|
|
|
|
|
|
2012.01.22
01:10:24
|
|||
|
ཀ་ཡེ་གསོན་དང་ནགས་ཕྲན་པ། །ཁ་བའི་ལ་རྒྱ་མ་བརྗེད་པར། ། ག་ཆད་མ་བྱེད་མདུན་དུ་བསྐྱོད། །ང་ཚོས་ཞི་བདེའི་མདུན་ལམ་འཚོལ། །
|
|||
|
2011.12.12
11:17:29
|
|||
|
དེང་སྐབས་ཁམས་རྟའུ་རྫོང་། “སྤང་ནང་”ཅེས་པའི་ས་ཁུལ་གྱི་དབེན་གནས་ཤིག་ཏུ་ཡུལ་སྐད་དུ་ཀའུ་རྐྱང་ཕྱག་ཅེས་པའི་མེ་ཏོག་ཞིག་སྐྱེས་ཡོད་པ་དང་། རྟའུ་དང་། མི་ཉག གཡུ་ཁོག་སོགས་ནས་མི་མང་གིས་ངོ་མཚར་བ་དང་རྟེན་འབྲེལ་བཟང་པོར་བརྩིས་ནས་འཇལ་སྐོར་དང་སྨོན་ལམ་འདེབས་པར་འགྲོ་གཞིན་ཡོད་འདུག
|
|||
|
2011.11.29
10:01:07
|
|||
|
དེ་རིང་ངས་བོད་ཀྱི་དུས་བབ་ཀྱི་ཟླ་བ་གཞོན་ནུའི་ཟིན་བྲིས་ལས་ལག་ཐོགས་ཁ་པར་ལས་བོད་ཡིག་གི་དྲྭ་ཚུགས་ཁག་ཀློག་ཐབས་ཀྱི་གསལ་འགྱུར་དེ་མཐོང་བ་དང་། ལམ་སང་འབྲེལ་དྲྭ་སྒོ་ཕྱེ་ནས་ google ལས་(opera mini)ཞེས་པའི་མཉེན་ཆས་ཕབ་ལེན་བྱས་ཀྱང་ཁར་པར་ནང་ཡར་འཇུག་བྱེད་མ་ཐུབ་པར་བརྟེན་གཞིས་གྲོང་དང་པོའི་སྲིད་ཐར་ཀྱི་ཚོང་ཁང་དུ་སོང་།
|
|||
|
2011.11.06
10:39:12
|
|||
|
ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༡ ཚེས་ ༦ རེས་གཟའ་ཉི་མ། ཞོགས་པ་ཅོང་དུས་ཀྱིས་ལང་བརྡ་བསྒྲགས་པ་དང་མལ་ནས་ལྡེངས་ཤིང་ཁྲུས་ལ་ཞུགས། གྱོན་པ་དྲོན་པོ་ཞིག་གྱོན་ཞོར་སྟོན་པ་ཐུབ་པའི་དབང་པོའི་མཚན་གཟུངས་ཀྱིས་གཙོས་པའི་ཁ་འདོན་བཏོན། ཕྱི་རོལ་ན་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་འདུག་ལ། ད་དུང་ནམ་ལངས་མེད་པ་དང་གནས་ས་སྨུག་སྤྲིན་གྱིས་བསྒྲིབས་ནས་རང་པའི་ར་སྐོར་ཀྱི་ཕྱི་རོལ་ཡང་མིག་གིས་མི་མཐོང་བའི་ཚད་དུ་འདུག
|
|||
|
2011.11.03
11:57:37
|
|||
|
མདང་ནུབ་[ཏཱ་མེན་ཕོ་བྲང་གི་གཏམ་རྒྱུད།]ཅེས་པའི་མུ་འབྲེལ་གློག་བརྙན་ལ་གཡེང་ནས་ཉལ་ཕྱི་བོ་ཆགས་པས་དེ་རིང་ཞོགས་པ་སྔར་རྒྱུན་བཞིན་དུས་ཐོག་ལ་ལངས་ཐུབ་མ་བྱུང་། ཆུ་ཚོད་ ༦:༣༠ ཐོག་གཞི་ནས་ཉལ་ས་ནས་ལངས་ཏེ་གཙང་སྦྲ་ཁང་ལ་སོང་ཞིང་།
|
|||
|
2011.10.29
21:37:08
|
|||
|
མཆོག་སྤྲུལ་ཐུབ་བསྟན་ཉི་མ་ཁོང་ནི་སྤྱི་ ༡༩༤༣ ལོར་ཁམས་ཡུལ་གནས་མཆོག་དཔལ་ལྷ་སྒང་། རྩྭ་ཐང་པདྨ་བཞད་པའི་ནེའུ་གསེང་། དཀར་དམར་མེ་ཏོག་བཀྲ་བའི་དགའ་ཚལ་དུ། ཕུན་ཚོགས་ལྔ་དང་ལྡན་པར་སྐུ་བལྟམས། དགུང་ལོ་བཞིའི་ཐོག་ཏུ་ཚད་མའི་སྐྱེས་བུ་དུ་མས་ཁོང་སྔགས་འཆང་འཇའ་ལུས་རྡོ་རྗེ་མདོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་ཡི་རྣམ་རོལ་ཡིན་པ་ངོས་བཟུང་།
|
|||
|
2011.10.27
20:29:06
|
|||
|
ཟླ་འདིའི་ཚེས ༢༥ ནས་ཚེས ༢༨ བར་རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན་ཞིག་བྱས་ཡོད་པ་དང་། དེ་ཡང་འགོ་རྩོམ་མཛད་སྒོ་དེ་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་ཡུལ་སྡེ་ཁག་ཏུ་སྤེལ་ནས།
|
|||
|
2011.10.25
19:06:03
|
|||
|
