བོད་ཀྱི་བང་ཆེན། ཟིན་བྲིས། berijigme འོད་ཐིགས་ལ་དུངས་པའི་གཏམ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.03.22 20:03:18
འོད་ཐིགས་ལ་དུངས་པའི་གཏམ།

ཕན་བདེའི་ཟླ་བ་གངས་རིའི་རྩེ་ནས་འཚར༎

དཀར་གསལ་འོད་སྣང་འཛམ་གླིང་ཁྱོན་ལ་བརྡལ༎

བྱམས་བརྩེའི་དཀྱིལ་འཁོར་ནམ་མཁའི་དབྱིངས་ནས་རྫོགས༎

མུན་སེལ་འོད་ཐིགས་ནམ་ཡང་སིལ་གྱུར་ཅིག།


སྟོང་གསལ་སེམས་ཉིད་རིག་པའི་ཁྱེའུ་ལ༎

ཀུན་རྟོག་མངར་སྐྱུར་ངེས་མེད་བྲོ་བའི་རོ༎

སྟེར་མཁས་སྒོ་ལྔའི་སྤྲེ་འུའི་འགྲོ་འདུག་གིས༎

ངེས་མེད་འགྱུར་འགྲོས་རྩེན་པ་སུ་ཡིས་འགོག།

མ་དག་སྣང་བ་བརྩེགས་པའི་དགྲ་རྫོང་ཆེ༎

སྟོང་པ་རང་ངོ་འཕྲོད་པའི་ཐོ་ཆེན་གྱིས༎

བསྟོར་བཅོམ་སིལ་བུའི་ཀློང་དུ་མ་བརྫངས་པར༎

འོད་གསལ་ཉི་མའི་དཀྱིལ་འཁོར་སུ་ཡིས་བསུ༎

གཉུག་སེམས་ངོ་བོ་ག་འུ་ཁ་སྦྱོར་དབར༎

གཟུང་འཛིན་ན་བུན་དབྱིངས་སུ་མ་ཡལ་བར༎

སྣང་སྟོང་རེས་འཇོག་བྲལ་བའི་ཁང་བཟང་དུ༎

བདེ་སྟོང་ལྷན་སྐྱེས་དགའ་བཞི་སུ་ཡིས་མྱོང༌༎

འཁོར་འདས་རོ་གཅིག་འདྲེས་པའི་དབྱིངས་རུམ་ནས༎

སྲིད་ཞི་མཉམ་པར་གཟིགས་པའི་སྤྱན་ཞགས་ཀྱིས༎

ཀུན་རྟོག་བྲག་རི་ཐེར་ཟུག་མ་འབིགས་པར༎

སྒྲིབ་བྲལ་གཉུགས་མའི་ཐང་ཆེན་སུ་ཡིས་གཞལ༎

དབྱིངས་རིག་མི་ཕྱེད་སྟོང་གསལ་འདྲེས་པའི་ཀློང༎

སྤྲོས་བྲལ་སེམས་ཀྱི་གནས་ལུགས་གསལ་རིག་གིས༎

གཟུང་འཛིན་སྒྲིབ་གཡོག་དབྲལ་བ་མ་བྱས་པར༎

ཆོས་དབྱིངས་དགའ་མའི་ལང་ཚོར་སུ་ཡིས་སྤྱོད༎

གཟུང་འཛིན་ན་བུན་སེམས་ཀྱི་མཁའ་ལ་འཐིབས༎

སྣང་བ་བདེན་ཞེན་ཀུན་རྟོག་རུམ་ན་རྩེན༎

སྤྲོས་པའི་དྲ་བ་འཛིངས་པའི་ཅོང་རོང་ན༎

ཀུན་རྫོབ་སྟོང་པའི་རང་ངོ་སུ་ཡིས་འཕྲོད༎

སྤྲོས་པའི་ནགས་རྫོབ་འདི་ཡི་ཕ་རོལ་ན༎

སྟོང་སངས་སེམས་ཀྱི་རྒྱལ་མོའི་ཚུན་རོལ་ན༎

