བོད་དོན་གྱི་ཆབ་སྲིད་འཐབ་རྩོད་དེ་ཛ་དྲག་ཅན་དང་འཛམ་གླིང་རང་བཞིན་ཅན་དུ་གྱུར་ནས་མི་ཚང་མས་དོ་སྣང་གི་བློ་ཁ་དེ་ལ་ཕྱོགས་བཞིན་པའི་སྐབས་དེར་ངས་འདི་ནས་ཆབ་སྲིད་མ་ཡིན་པའི་སྡེ་ཚན་ཞིག་ཁྱེད་ཅག་གི་མདུན་དུ་ཁྱེར་ཡོང་ནས་ཐིབ་ཐིབ་ཞིག་བཤད་ཁུལ་བགྱིས་ཀྱང་ངས་ཁྱེད་ཅག་གི་བློ་ནས་དོ་སྣང་ཞིག་འབྱུང་རྒྱུ་ཡོད་པར་ཡེ་མ་སེམས།
|
|



05:04:20

མི་རིགས་ཤིག་གི་དར་རྒྱུད་གླེང་བའི་ཉིན་མོ་དེ་ནས་བཟུང། མི་རིགས་དེ་ཉིད་ལ་གང་ཞིག་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད། སྤྱི་ཚོགས་ཀྱི་སྦ་རླབས་དྲག་ཏུ་འཕྱུར་བའི་གནམ་འོག་འདི་ན། འཕོ་འགྱུར་གྱི་ངོ་བོ་ནི་ཉིན་རེ་བཞིན་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་ཞིང། དེ་དང་མཉམ་དུ་མི་རིགས་དང་དེ་ཡི་གོམས་གཤིས་མང་པོ་ཞིག་དེ་དང་མཉམ་དུ་རང་བཞིན་གྱིས་འགྱུར་བ་འགྲོ་བ་དེ་ནི་རྒྱུན་ལྡན་ཞིག་ཡིན་ལ།