ཟླ་འདིའི་ཚེས་ ༢༣ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་མང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་མ་ ༡༧༠ ལྷག་ཅིག་གིས་བོད་ནང་གདུངས་སེམས་མཉམ་བསྐྱེད་ཆེད་ཞི་བའི་གོམ་བགྲོད་ཁྲོམ་སྐོར་ཞིག་བྱས་ཡོད་འདུག་པ་དང་།
|
|||
|
2011.10.23
20:51:56
|
|||
|
བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་ཆེ་ཤོས་ཡོད་པའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཕྱི་རྒྱལ་དུ་བསྡད་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་བསྒྲུག་དགོས་ཞེས་འགོབརྗོད་འཁོད་པའི་དཔྱད་གཏམ་ཡིག་ཆ་ཞིག་སྔ་ལོའི་ལོ་མཇུག་ཏུ་འགྲེམས་སྤེལ་བྱས་ཡོད་པའི་ནང་། དོན་ཚན་ཁག་ཁ་ཤས་ཁ་གསལ་བཏོན་ཡོད་པ་སྟེ།
|
|||
|
2011.10.21
19:30:37
|
|||
|
༢༠༡༡ལོའི་ཟླ༡༠པའི་ཚེས༡༨ཉིན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་དགའ་སྟོན་མཛད་སྒོ་དེ་གཡག་རྭ་ལུང་པའི་བོད་ཡིག་སློབ་གྲྭའི་ནང་འཚོགས་ཡོད་ལ། ས་ཕྱོགས་སོ་སོ་ནས་ཕེབས་པའི་དབུ་ཁྲིད་དང་སློབ་གྲོགས་རྣམས་མཉམ་དུ་འཛོམས་ནས་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་སུམ་ཅུ་འཁོར་བ་ལ་རྟེན་འབྲེལ་ཞུས།
|
|||
|
2011.10.03
21:34:14
|
|||
|
ཁར་རྩང་ཟླ་ ༡༠ པའི་ཚེས་ ༣ ཉིན་རྒྱབ་བོད་རྔ་པ་རྫོང་ཁྲོམ་གཞུང་དུ་བོད་དགེ་འདུན་པ་ཞིག་གིས་རང་ལུས་མེ་རུ་སྤར་ནས་རྒྱ་གཞུང་ལ་ངོ་སྒོལ་བྱེད་མཁན་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཚུར་དྲིས་ཚང་གི་ཕ་ཚུར་དྲིས་དང་མ་བདེ་མཆོག་གཉིས་ཀྱི་བུ་ཡིན་པ་དང་།
|
|||
|
2011.09.26
01:12:26
|
|||
|
༢༠༡༡ ཟླ་ ༩ ཚེས་ ༢༦ སྐབས་ ༡༥ ཉིན་གྱི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་གནས་སྙན་གསན་ཞུས་དོན་ལྟར་ན། དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༡༠ པ་ཙམ་ལ་ཨ་མདོ་རྔ་བ་རྫོང་གི་ཁྲོམ་གཞུང་དུ་རང་ལོ་ ༡༤ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་ཞུ་བ་དང་། རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་ཞུ་གཉིས་ཀྱིས་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེ་རུ་སྤར་བའི་གནས་ཚུལ་ཐོན་འདུག
|
|||
|
2011.08.21
08:39:20
|
|||
|
ཟླ་འདིའི་ཚེས་ ༡༥ ཉིན་ཁམས་རྟའུ་རྫོང་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཉ་མཚོ་དགོན་པའི་གཙོས་པའི་རྟའུ་ཁུལ་དུ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང་། དེ་ནས་བཟུང་རྟའུ་ལ་ཉིན་རེ་བཞིན་དམག་མི་ཕོན་ཆེན་འབྱོར་བཞིན་པས་མ་ཚད་ཡུལ་མི་ཚངས་མར་ཕྱོགས་གང་ས་ནས་དམ་དྲག་དང་། འཇིགས་སྐུལ་བྱེད་བཞིན་ཡོད་པ་རེད།
|
|||
|
2011.07.26
21:10:09
|
|||
|
