The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English

woe.tenzin


2012.04.02 04:12:04

གཙང་པོ་ཡར་ལུང་ནས་འབབ།  གཏམ་རྒྱུད་ཀྱི་རུས་རྐང་ཁྱེར་ནས་གང་དུ་འགྲོ།།

གཙང་པོ་ཡ་་་ ཁྱོད་སུ་ཞིག་གི་མིག་ནང་ལ་བཞུར་གྱིན་པའི་ཆུ་བོ་ཡིན།

ལོ་རྒྱུས་ཀྱིས་མ་ཐེག་པའི་ཆགས་འཇིག་གི་གླེགས་བམ་ཁྲོད། ཡབ་མེས་ཀྱིས་བཀུག་པའི་གཏམ་རྒྱུད་ཀྱི་གཞུ་ཁ་ནས་ངས་ཁྱོད་ཁོ་ན་མི་ཡུལ་གྱི་ཆུ་བོ་ཡིན་པར་རྟོགས་སོང་།།

གཙང་པོ་ལགས་་་་་ ལོ་རྒྱུས་ཀྱི་གཉེར་མ་སུ་ཞིག་གི་ཡ་ཐོད་ན་བརྩེགས་ཀྱིན་པ་ཚོར་རམ

གཙང་པོ་ཡ་་་་ བདེན་ལུགས་ཀྱི་གཤོག་པ་ཐོག་པའི་གཡུལ་འགྱེད་པ་མདའ་རྩེ་ལ་གཟར་ཏེ་མི་ཡུལ་ལ་གྱེས་ཕྱག་ཕུལ་དགོས་དོན་ཅི།


བྱང་བུ།:



2012.01.30 01:35:31

དུས་ཚིགས་ཀྱིས་བསྐྱུར་བའི་རྣམ་ཤེས་ཀྱི་དགུན་གཞུང་།

ཁ་བ་དང་བུ་ཡུག་

སུ་ཞིག་གིས་བཏབས་པའི་ཉེས་ཆད་བཞིན་

ངའི་སེམས་པའི་བྲང་གཞུང་དུ་ལྷུང་དགོས་དོན།

དམ་ཚིག་གི་ས་གཞི་རྡོག་པས་བརྫིས་སོང་བས་ཡིན་ནམ།

རྨི་ལམ་གྱི་བར་སྣང་སྡུག་སྒྲུབ་ཀྱིས་ཁེངས་སོང་བས་ཡིན།

ངས་བརྗེད་དུ་མེད་པའི་རྣམ་ཤེས་ཀྱི་རྡོག་ཁྲེས་ཆུང་ཆུང་།

ངའི་མིག་ཟུང་གི་ཆེས་གཏིང་རིམ་ན་

ལན་ཆག་གིས་བཏབས་པའི་ཉེས་ལྟུང་དེས་དབང་གིས་

ང་ཁྱོད་ཁོ་ན་ལ་དབང་བའི་མེ་ཕུང་ཆུང་ཆུང་དེ་ཡིན་དགོས་དོན་ཅི།།།།

 


བྱང་བུ།:



2012.01.26 22:51:46

ངས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཁ་དང་ལྕའི་བར་ནས་བོར་སོང་བའི་གསེར་རྟ་མི་མང་ཞེས་དངོས་དོན་བདེན་ལུགས་ཀྱི་རྩོམ་ཡིག་ཐུང་ཐུང་ཞིག་བྲིས་པ་ཡིན་་་་ཚོགས་པ་དེའི་ལས་ཀྱི་སྣེ་མོ་བ་ཞིག་གིས་དགོངས་སེལ་གྱི་ཡིག་ལན་ཞིག་བྲིས་པའི་ནང་


བྱང་བུ།:



2012.01.25 11:17:38

ཕྱི་ལོ་༢༠༡༢ ཟླ་༡ ༢༥ དགོང་དྲོའི་དུས་ཚོད་༥ ཙམ་ནས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བཀོད་སྒྲིག་འོག བོད་ནང་དམར་གསོད་བྱེད་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་ཀྱང་། སྐབས་དེར་གསེར་རྟ་སྐོར་སྐད་ཆའི་ཟུར་ཙམ་ཡང་ཐོས་མ་སོང་བས། ངས་བསམ་གཟེས་རྐང་བཙུགས་ནས་བརྗོད་པར་འདོད་པའི་སྐད་ཆ་ནི། བོད་ཀྱི་དགུ་བཅུ་གསུལ་ལས་འགུལ་ཚོགས་པའི་ཁ་དང་ལྕེའི་བར་ནས་བོར་སོང་པའི་གསེར་རྟ་མི་མང་ཤི་བའི་རོ་དང་དམར་པོའི་ཁྲག་ལ་བསྒྲིལ་བའི་ཁ་སང་དང་། དེ་རིང་གཞིས་བཞུགས་བོད་མིའི་སྐུ་དང་གསུང་གི་ཚབ་ཡིན་པར་རློམ་པའི་ཚོགས་སྡེ་དང་ལས་འགུལ་བ་དེ་དག་གིས་ཀྱང་། བསམ་དོན་གྱིས་ཁ་དང་ལྕེའི་བར་ནས་བོར་སོང་བའི་རྒྱུ་མཚན།