དབྱིངས་རིག་གཅིག་ཏུ་འདྲེས་པའི་རྟེན་འབྱུང་གི༎

ངོ་མཚར་སྒྱུ་མའི་སྤྲུལ་གཞི་སུ་ཡིས་བཤིགས༎

གཉུགས་སེམས་གཅིག་ཏུ་འཁྱིལ་བའི་མཚོ་མོ་ན༎

གློ་བུར་འཆར་སྒོ་བ་ཚྭའི་འདམས་ཀྱི་ཀློང༌༎

དགའ་སྐྱོ་ཁྲོ་ཆགས་རླབས་རིས་གཡོ་བའི་སྣེ༎

སྟོན་རླུང་འཚུབ་མའི་འགྱུར་འགྲོས་སུ་ཡིས་བཟློག།

2༽

ཀུན་བཏགས་རྨོངས་པའི་ཆུ་རིས་འཕྱོ་བའི་རླབས༎

ལྷན་སྐྱེས་མ་རིག་འཐུག་པའི་གཏིང་ཐག་རིང༌༎

མ་དག་བ་ཚྭས་སྙོགས་པ་འཁོར་བའི་གྲོང༌༎

འཇིགས་རུང་ཆུ་སྲིན་རྒྱུ་བའི་གཡུལ་ས་མང༌༎

གཟུགས་ཁམས་བཅུ་བདུན་གནམ་གྱི་མཐོངས་ན་རྩེན༎

འདོད་ལྷ་རིགས་དྲུག་ལྷུན་པོའི་ཁོར་ལག་འགྱིངས༎

གཟུགས་མེད་སྐྱེ་མཆེད་ཏིང་འཛིན་ཀློང་ན་འཁྱིལ༎

ལྷ་ཡི་འཇིག་རྟེན་མི་ཡི་ཡུལ་ལས་འགངས༎

དམྱལ་བ་ཡི་དྭགས་ས་འོག་འཇིག་རྟེན་གནས༎

ལྷ་མིན་འཇིག་རྟེན་གསེར་རིའི་གསེབ་ན་འཚང༌༎

མགོ་ནག་མི་ཡི་འཇིག་རྟེན་ཟླུམ་པོ་འདི༎

འཇིག་རྟེན་མི་ཡིས་སྐྱོང་བའི་ཞིང་ཁམས་ཉིད༎

ལྷ་དམག་འཁྲུགས་ནས་འཇིག་རྟེན་བསྟོར་ཡང་རུང༌༎

ཀླུ་གཉན་འཐབ་ནས་རྒྱ་མཚོ་འཕྱུར་ཡང་རུང༌༎

འཇིག་རྟེན་མི་ཡིས་བར་འདུམ་མི་ནུས་པས༎

ལྷ་མཆོད་འདྲེ་རྡུང་རྨོངས་པའི་ལྷག་བསམ་ཙམ༎

འཛམ་གླིང་ཤར་ནུབ་ཆུ་དང་རི་ཡིས་ཆོད༎

རྒྱ་བོད་ཧོར་གསུམ་སྲིད་པ་རྒན་པོས་འབྱེད༎

རང་བྱུང་ཁོར་ཡུག་རང་ངོས་མ་གྲུབ་ཀྱང༌༎

རང་རང་སོ་སོར་བདག་པའི་ཡིག་ཚང་མཆིས༎

རྩམ་ཟོན་བོད་མི་བོད་ཀྱི་ཡུལ་དུ་སྐྱིད༎

འབུ་ཟོན་རྒྱ་མི་རྒྱ་ཡི་ཡུལ་ན་བདེ༎

ཁྱིམ་མཚེས་ཁྲུན་ལོག་ཐེབས་པའི་གྲུ་ཟུར་ནས༎

ཆུ་ཁྲག་འོ་གསུམ་འདྲེས་པའི་རླབས་རིས་འཕྱུར༎

གོས་ཆེན་ན་བཟའ་གཟི་མདངས་གཞན་ལས་ཆེ༎

གསེར་གྱི་ཐམ་ཀའི་ཁ་རིས་ལྷག་པར་བཀྲ།

དྭ་ཡང་དཀར་པོའི་གྲུ་ཆར་འབབ་པའི་ཤུལ༎

སྤྲོ་སྐྱིད་མྱུ་གུ་འབུས་མིན་གཟིགས་མཛོད་དང༌༎