ཟླ་འདིའི་ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༸སྤྱི་ནོར་གོང་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨོ་བྷ་མས་༸གོང་ས་མཆོག་ལ་མཇལ་འཕྲད་གནང་བ་ནི་ཨ་རིའི་སྲིད་གཞུང་གིས་རང་སྣང་གང་ཤར་གྱིས་ཀྲུང་གོའི་མི་རིགས་ཁ་བྲལ་དུ་གཏོང་བར་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་། ཀྲུང་གོའི་མི་དམངས་བར་གྱི་མཛའ་བརྩེ་ལ་གནོད་པས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་གནོད་སྐྱོན་བཏང་ཡོད་པའི་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད་ལ།
|
|||
|
2011.06.23
20:54:29
|
|||
|
ཟླ་འདིའི་ཚེས་༢༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན་མཚོ་ལྷོ་ཡན་ལག་དངུལ་ཁང་གིས ༢༠༡༡ ལོའི་ཟླ ༦ པའི་ཚེས ༨ ཉིན་ནས་དངུལ་ཁང་དེའི ATM རང་འགུལ་དངུལ་ལེན་འཕྲུལ་ཆས་ཀྱི་རིམ་པ་སྤར་ཏེ། བོད་ཡིག་གི་ལམ་སྟོན་བྱེད་ནུས་ཅན་དུ་བསྒྱུར་ཡོད་འདུག
|
|||
|
2011.06.17
19:53:08
|
|||
|
ཟླ་༥ཚེས་༣༡ཉིན། བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པས་འདི་ལྟར། བཙན་བྱོལ་བོད་གཞུང་གི་གྲོས་ཁང་གིས་ཟླ་༥བའི་ཟླ་མཇུག་ཏུ་རྒྱ་གར་གྱི་རྡ་རམ་ས་ལར་ཚོགས་ཆེན་འཚོགས་ཤིང་། རྩ་ཁྲིམས་བསྐྱར་བཅོས་བྱེད་པར་གྲོས་འཆམ་བྱུང་བ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་དངོས་སུ་ཆབ་སྲིད་དང་སྲིད་འཛིན་དབང་ཆ་རྣམས་ཟླ་གོང་མར་འདེམས་བསྐོ་བྱུང་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཐོག་མ་བློ་བཟང་སེང་གེ་ལ་སྤྲད་པ་ཁྱབ་བསྒྲགས་བྱས།
|
|||
|
2011.06.16
21:11:49
|
|||
|
གནས་ཚུལ་བསྒྲགས་པ་ལྟར་ན། ཉེ་སྔོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་རྒྱ་གར་གྱི་ནུབ་བརྒྱུད་གྲོང་ཁྱེར་ཅའོ་པུར་དུ་སྡོད་པའི་ཕྱི་གྱར་བོད་མི་ཁག་གི་ཚོགས་ཐོག་ཏུ་འདི་སྐད། རྒྱ་གར་ནི་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་དང་ལངས་ཕྱོགས་གཅིག་ཡིན་པས། ཁོ་དང་ཁོ་བོའི་རྗེས་འབྲངས་པ་རྣམས་ཡིད་ཆད་དུ་བཅུག་མེད། དེར་བརྟེན་རྒྱ་གར་ནི་བོད་མིར་ཤིན་ཏུ་དྲིན་ཆེ་བ་ཡིན་ཞེས་དང་། བོད་ལྗོངས་རང་ཀྲུང་གོ་ལས་རྒྱ་གར་ལ་མངའ་དབང་བ་ཡིན་ཞེ་ན་གནས་ལུགས་དང་འཚམ་ཞེས་བརྗོད།
|
|||
|
2011.06.05
19:57:44
|
|||
|
ཉིན་ཤས་གོང་། ཏཱ་ལའི་བླ་མས་བཙན་བྱོལ་བོད་གཞུང་གི་ཐོག་ཁང་གསར་བ་ལེགས་གྲུབ་བྱུང་བ་མཚོན་པའི་ཡོལ་རེས་ཕྱེས་ཤིང་། ཟམ་གདོང་དང་བློ་བཟང་སེང་གེ། རྒྱལ་སྲིད་ལས་ཁུངས་ཀྱི་འགན་འཛིན་རེ་རེ། བཙན་བྱོལ་གྲོས་ཁང་གི་གྲོས་གཙོ་རྒན་གཞོན་དང་གྲོས་མི་རེ་རེ་བཅས་ཡོལ་རེས་ཕྱེ་བའི་མཛད་སྒོའི་སྟེང་ཕེབས་ནས་སྒྲོབ་ཉམས་ཆེན་པོ་ངོམ་པ་རེད།
|
|||
|
2011.05.03
20:20:30
|
|||
|
ཟླ་བ་4པའི་ཚེས་29ནས་ཟླ་བ་5པའི་ཚེས་ཉིན་བར་ཀྲུང་གོའི་ཆོས་ལུགས་གནའ་རྫས་དཔྱད་ཞིབ་པ་གྲགས་ཅན། ལུང་མིན་བྲག་ཕུག་ཞིབ་འཇུག་ཁང་གི་སྔོན་མའི་དབུ་གཙོ་ཝུའུ་ཡུས་ཁྲེང་གིས་རོང་བྲག་དུ་ཧོར་ཇིང་གིར་རྒྱལ་པོའི་དུར་སྒམ་གསང་མྱུལ་རྟོགས་ཞིབ་གནང་སྐབས་གསར་འགོད་པར་གསུང་རྒྱུར། ཧོར་ཇིང་གིར་རྒྱལ་པོའི་དུར་སྒམ་རྒྱལ་རོང་གི་རོང་བྲག་རྫོང་ཁོངས་སུ་ཡོད་ཚོད་འདུག་ཟེར།
|
|||
|
2011.04.23