བྱང་བུ།:



2011.12.05 07:01:15

 

།་་་་སྤྱི་ཚོགས་འདིའི་ནང་དུ་རྗོད་བྱེད་དག་ལ་བརྗོད་བྱ་གཙང་བ་བརྗོད་པ་འདྲ་བཤུས་མ་ཡིན་པའི་མི་བུ་རང་ཉིད་ཀྱི་བསམ་བློས་རང་ལ་དབང་བར་བྱེད་པའི་བསམ་གཞིག  གནད་ལ་ཕག་པའི་བརྗོད་པ   གནས་བབ་དང་མཚམས་པའི་སྐད་ཆ་བཤད་མཁན་ག་ཚོད་རྙེད་ཀྱི་ཡོད་དམ།ང་ཚོ་ལ་བསམ་བློ་ཁེར་ཚུགས་དང་བརྗོད་པ་དག་གཙང་གི་མཁས་པ་ག་ཚོད་བགྲང་རྒྱུ་ཡོད་དམ།   ཤེས་ཡོན་དང་བསམ་བློ་ཁྲིམས་སྲོལ་ཅན་དུ་གྱུར་བའི་དུས་རབས་འདིར་ང་ཚོས་ད་དུང་གཞན་གྱི་བརྗོད་པ་ལ་སྨྲ་ལྕེ་ཡི་མགོ་བོ་བསྔས་རྐྱང་བྱས་ན་ནམ་ཞིག་ང་ཚོས་རང་ས་ནས་བསམ་གཞིགས་ཀྱི་མགོ་བོ་འདེགས་ཐུབ་པའི་མཁས་པ་ག་ཚོད་རྙེད་སྲིད་དམ་་་་།

 


བྱང་བུ།:



2011.11.15 07:45:26

 

ཁ་བདེ་ལྕེ་མྱུར་དང་མགོ་བདེ་དྲན་འཕྲུལ་གྱི་མི་གང་མང་ཞིག་ལ་ཤེས་ཡོན་པ་ཞེས་བརྗོད་དགོས་དོན་ཅི།   ཁཽ་ཚོས་་་་་ཤེས་ཡོན་ནི་བཤད་རྒྱུ་ཞིག་ཡིན་པ་ལས་ལག་ལེན་ལ་ཡོད་དགོས་པ་ཞིག་ཡིན་པ་མ་ཤཻས་པའི་རྐྱེན་གྱིས་རེད་དམ།  ཁོ་ཚོ་ལ་བསམ་བློའི་གཞི་རིམ་མེད་པའི་རྐྱེན་གྱིས་རེད།

བྱང་བུ།:



2011.11.12 08:19:45

ངས་བསམ་ཤེས་པ་ནས་བཟུང་། རང་ཉིད་སྤྱི་ཚོགས་གང་ཞིག་གི་མི་ཡིན་པའང་ངེས་ཤེས་རྙེད་མེད། ཐ་ན་ངས་རང་ཉིད་ཀྱི་ལུས་སྟོང་དུ་མི་ཞེས་པའི་མཚན་ཉིད་ཚང་ཡོད་པའང་ཤེས་མེད། གལ་ཏེ་བེམ་པོ་ཞིག་ཡིན་ན་དེ་ལྟར་མ་ཤེས་ཀྱང་ཆོག གནའ་བོའི་གྷེའི་རི་སིའི་གཏམ་རྒྱུད་ལ་ལ་ན་བྱིས་པ་རྣམས་སྤྱི་ཚོགས་ཞེས་པའི་ཐ་སྙད་ཀྱི་ཁྱབ་ཁོངས་སུ་བརྩི་གི་མེད།་རྒྱུ་མཚན།་་་སྤྱི་ཚོགས་ཅན་དུ་འགྱུར་བ་ལ་ངལ་རྩོལ་གྱི་མ་གཞི་ལོན་པ་ཞིག་དགོས་ཟེར། གཞུང་ལུགས་འགའ་ཞིག་དུ་བྱིས་པས་མི་དང་སེམས་ཅན་གྱི་ཁྱད་པར་མིག་གི་མཐོང་ནས་མ་འདྲ་བ་ཙམ་གྱིས་འབྱེད་པ་ལས་རང་ཉིད་ལ་ཅི་ཞིག་ཡོད་པའི་ཁྱད་ཆོས་དེས་འབྱེད་མི་ཤེས་ཟེར། དེས་ཅི་ཞིག་བཤད་ཀྱིན་ཡོད་པ་ངས་ཀྱང་འབྲེལ་འདོད་མེད།


བྱང་བུ།: