང་རང་སྲིད་རང་སྐྱོང་གི་བར་ཐག

ད་ལྟའི་མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ་གྲོས་མཐུན་དོན་ཚན་བཅུ་བདུན་ལས་ཀྱང་ཚད་དམའ་བ་མེད་དམ།

ཕྱི་ཟླ་༥ ཚེས་༢༣ དེ་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དང་བོད་རྒྱ་འོག་ཏུ་ཤོར་བའི་ཉིན་མོ་ཡིན་པར་བརྟེན་དུས་ཚིགས་དེ་དང་སྟབས་བསྟུན་ནས་འདས་པའི་ལོ་ཤས་སྔོན་རྒྱ་གཞུང་གིས་བོད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་རྒྱབ་ཤ་དཀར་པོ་ཟེར་བ་འགྲེམས་སྤེལ་བྱས་ཡོད་ལ། དེའི་ཕྱི་ལོ་སྔོན་གྱི་དུས་ཚིགས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལན་འདེབས་བདེན་རྫུན་གྱི་བར་ཁྱད་ཅེས་པ་འགྲེམས་སྤེལ་བྱས་པ་དེས་གོང་གསལ་གྱི་དུས་ཚོད་དེ་ནི་བོད་རྒྱ་གཉིས་ངོས་ནས་གོ་བ་ལེན་སྟངས་མི་འདྲ་ཡང༌། གང་ལྟར་ཕྱོགས་གཉིས་ནས་བརྗེད་མི་སྲིད་པའི་ཉིན་མོ་ཞིག་ཏུ་བརྩི་བཞིན་ཡོད། ང་ཚོས་ད་ལྟ་རྩོད་བཞིན་པའི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབས་དེ་དང༌། དོན་ཚན་བཅུ་བདུན་གྱི་གནས་བབས་གཉིས་ཀྱི་བར་ཐག་རིང་ཐུང་དང༌། འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད་པ་དེ་ངེས་པར་དུ་ཤེས་དགོས་པའི་དོན་གནད་ཅིག་ཏུ་གྱུར་ཡོད།


  བདག་གཞན་འདྲ་མཉམ།
Comments 3 Hits: 1968  

JPAGE_CURRENT_OF_TOTAL