10:36:08
|
|||
|
སྦེལ་ཀོབ་གཞིས་ཆགས་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ལོ་རྒྱུས་ཀྱི་ཐོག་མ་ཡིན་པ་དང་། ཆད་སྲིད་དང་སྤྱི་ཚོགས། ཚོང་དོན་བཅས་ཀྱི་འཁྲུག་ཆ་དོད་ཤོས་ཤིག་ཡིན་པས་མ་ཚད། གནས་སྡོད་མི་མང་གིས་ནམ་རྒྱུན་ནས་སྒེར་དང་ཚོགས་པ། སྒྲིགས་འཛུགས་ཁག་གི་ལས་དོན་ཐད་དགེ་སྐྱོན་གླེང་བརྗོད་དང་། སྦྱར་ཡིག་འགྲེམ་སྤེལ་སོགས་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་གླེང་གི་རེད།
|
|||
|
2011.04.19
19:28:27
|
|||
|
བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་བྱས་ན། ཟླ་བ་༤པའི་ཚེས་༡༨ཉིན་གྱི་སྔ་དྲོར་བོད་ཀྱི་མཁས་དབང་ཆེན་མོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གདན་ཞུས་ལྟར་སློབ་གྲྭར་ཕེབས་ནས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་བར་གྱི་འབྲེལ་བའི་བརྗོད་བྱ་གཙོ་བོ་བྱས་ནས་ཨ་རིའི་ནུའོ་ཡའོ་སློབ་གྲྭ་གསར་པའི་རྒྱ་བོད་ཞིབ་འཇུག་ཁང་གི་ཚོགས་གཙོ་ཨ་ཤུ་ཀ་དང་།
|
|||
|
2011.04.16
20:51:27
|
|||
|
པེ་ཅིན་ཞིན་ཧྭ་གསར་འགྱུར་ཁང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༦ ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་འབྲོག་ཁུལ་ཡག་ ཅིང་མགྱོགས་པོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཞིབ་ འཇུག་དང་བཀོད་སྒྲིག་གནང་ཡོད་ཅེས་གསལ།
|
|||
|
2011.04.06
11:02:22
|
|||
|
ཤར་བཞག་བྲ་ལྷ་རྩེ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་མཚམས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཞི་བདེ་ཤང་གི་ས་ཁོངས་སུ་གནས་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི་༥༨༢༠ཡོད་ཅིང་། གངས་རི་ཆེན་པོའི་རི་རྒྱུད་ཀྱི་རི་རྩེ་ཨང་གཉིས་པ་ཡིན། ཤར་སྨད་འབོད་༼འབོ་༽གངས་དཀར་དང་ཕན་ཚུན་ཞལ་གཟིགས་གནང་བ་ཇི་བཞིན་གནས། བཞག་བྲ་ལྷ་རྩེ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ནང་དུ་ཤར་སྟོད་བཞག་བྲ་མགོན་པོར་འབོད་པ་ཡིན་ལ་ཡར་ཕྱོགས་སུ་གནས་པའི་རབ་དཀར་གངས་ཀྱི་རི་བོ་ཞེས་པའི་དོན་ཡིན།
|
|||
|
2011.03.28
07:50:46
|
|||
|
ཟླ་འདིའི་ཚེས་ ༢༨ཉིན་བོད་ལྗོངས་རླུང་འཕྲིན་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཚེས་༢༦ ཉིན་གྱི་སྔ་དྲོ་ལོ་གཅིག་དུས་གཅིག་གི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་གོ་མིང་སྤྲོད་པའི་མཛད་སྒོ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཇོ་ཁང་གི་མདུན་དུ་འཚོགས་པ་དང༌།
|
|||
|
2011.03.28
00:39:26
|
|||
|
ཟླ་འདིའི་ཚེས་༢༧ ཉིན་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། དེང་སྐབས་རྒྱ་ནག་ནས་དམག་མི་ཕོན་ཆེན་བོད་མདོ་ཁམས་ས་ཁུལ་དུ་འབྱོར་བཞིན་ཡོད་འདུག
|
|||
|
2011.03.25
11:15:11
|
|||
|