རྒྱབ་ནས་མེ་མདའི་སྐག་སྒྲ་མཛེར་པའི་ཁྲོད༎

མདུན་ནས་དྲག་པོའི་དམག་གི་བཀག་བསྐྱིལ་དབར༎

ཀླད་ནས་གནམ་གྲུའི་མདའ་རྫས་དབབ་པའི་འོག།

གཤིན་རྗེ་གྲོང་འདབས་དེད་པའི་སྐྱོ་གར་རིང༌༎

མ་ཡུལ་རྒྱབ་དུ་ལུས་པའི་བྱིས་པ་ཚོ༎

ཁྱིམ་མཚེས་ཨ་མའི་བྱམས་བརྩེའི་འཛུམ་འབག་འོག།

ཁ་ནས་མངར་མོའི་བུ་རམ་ལྡུད་པ་དང༌༎

མགོ་ནས་རྒྱུག་པ་བཞུས་པའི་སྣང་བརྙན་སྐྱོ༎

ཞོགས་པའི་ཉི་གཞོན་ནུབ་རིར་ལྷུང་བ་དང༌༎

ཟླ་གཞོན་ཤར་མཐར་མཛེགས་པ་ཉུང་ཉུང་མིན༎

ལོ་ཟླའི་ཕྲེང་བ་དུས་ཀྱིས་བགྲངས་པའི་སྣེ༎

དུས་རབས་ཕྱེད་ཀ་མི་རྟག་སྲིན་མོས་ཟོས༎

3༽

ལ་ཁའི་དར་ལྕོག་རླུང་གིས་བདས་ནས་ཟད༎

ལུང་མདོའི་མཚེའུ་དུས་ཀྱི་ཐན་པས་བསྐམས༎

མེས་པོའི་ཟུངས་ཁྲག་ས་ལ་ཐིམ་པའི་ཤུལ༎

ཝ་མོའི་ངུར་རྒྱངས་འཛེར་བས་ལྷིང་འཇགས་འཕྲོགས༎

གནམ་སྔོན་དགུང་ལ་འདེབས་པ་བྲག་རིའི་རྩེ༎

སྤྲིན་ཀྱི་ལ་ཐོད་དཀྲིས་པའི་གཡས་གཡོན་ནས༎

ཉི་ཟླའི་རྣ་ཆ་འོད་ཀྱིས་འཚེར་ན་ཡང༌༎

ཐང་དཀར་རྒོད་པོ་སྔ་ས་ཉིད་ནས་འཕུར༎

བསམ་འཕེལ་ནོར་བུ་རྒྱ་མཚོའི་གཏིང་ན་གནས༎

དགུན་འཁྱགས་ལྷག་པའི་དར་ཁ་སྔ་ནས་སྒྲིག།

དེད་དཔོན་མཁས་པའི་གཡོ་གྲུ་སྐུལ་ན་ཡང༌༎

མཚོ་འགྲིམས་ཚོང་པའི་རེ་བ་རྨི་ལམ་ཙམ༎

སྤྲིན་དང་ན་བུན་བར་སྣང་དབྱིངས་ནས་ཡལ༎

ཉི་ཟེར་སབ་སིབ་གནམ་གྱི་མཐོངས་ནས་འབབ༎

སྣ་ལྔའི་འཇའ་རིས་འཁྱིལ་བའི་གུར་ཁང་ནང༌༎

རང་སྣང་དག་པའི་སྣང་བ་དགུང་ལ་འཆར༎

ཉི་མ་དམར་པོའི་འོད་སྣང་ཤར་ནས་མཆེད༎

རི་རྩེའི་ཁ་བ་ཀླུང་གི་གཞུང་དུ་འཇོ༎

གྲུ་འཛིན་ཕོ་བྲང་ཐལ་འཚུབ་གསེབ་ཏུ་འཚང༌༎

ཡར་ཀླུང་གཙང་པོའི་རླབས་རྒྱུན་ཁྲག་དང་འགྲོགས༎

རླུང་འཚུབ་བསྣོལ་མ་འཐབ་པའི་མཚོ་དཀྱིལ་དུ༎

རླབས་ཀྱི་བང་རིམ་འཁྲུག་པོའི་རྔམས་ཁ་ནས༎

དགའ་ལྡན་ཕོ་བྲང་སྲིད་ཀྱི་གྲུ་བོ་ཆེ༎

དར་ཆེན་ཁ་ཕྱོགས་གང་དུ་བསྒྱུར་ན་འཚམས༎

ས་བྱི་ཞི་རྒོལ་ཁ་བ་ཇི་བཞིན་འབབ༎

དྲག་པོའི་གནོན་ཤུགས་མེ་ལྕེ་བཞིན་དུ་འབར༎

དམར་པོའི་རླུང་རླབས་ད་དུང་ཇེ་ཆེ་རེད༎

བྱི་བའི་ཆག་སྒོ་སྣེ་མོ་གླང་ལ་ཐུག།

སྟོང་གསལ་རིག་པའི་ཁྱེའུ་གྲུང་ཤ་ཅན༎

བདེན་གཉིས་རོ་གཅིག་མྱོང་པའི་སྔ་རོལ་དུ༎

རྒྱུ་འབྲས་རྟེན་འབྱུང་རིག་པའི་འཕུལ་མཚམས་ནས༎

ཡང་དག་འཇིག་རྟེན་ལུགས་ལའང་བརྟག་པར་རིགས༎

གཅིན་སྐྱག་མགོ་ལ་གཏོང་པའི་བརྙས་བཅོས་དང༌༎

ཤ་རུས་སིལ་བུར་གཏོར་བའི་གནར་གཅོད་འོག།

ལོ་ཟླའི་ཕྲེང་བ་བགྲང་པའི་གཞིས་ལུས་བོད༎

སྐྱོབ་པའི་ལམ་སྟོན་ཡོད་ན་དུས་ལ་བབས༎

བཀའ་སྤྱི་ལྷན་དགྱེས་འཛོམས་པའི་སྡིངས་ཆ་ཐོག༎

དབང་ཆེན་དཔོན་པོ་ཚོགས་པའི་གྲོས་རྭ་ནང༌༎

སེམས་ཀྱི་རང་མདངས་འཕོས་པའི་ཚིག་རིས་འདི༎

དྲན་པའི་སྐུལ་འདེབས་འགྱུར་བའི་རེ་སྨོན་ཉིད༎

2008/3/21/ཉིན་བྲིས།

 




2009.03.23 15:06:41
quest
ཨ་རོ། ལྷ་སའི་དུད་ངན། ཁྱོད་ཤི་ཚར་ནི་མ་རེད་ཀི། ཡང་བེ་རི་འཇིགས་མེད་འདིར་ཕེབས་ཚར་ཀི། སངས་རྒྱས་དང་བེ་རི་ལ་ཁྱོད་ལྟོས་ལྟོས་གསོད་གསོད་ཟེར་མཁན་དེ་མ་རེད་དམ། ཟམ་གདོང་དང་ཀླུ་སྨྱོན་ལ་སྟག་སྨྱོན་པས་ཁྭ་ཏ་དྲ་རྒྱ་ཐོག་ཞུ་དག་ག་ཚོད་གཏོང་འདུག ཨ།་རོ། བསང་དུད་ཁྱོད་ད་རོ་ལངས་རྒྱབ་རན་འདུག་བདའ། ཁྱོད་བེ་རི་ལ་སྐྲག་དགོས་ནི་མ་རེད། ཁྱོད་ཅི་བཤད་སྙིང་འདོད་ན་ཤོད་དང༌། བེ་རིས་ཁོང་རང་འབྲི་འདོད་པ་དེ་འབྲི་ནས་ཁ་ཁར་འདོད་ནི་རེད། འབྲི་ས་ཡག་ཤོས་དེའདི་རེད། ཁྱོད་རང་གི་དགའ་རོགས་བེ་རིས་འཕྲོག་སོང་། ཞེས་བྲིས་དང༌། མི་ཁ་ཤས་ཤིག་ཧ་ལས་ནས་ལྟ་ནི་རེད། དེ་ལས་ང་ལའང་ལམ་སྟོན་ཞུ་རྒྱུ་གཞན་མི་འདུག་ཀོ། ཨོ། ད་དུང་ཁྱོད་ཁམས་པབརྫུས་དུས་ཨམ་ས྄ྐད་མ་ཤོར་བ་གྱིས། ཨ་མདོ་བྱེད་དུས་དབུས་སྐད་མ་ཤོར་བ་བྱོས།

 
2009.03.25 00:01:43
ངས་མི་ཚེ་འདིའི་ནང་ལ་མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་གང་ཞིག་གི་ཁོངས་ལ་གཏོགས་མིན་དེ་གལ་ཆེན་དུ་མཐོང་མ་མྱོང་། གཙོ་བོ་དེ་ང་རང་བོད་ཀྱི་སྤྱི་འབངས་ཤིག་ཡིན་པའི་ལངས་ཕྱོགས་དེ་དང་མི་འགལ་བ་ཞིག་ཨེ་ཡོང་ལ་འབད་བཞིན་ཡོད། དེ་བཞིན་དུ་སྐད་ཀྱི་ཆ་ནས་གང་དུ་སྐྱེས་པའི་ཡུལ་དེའི་ཡུལ་སྐད་འཁྲེགས་པོ་དེ་བསྒྱུར་ཐུབ་ཀྱིན་མི་འདུག་རུང་ཡིག་ཐོག་ལ་འགོག་པའི་དུས་སུ་མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་པ་སུས་བྐླགས་ཀྱང་གོ་ཐུབ་པ་ཞིག་ཞེ་ཡོང་ལ་འབད་ཁུལ་ཡིན།

 
2009.03.24 03:17:28
quest
བསངས་དུད་ཤི་ཚར་བ་འདྲ། དྲ་གྲོགས་ཚོ། མ་ཎི་རེ་འདོན་རོགས། མི་སྡིག་ཅན་དེ་ཤ་ཚ། སངས་རྒྱས་བཅ་ལྡན་འདས་དང༌། ས་དགེ་རྙིང་གསུམ། ཀར་འབྲུག་བོན་གསུམ། བླ་ཅེན་མི་ཆེན། སྤྲུལ་སྐུདགེ་བཤེས་ཡོད་ཚད་ཁ་རྡུང་ཚིག་རྡུང་ག་ཚོད་གཏོང་སོང༌། ད་ཕལ་ཆེར་དམྱལ་བ་ལ་ཡོད་རྒྱུ་ཡོད། དམྱལ་བ་རྡོ་རྗེའི་གདན་ལ་ཡོད་རྒྱུ་རེད། ཨ་ཕོ་ཤི་རེ། ཨི་ཤེས།

 
2009.03.24 04:19:48
quest
ཨ་རོ། ད་དཀྲུགས་ཤིང་མ་རྒྱག་རོགས། བེ་རི་དང་ལྷ་བསངས་གཉིས་ཕ་ཤ་རྩོད་རྒྱུ་གང་ཡང་ཡོ་པ་མ་རེད། ལྷ་བསངས་སྡོད་མ་ཚུགས་ནས་བེ་རི་ལ་སྙད་བརྐོས་པ་ཙམ་ལས། དོན་དངོས་ཐོག་ཁོང་གཉིསཀ་ཁྱོདརང་ལས་དྲག་གི་རེད། ད་ཁ་ཁར་སྡོད་ན་ཨེ་དགའ། བསམ་བློ་ཐོངས། རྗེས་མར་རྒྱུ་མ་ཕུད་དེད་གཏོང་ན་ཡག་པོ་ཆགས་མི་འོངས། ཁོ་རེ།

 
2009.03.24 23:44:18
ངས་བེ་རི་ལ་སྐྱོན་བརྗོད་བྱས་པ་བདེན། སྐྱོན་བརྗོད་དེ་ཚོ་བསམ་བློ་བཏང་ནས་བྱས་ཡོད། སྐྱོན་བརྗོད་བྱས་པ་གཅིག་ནི་བེ་རིའི་བྲིས་པའི་རྩོམ་ལ་ཡིག་ནོར་ཧ་ཅང་གིས་མང་བས་མིག་ལ་གཟན་སྟབས་ཁ་སྡོད་ཚུགས་མ་སོང་། གཞན་ཞིག་ནི་ཁོས་མི་ཆེན་བླ་ཆེན་རེ་ལ་མཛུབས་མོ་བཙུགས་ནས་ངོ་བསྟོད་ཕྱེ་གཏོར་བྱ་རྒྱུར་དགའ་བའི་རང་གཤིས་དེ་རེད། ཡང་གཅིག་ནི་ཁོ་པ་བོད་མི་མང་སྤྱི་འཐུས་རྒྱུན་ལས་གྱི་གྲལ་དུ་འཚངས་བཞིན་དུ་གྲོས་ཚོགས་ཚུགས་སྐབས་བྱིས་པ་ཞིག་རྩེད་རར་ཞུགས་པ་བཞིན་ཚིགས་བཅད་ཀྱག་ཀྱོག་ཡིག་ནོར་གྱི་ཕུང་པོ་དེ་ཚོ་བསྒྲིགས་ནས་བསྡད་ཡོད་པ་འདི་བོད་མི་མང་དང་རྒྱལ་བ་རིན་པོ་ཆེའི་ཐུགས་རེ་ཆུད་ཟས་སུ་བཏང་ཚུལ་གྱི་སྐྱོན་བརྗོད་བྱས་ཡོད། དེ་ཚོ་ཚང་མ་བེ་རི་རང་གི་རྩོམ་ཡིག་གཞིར་བཞག་ནས་སྐྱོན་བརྗོད་བྱས་པ་མ་གཏོགས་གཞི་མེད་སྐུར་འདེབས་བྱས་པ་ཞིག་དྲན་གྱིན་མི་འདུག བེ་རི་འཇིགས་མེད་འདི་པ་བོད་ཆོས་སྲིད་གཉིས་ཀྱི་ལས་ཀྱི་སྣེ་མོ་བའི་གྲས་སུ་ཡོད་སྟབས་མི་དཀྱུས་མ་ཞིག་གིས་ནོར་འཁྲུལ་བྱས་པ་ལས་ཚབ་ཆེ་སྟབས་ངས་སྐྱོན་བརྗོད་བྱས་པ་མ་གཏོགས་གཞན་རྒྱུ་མཚན་གང་ཡང་མེད།



 
2009.03.24 23:33:09
ཨེ་གྲོགས་པོ། ངས་ལས་རྒྱུ་འབྲས་དཔང་པོར་བཞག དྲང་བདེན་གྱི་གཞུང་བསྲངས། མི་ཆོས་གཙང་མའི་མིག་ཐོགས་ནས་བགྲོ་གླེང་བྱས་པས་དམྱལ་བར་འགྲོ་དགོས་ན་གཤིན་རྗེ་ཆོས་རྒྱལ་ཆང་གིས་བཟི་ནས་ལས་ཀྱི་དགེ་སྡིག་རྒྱ་མའི་མགོ་མཇུག་ལྡོག་ཅིང་ལས་ཀྱི་མེ་ལོང་གི་གི་ཕྱི་ནང་ནོར་སོང་བ་ཡིན་རྒྱུ་རེད།

 
2009.03.25 02:27:06
quest
བསངས་དུད་ལགས་ཕེགས་ཤོག་ཨ། ཁྱོད་ངོ་མ་བསངས་དུས་འཁྲུལ་མེད་ཅིག་རེད། ཁྱོད་ཀྱིས་བསངས་དུད་བྱས་ནས་དྲ་རྒྱ་འདིའི་ནང་གྲིབ་དང་མི་གཙང་བ་མང་པོ་ཉུང་དུ་པྱིན་སོང༌། དེ་མིན་གང་བྱུང་མང་བྱུང༌། ཕྱི་མིས་ཀློག་ན་ངོ་ཚ་ཡ་གི་ཡིག་ནོར་དང་འགལ་འདུ་གིས་གང་འགྲོ་ས་རེད། གཏམ་བཤད་འདྲ་ཆགས་པོ་དང༌། ལྷག་པར་སྙན་ངག་སོགས་བརྡ་སྤྲོད་དང་འབྲེལ་བ་ཡོད་པ་འབྲི་སྐབས་ཡིག་ནོར་མང་པོ་བྱུང་ན་ཡག་པོ་མ་རེད། དེ་མིན་འཕྲོས་དོན་དྲི་བ་དང༌བགྲོ་གླེང་སྐབས་མགྱོགས་བྲིས་བྱེད་དགོས་པ་ཡིན་དུས་ཏོག་ཙམ་ནོར་ན་སྐྱོན་མེད། སུས་ཀྱང་བསམ་ཤེས་ཐུབ་ཀྱི་རེད།
ཁྱོད་ངོ་མ་ལྷག་བསམ་དང༌རིག་གཞུང་ལ་དགའ་མཁནཞིག་ཡིན་ས་རེད། ཁྱོད་ལ་ཁ་རྡུང་གཏོང་མཁན་དེ་ཚོ་ནི་བཟང་ངན་མི་ཤེས་མཁན་རེད་འདུག ང་ཚོས་ཡིག་གེ་སྦྱང་སྐབས་རྒན་ལ་ཡིག་ནོར་ཡོད་མེད་གཟིགས་རོགས་ལབ་དགོས། དེ་ལ་གླ་ཕོགས་ཡང་སྤྲོད་དགོས། ཁྱོད་ཀྱིས་དངས་བླངས་ཀྱིས་ཞུ་དག་བྱེད་པར་ངོ་མ་ཡག་པོ་རེད། མི་ཚང་མ་ལྐུགས་པ་མ་རེད། སུས་ཡག་པོ་བྱེད་ཀྱི་ཡོད་པ་དང༌། སུས་ཡ་ལ་དཀྲི་ཡི་ཡོད་པ་ཤེས་ཀྱི་རེད། མི་མང་ལ་ཡེ་ཤེས་ཀྱི་སྤྱན་ཡོད་རེད་ད།

 
2009.03.25 23:40:28
བེ་རི་ལྟ་བུ་ཡིན་ན་ཡ་རབ་ཁེངས་སྐྱུང་གི་གཤིས་ཀ་ལས་ལྡོག་སྟེ་དབྱངས་ཅན་མའི་དགའ་རོགས་ཡིན་མདོག་མདོག་དང་གངས་རིའི་ལྗོངས་ཀྱི་སྙན་ངག་པ་ཡོངས་རྫོགས་ཀྱི་གཙུག་གི་ཏོག་གཅིག་པོ་ཡིན་ཞེས་སྙིང་ཁམས་ཆེན་པོས་ཁ་ཕོ་སྒྲོགས་ཀྱིན་ཡོད་པ་རེད། ཁོ་པའི་ངོ་བསྟོད་ཕྱེ་གཏོར་ཞིག་ཏུ་མཁས་གྲུབ་དགེ་དཔལ་བས་ཙོང་ཁ་པར་བསྟོད་པ་ཕུལ་ཞིག་གི་མཇུག་བྱང་ལ་ལད་ཟློས་ཀྱིས་ཁོ་ཡང་གངས་ཅན་གྱི་སྙན་ངག་སྨྲ་བ་ཡོངས་ཀྱི་མགོ་བར་ཚིག་གི་གོམ་པ་འགོད་པ་ལ་མཁས་པ་སོགས་རང་བསྟོད་གནམ་སར་མི་ཤོང་བ་ཞིག་བྱས་འདུག ཡི་གེའི་དག་སྡེབས་ཀྱི་ཆ་ལ་བསམ་ན་སློབ་མ་གསར་བུ་བ་ཞིག་གི་ཤེས་ཚད་ལས་ཀྱང་སྐྱོ་བར་སྣང་བས་ང་ཚོ་ཁ་རོག་གེར་སྡོད་ཚུགས་པ་ཞིག་འདུག་གམ།

 
2009.03.24 04:15:37
quest
མི་ལ་རྗེ་དང་རྒྱལ་བ་རྒོད་ཚང་པ༎
རྡོ་གྲུབ་ཆེན་དང་སྐལ་ལྡན་རྒྱ་མཚོ་ལྟར༎
བེ་རི་ཉམས་མགུར་སྙན་ཆ་ཤིན་ཏུ་དེད༎
ཉམས་ལེན་ཡོད་མེད་ཁཡད་པར་ངས་མི་ཤེས༎
རྩོམ་གྱི་སྙན་ཆ་གཅིག་པ་རེད༎
དགའ་མཁན་ཡོད་ན་དགའ་བ་འོས༎
མ་དགའ་མཁན་ཚོ་སྡུག་གྱོང་རེད༎
སྙན་ངག་བསྟན་པ་རྒྱས་གྱུར་ཅིག།