དེ་རིང་ནི་སྐབས་༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཉིན་ཐ་མ་དེ་ཡིན་པ་དང་། ཚོགས་དུས་འདིའི་ཐོག་༸གོང་ས་མཆོག་གིས་བཅའ་ཁྲིམས་ཀྱི་སྒྲོམས་གཞིར་འགྱུར་བ་བཏང་ནས་བོད་ཀྱི་ཆབ་སྲིད་དང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གཉིས་ཀའི་འགན་ཁུར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་བྱེད་རྒྱུའི་ཆ་སྐྱེན་བསྐྲུན་ནས་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་གྱི་སྒྲོམ་གཞི་དང་མཐུན་པ་བྱེད་དགོས་པའི་གསུང་འཕྲིན་གནང་ཡོད་པ་དང་། གྲོས་ཚོགས་ནས་གྲོས་བསྡུར་དང་བགྲོ་གླེང་མཐིལ་ཕྱིན་བྱས་པ་སོགས་བརྒྱུད་མཐར་གཤམ་གྱི་གྲོས་ཆོད་དེ་བཞག་པ་ཞིག་རེད།
|
|||
|
2011.03.23
22:09:12
|
|||
|
༈ ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ། ༄༅།། དཔལ་ལྡན་བཽད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀུར་འོས་ཚོགས་གཙོ་མཆོག་གིས་ཕྱི་ ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ལ་བསྩལ་བའི་བཀོད་ཁྱབ་ཨང་ ༡༨།༢༠༡༡།༥༡༩༤ ནང་གསལ། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་ཡིག་ཆ་ཨང་ ༡༥ འཁོད་པའི་དགོངས་དོན་ཚོགས་ཆུང་གི་མི་འགྲོར། བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་དང༌། བོད་མི་མང་སྤྱི་ལྷན་ཚོགས་གཞོན་རྒྱ་རི་སྒྲོལ་མ། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་བཅས་ལ་བསྐོ་གཞག་གནང་སྟེ་ལས་འཆར་ ཚོགས་ཆུང་ནས་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་ པོ་ཆེའི་དགོངས་དོན་ཉམས་ལེན་ཞུ་ཕྱོགས་ཀྱི་འཆར་གཞི་ཞིབ་ཕྲ་ཞིག་བཀོད་དེ་འདི་ ཟླའི་ཚེས་ ༢༣ ནས་འགྱངས་མེད་སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་ངེས་འབུལ་ཐུབ་པ་དགོས་རྒྱུ་ཞེས་ གསལ་བ་བཞིན། ཕྲན་ཚོགས་མི་གསུམ་ནས་འདི་ཟླའི་ཚེས་ ༢༡ ཕྱི་དྲོ་ཚོུད་ ༢ཿ༤༥ ནས་འགོ་འཛུགས་ཀྱིས་བསམ་ཞིབ་གོ་བསྡུར་ཞིབ་ནན་ཞུས་པའི་ལས་རིམ་འཆར་གཞི་རྒྱབ་ གཉེར་སྙན་ཐོ་འགོད་འབུལ་ཞུས་པ་གཤམ་གསལ།
|
|||
|
2011.03.22
06:46:55
|
|||
|
ཟླ་འདིའི་ཚེས་ ༢༡ ཉིན་རྒྱབ་ཆུ་ཚོད་ ༤ ནས་ ༦ བར་འཇིགས་བྲལ་བསྟན་འཛིན་གྱིས་གོ་སྒྲིག་འོག་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་༸གོང་ས་མཆོག་གིས་ ༢༠༡༡།༠༣།༡༤ ཉིན་སྐབས་བཅུ་བཞི་པའི་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གྱི་དགོངས་དོན་སྦེལ་ཀོབ་ཁུལ་གཞིས་ཆགས་གསར་རྙིང་གཉིས་ཀྱི་གནད་ཡོད་མི་སྣ་དང་། དོ་སྣང་ཅན་གྱི་མི་སྣའི་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཞིག་འཚོགས་སོང་།
|
|||
|
2011.03.16
23:08:24
|
|||
|
ཡིད་ཆེས་དང་བློ་གཏད་མི་ཐུབ་པའི་སྲིད་དབང་སྒེར་གཅོད་པ་དག་གི་དབང་བསྒྱུར་གནས་བབ་འོག་འདུག་འདོད་མེད་པའི་མི་རྣམས་ཀྱིས་མང་གཙོ་དང་རང་དབང་གི་ཆེད་དུ་གྱེན་ལང་ངོ་རྒོལ་གྱིས་སྲིད་གཞུང་མགོ་སྟེང་སློག་པ་དང་། རྒྱལ་ཁབ་གྱི་གཙོ་འཛིན་གནས་དབྱུང་གཏོང་བ་སོགས་ཀྱི་གནས་ཚུལ་ཞིག་གིས་འཛམ་གླིང་སྤྱི་དང་ལྷག་པར་དཀྱུལ་ཤར་ཡུལ་གྲུ་ཁག་གི་ཆབ་སྲིད་ཐོག་ཤུགས་རྐྱེན་ཐེབས་པ་དང་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར།
|
|||
|
2011.02.26
10:49:46
|
|||
|
2011-02-26 བོད་ལྗོངས་ཆ་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་བོད་ སེ་ར་དགོན་དུ་བཅའ་སྡོད་བྱས་པའི་རྒྱ་གཞུང་གི་ལས་དོན་ཚོགས་ཆུང་གིས་སེ་རའི་དགེ་འདུན་པ་རྣམས་ཚོགས་འདུར་བསྐོང་ཞིང་།
|
|||
|
2011.02.25
09:15:18
|
|||
|
སྤེལ་དུས།2011-02-25 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། ཟླ་༢ཚེས་༢༣ཉིན་ནས་༢༤ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་པེ་ཅིང་ནས་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་།
|
|||
|
2011.02.23
20:36:27
|
|||
|
༄༅། །ཨོཾ་སྭསྟི་སི་ངྔྷཾ། མི་ཉག་གི་རྒྱལ་ཁམས་ན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་མའི་མཆོད་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་ཆེན་པོར་གྱུར་པ། དཔལ་སྡེ་ཆེན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་གཉུག་མར་བཞུགས་པའི་མཁན་སློབ་ཞལ་བཞུགས་པ་རྣམ་པས་དབུ་མཛད། དགེ་འདུན་རྣམས་ཀྱི་ཕྱག་ཏུ་ཕུལ་བ།
|
|||
|
2011.02.19
12:23:15
|
|||
|
རང་གཞུང་གིས་རྒྱ་ནག་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་ཡོད་པར་རྒྱ་ཕྱོགས་ནས་ལན་འདེབས་གསལ་པོ་བྱུངཡོད་མེད་སྐོར་ལ་རང་གཞུང་བཀའ་ཤག་དང་། བཀའ་ཁྲིའི་འོས་མི་གསུམ་ཀྱི་བསམ་ཚུལ་དང་། རྒྱ་གཞུང་གིས་གསར་འགོད་གསལ་བསྒྲགས་སྐབས་ཀྱི་ལན་འདེབས་བཅས་འདི་ལྟར་རེད།
|
|||
|
2011.02.17
12:20:11
|
|||
|
ད་ལྟའི་བཀའ་ཤག་གི་ལངས་ཕྱོགས་དབུ་མའི་ལམ་དང་། ཐེངས་རྗེས་མའི་བཀའ་ཁྲིའི་འོས་མི་བློ་སེང་དང་བཀྲ་མཐོང་གཉིས་ཀྱི་དབུ་མའི་ལམ་གྱི་ཐོག་བཟུང་བའི་ལངས་ཕྱོགས་བཅས་འདིར་བཀོད་ཡོད་པས་དྲ་གྲོགས་རྣམས་པ་ཚོས་ལངས་ཕྱོགས་འདི་དག་གླེང་གཞིར་བཟུང་ནས་བགྲོ་གླེང་ཞིག་བྱས་ན་ག་འདྲ་འདུག
|
|||
|
2011.02.09
07:35:59
|
|||
|
ཕ་ཡུལ་གཏན་དུ་དོར་བའི་འདུན་པ་མེད། ། ཕ་སྐད་ངག་ནས་ཀློད་པའི་བསམ་པ་མེད། ། ཡུལ་སྲོལ་གོམས་གཤིས་སྒྱུར་བའི་འདོད་པ་མེད། ། མེད་གསུམ་འདི་དང་བསྟུན་ནས་འཇིག་རྟེན་འགྲིམ། །
|
|||
|
2011.01.18
04:23:46
|
|||
|
ཕྱི་ལོ་༢༠༡༠ ཟླ་ ༡༠ ཚེས་ ༢༥ ཉིན་ཨ་རིའི་མེ་ནེ་སོ་ཌ་རུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་ཁྲིའི་འོས་གཞི་བློ་བཟང་སེང་གེ་དེ་སྔོན་རྒྱ་ནག་ཏུ་སོང་བ་དང་། དེ་ཡང་བོད་གཞུང་བཀའ་ཤག་གིས་ཤེས་རྟོགས་ཡོད་མེད་སྐོར་དྲིས་པར་ཁོང་གིས་ལན་འདེབས་གནང་བ་ཇི་བཞིན་སྒྲ་ཕབ་བྱས་པ་ཡིན།
|
|||
|
2011.01.15
10:38:08
|
|||
|
ལོ་སྔོན་མར་མཚོ་སྔོན་ཞིང་ཆེན་ཁུལ་དུ ༢༠༡༠ ནས་ ༢༠༢༠ བར་གྱི་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱས་ཏེ། ད་ལྟ་བོད་ནང་འགྲོ་བཞིན་པའི་སྐད་གཉིས་ལམ་ལུགས་ལ་བསྒྱུར་བཅོས་བྱས་པའི་གནས་ཚུལ་བྱུང་ནས། བོད་ནང་དུ་དགེ་སློབ་མང་པོས་ངོ་རྒོལ་བྱས། སྐབས་དེར་བཙན་བྱོལ་དུའང་བོད་ཀྱི་སློབ་མ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱས་པ་རེད། ངོ་རྒོལ་དང་སྐྱོན་བརྗོད་སྐབས་བོད་མི་རང་ལ་རང་ཉིད་ཀྱི་སྐད་ཡིག་གི་བདག་དབང་ཁྲིམས་ལུགས་ལྟར་སྤྲོད་དགོས་པ་དང་། རྒྱ་ནག་གིས་གྲངས་ཉུང་མི་རིགས་ལ་གཉའ་ནོན་དང་ཐུབ་ཚོད་གཏོང་གི་ཡོད་པས་མ་ཚད། མི་རིགས་རྩ་མེད་དུ་གཏོང་བར་སྲིད་ཇུས་བཤམས་ཡོད་པའི་སྐྱོད་བརྗོད་བྱས་ཡོད་ལ། ད་དུང་བཙན་བྱོལ་དུ་བོད་ཀྱི་ཆོས་རིག་སྐད་ཡིག་དར་སྤེལ་དང་རྒྱུད་འཛིན་བྱེད་ཕྱིར་ང་ཚོ་སློབ་ཕྲུག་མང་པོ་འཚར་བཞིན་ཡོད་པའི་སྐོར་ཡང་བརྗོད་ཡོད།
|
|||
|
2011.01.13
06:27:18
|
|||
|
༢༠༡༠ཟླ་༣་ཚེས་༡༠ཉིན། ༼ཉིན་ཐོ༽ ཞོགས་པའི་རྟ་བདུན་དབང་པོས་དྲོད་ཁོལ་གྱི་གཟི་འོད་དྲངས་ནས་འཇིག་རྟེན་དུ་སླེབས་བྱུང་བ་དང་། ཚང་ནས་ཐོན་པའི་བྱ་དང་བྱེའུ་རྣམས་ཀྱིས་ཀྱང་སྙན་པའི་འགྱུར་ཁུག་བསྒྲགས་པ་ནི་བཀའ་སྤྱིའི་འོས་བསྡུའི་ལས་རིམ་དྲན་སྐུལ་བྱེད་པ་དང་མཚུངས། ང་ཡང་རྨི་ལམ་གྱི་མཁར་གྲོང་ལས་ཐོན་ཏེ། དྭངས་གཙང་གི་ཆབ་གྱི་ཁྲུས་ལ་ཞུགས་ཤིང་། ལྷད་མེད་ཀྱི་སེམས་པ་དྲང་བདེན་གྱི་ལམ་ལ་བརྟེན་ནས་རང་ཉིད་ཀྱི་མང་གཙོའི་འགན་ཁུར་དང་ཐོབ་ཐང་རྩ་ཆེ་ཤོས་ཏེ། འོས་འཕེན་གྱི་གོ་སྐབས་ལེན་པར་སྟ་གོན་བྱས་པ་ཡིན།
|
|||
|
2010.12.03
06:07:06
|
|||
ཕྱི་ཟླ་༡༡ ཚེས་༢༢ ཉིན་རྒྱ་གར་ལྷོ་ཕྱོགས་མེ་སོར་ཁུལ་དུ་རྒྱ་གར་དུས་བབ་གསར་ཤོག་སོགས་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་གིས་འབྱུང་འགྱུར་གྱི་ཟླ་དྲུག་ནང་བོད་མི་མང་སྤྱི་འཐུས་ལ་གྲོས་བསྡུར་བརྒྱུད་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཐག་གཅོད་འོང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་པའི་གནས་ཚུལ་ཐོན་ཡོད་པ་དང། གནས་ཚུལ་དེ་ལ་བརྟེན་ནས་མི་མང་ནང་བློ་འཚབ་ཆེན་པོ་བྱུང་སྟེ་གང་སར་བགྲོ་གླེང་དང་། འགན་ཡོད་མི་སྣ་ཚོ་ཚོགས་འདུ་འཚོགས་ནས་༸གོང་ས་མཆོག་ལ་བགྲེས་ཡོལ་ཆ་ཚང་གི་དགོངས་པ་མི་བཞེས་རྒྱུའི་གསོལ་འདེབས་སྙན་ཞུ་འབུལ་གྱི་ཡོད་པ་རེད།
|
|||
|
2010.07.03
21:38:36
|
|||
|
(༢༠༡༠-༧-༣) ཁ་སང་ངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཙན་བྱོལ་བོད་མའི་མང་གཙོའི་འཕེལ་རིམ་དང་འབྱུང་འགྱུར་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུས་སྐོར་ཀྱི་གཏམ་གླེང་ཞལ་པར་དུ་སྐད་བཏང་བ་བཞིན་ཆ་ཤས་བླང་པ་ཡིན། འོན་ཀྱང་གཏམ་གླེང་ཞལ་པར་ཀྱི་དུས་ཚོད་ཐུང་པ་དང་། བགྲོ་གླེང་བྱེད་སྟངས་ཀྱི་རྐྱེན་པས་ངས་བཤད་འདོད་པའི་བསམ་ཚུལ་ཁག་ཅིག་གླེང་ཐུབ་མ་སོང་། དེ་རིང་ངས་ཟིན་བྲིས་ཀྱི་བརྒྱུད་ལམ་བེད་སྤྱོད་བྱས་ནས་མི་འགྱང་བར་ཡོང་ངེས་པའི་བཀའ་ཁྲི་འོས་བསྡུ་དང་འབྲེལ་བའི་རང་ཉིད་ཀྱི་བསམ་ཚུལ་ཐུང་ཐུང་ཞིག་གླེང་འདོད་སྐྱེ།
|
|||
|
2010.06.29
00:36:57
|
|||
|
ཇ་ཁང་ནང་གི་ལབ་གླེང་། ཆོལ་ཁའི་ཞེན་ཁོག་གྲོས་ཚོགས་ནང་ལ་ཁུར་མི་དགོས། ༢༠༡༠-༠༦-༢༦ ཉིན་གྱི་ཞོགས་པ་ངས་དབུས་གཙང་ཆོལ་ཁས་སྤྱི་འཐུས་འོས་མི་ཉི་ཤུ་དང་བཀའ་བློན་ ཁྲི་བའི་འོས་མི་གཅིག་ཕྱིར་བསྒྲགས་བྱས་པའི་གསལ་འགྱུར་མཐོང་། ད་དུང་བརྒྱུད་ལམ་ཁག་གིས་བསྟན་དོན་ལྟར་ན། འོས་མི་ཉི་ཤུ་པོ་དེ་དག་གིས་རང་བཙན་གྱི་ལྟ་བ་མི་འཁྱེར་རྒྱུ་དང་། དབུས་གཙང་ཆོལ་ཁའི་ཞེན་ཁོག་བྱེད་རྒྱུར་མིང་རྟགས་བརྒྱབ་པའི་གནས་ཚུལ་བཀོད་ འདུག་ལ། འོས་མི་དེ་དག་གི་ཁྲོད་ན་གཞོན་ནུའི་གནད་ཡོད་མི་སྣ་ཡང་མང་པོ་ཞིག་ཡོད་པ་མཐོང་ སོང་།
|
|||
|
2010.06.18
22:22:38
|
|||
|
སྦེལ་ཀོབ་བོད་མའི་གཞིས་ཆགས་སུ་བོད་ཀྱི་རྒྱལ་ཡོངས་འོས་བསྡུའི་དེབ་སྐྱེལ་ཉུང་མཐར་ཡང་ཟླ་བ་ཕྱེད་ལྷག་རྗེས་ལུས་ཐེབ་སྲིད་པ་རེད། ཁར་རྩང་དབུས་འོས་བསྡུ་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པའི་འོས་བསྡུས་དེབ་སྐྱེལ་འགོ་འཛུགས་ཀྱི་དུས་ཚོད་དང་འཁེལ་ཡོད་པར་བརྟེན། ས་གནས་ཀྱི་མི་མང་དང་དགེ་འདུན་པ་ཚོས་འོས་སྡུའི་དེབ་སྐྱེལ་བྱེད་ཕྱོགས་སྐོར་ཁ་པར་བརྒྱུད་ང་ལ་སྐད་ཆ་འདྲི་མཁན་བྱུང་སོང་ལ། དངོས་སུ་ང་ཐུགས་ནས་དེའི་སྐོར་རྒྱུས་ལོན་ཡང་བྱེད་མཁན་ཡོང་གི་འདུག དེར་བརྟེན་ཕྲན་ཀྱིས་ས་གནས་འོས་བསྡུའི་སྐྱེལ་བྱེད་ཕྱོགས་གང་འདྲ་ཡིན་མིན་སྐོར་ལུགས་བསམ་གཞིས་ལས་ཁང་དུ་སྐད་ཆ་འདི་རུ་ཕྱིན་ནས་ས་གནས་འགོ་འཛིན་དགྲ་འདུལ་ལགས་སུ་བཀའ་འདྲི་ཞུས་སྐབས།
|
|||
|
2010.05.17
13:27:13
|
|||
|
ངའི་སྙིང་ཉེ་བའི་སྐྱེ་རྒུ་ཁུལ་དང་དེའི་ཉེ་འཁོར་ས་ཡོམ་གྱིས་གནོད་འཚེ་ཕོགས་པའི་ཡུལ་མི་སྤུན་ཟླ་རྣམས་པ། ཁྱེད་རྣམས་ལ་རང་བྱུང་ཁམས་ཆེན་མོས་འདི་ལྟར་བརྩེ་བ་མེད་པའི་གནོད་སྐྱོན་བྱེད་སྐབས་ངའི་སེམས་སྐྱོ་ཞིང་མཆི་མ་རྒྱུན་མི་ཆོད་ཀི གང་ཡིན་ཟེར་ན། སྡོད་ས་རི་ལུང་ཁྲི་ཕྲག་གི་ཁ་ཐག་རིང་ཡང་ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཁྱེད་ཚོ་ངའི་སྙིང་དབུས་སུ་སྐད་ཅིག་གཅིག་ཀྱང་འབྲལ་མ་མྱོང་བའི་བརྩེ་དུངས་ཟབ་མོས་ཡོངས་སུ་བསྡམ་ཡོད་པས་རེད།
|
|||
|
2010.05.16
12:13:15
|
|||
|
འཛམ་གླིང་སྙིང་རྗེས་སྐྱོང་བའི། གངས་ཅན་པའི་འདི་ཕྱིའི་མགོན་པོ་ཀྱེ། རང་བྱུང་ས་ཡོམ་གྱིས་བརྡུངས་བའི་ཁྱེད་འབངས་ཁྲི་སྟོང༌། གྱང་རོའི་གས་སྲུབས་ཀྱི་གསེང་ནས་དབུགས་ཀྱི་རྒྱུ་བ་འགག་དུས། ཁྱེད་ལ་ཐལ་མོ་སྦྱར་བ་གཟིགས་ཨེ་བྱུང༌། མགོན་པོ་ཀྱེ།
སྤྱན་གྱིས་གཟིགས་དང༌། ང་ཚོ་ཁྱེད་ཀྱི་འབངས་མི་ཡིན། |
|||
|
2010.05.14
13:08:36
|
|||
|
ཁ་སེང་རྒྱ་ནག་སྒེར་གཅོད་དབང་འཛིན་གཞུང་གིས་བཀོད་སྒྲིག་དང་གནོད་ཤུགས་འོག་རྟའུ་རྫོང་ས་གནས་སྲིད་གཞུང་གིས་ཁམས་མི་ཉག་ནགས་ཕྲན་ལྷ་རི་ཐང་༼གླ་རི་ཐང་༽དུ་བཙན་དབང་གིས་འཛུགས་སྐྲུན་བྱས་པའི་གྲོང་གསར་དེའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་སོང༌།
|
|||
|