 
2009.03.25 00:16:42
བེ་རིའི་མགུར་འདྲ་བོ་དེའི་ནང་དུ། སྣང་སྟོང་རེས་འཇོག་བྲལ་བའི་ཁང་བཟང་དུ། །བདེ་སྟོང་ལྷན་སྐྱེས་དགའ་བཞི་སུ་ཡིས་མྱང་། །ཞེས་པ་ལྟ་བུ་བྲིས་འདུག་པ་དེའི་དོན་ག་རེ་ཡིན་ནམ། སྣང་སྟོང་ཟུང་འཇུག་བསྒོམ་དགོས་པ་མ་གཏོགས་སྣང་སྟོང་རེས་མོས་སུ་བསྒོམ་ཞེས་པའི་དོན་དེ་ཁྱད་མཚར་རེད། བེ་རིས་བསྒོམ་རྒྱག་དུས་སྣང་བ་བསྒོམ་དུས་སྟོང་པ་མི་དྲན། སྟོང་པ་དྲན་དུས་སྣང་བ་མ་དྲན་ན་དེ་གཉིས་ཟུང་དུ་ག་འདྲ་བྱས་ནས་འཇུག་དགོས་སམ།

 
2009.03.25 15:14:06
quest
ལྷ་སའི་དུད་ངན། ལྷོད་ལྷོད་སྒུག ང་ཁྱོད་རང་ངོ་ཤེས་འདོད་ཡོད། ཉི་མ་གཅིག་ང་གཉིས་ངོ་ཤེས་འོང༌། དེ་ནས་ང་གཉིས་ལྟད་མོ་མཐོང་ཡོང༌། ཁྱོད་ཀྱིས་དང་པོར་བརྙས་ཀོས་པ་ལ་བེ་རིས་ཡ་ས་མ་ཐོང་བའི་མརབས་། གྲྭ་ས་མཐོང་བའི་གྲལ་རྫད་། ལབ་པས་ཁྱོས་དེའི་གཏིང་ནད་བཟུང་ནས་བེ་རི་ལ་ད་བར་ཅི་གཅིག་བཤད་སྡོད་སོང༌། ད་ངས་ཁྱོད་ལ་བཤད་རྒྱུའི་དུས་ལ་བབ་ཡོད། བང་ཆེན་ཡིན་ནམ་བོང་མཇེ་ཡིན་ན་འདི་ཚོ་དཀྲུགས་ཤིང་རྒྱབ་རྒྱུ་རགས་ན་ལྟད་མོ་ལྟ་མཁན་གྲས་རེད། ང་ཚོས་ལྷ་སའི་དུ་ངན་བོང་མཇེ་ནང་བརྩད་བཅད་ས་ཡོང་དགོས་བྱུང་ན་རྔོ་ལོ་ཕྱར་ཡོང༌། བོང་མཇེ་དང་དུ་ངན་གཉིས་བསམ་བློ་ཐོངས།

 
2009.03.26 14:46:24
མི་ལ་ཁ་རྡུང་དང་ཚིག་ངན་བེད་སྤྱོད་བྱེད་རྒྱུ་ལས། རྒྱུ་མཚན་དང་གནས་ལུགས་བགྲང་ནས་རྩོད་པ་བརྒྱབ་ན་ཡག་པོ་མི་འདུག་གམ། གནད་དོན་མང་པོ་ཞིག་གི་ཐོག་ནས་བཤད་ན་ད་ལྟའི་ཆར་མི་མང་པོ་ཞིག་གིས་གིས་ཚིག་ངན་རྐྱང་པ་ལ་བརྟེན་ནས་ཕ་རོལ་པོ་ལ་ཁ་རྡུང་གཏོང་གི་འདུག ལམ་ལུགས་འདི་ཡག་པོ་ཞིག་ཏུ་མཐོང་གི་མི་འདུག དེ་ལས་གནས་ལུགས་དང་རྒྱུ་མཚན་བགྲང་ནས་རྩོད་བརྒྱབ་ན་ཚང་མའི་སེམས་ནང་དུ་འཛུལ་ཐུབ།

 
2009.03.26 15:00:57
བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་སྙན་ངག་ནི། མི་གཞན་གྱིས་བཙུར་ནས་བཙན་བསྒྲིགས་བྱས་པའི་སྙན་ངག་དང་མི་འདྲ་བར་རང་བྱུང་གི་ལྷོད་ཆ་དང༌། དགའ་སྐྱོ་ཆགས་སྡང་གི་ཚོར་བ་མངོན་པར་གསལ་བ། ལྷག་པར་དུ་ཚིག་གི་སྒྱུ་རྩལ་གྱི་ཐོག་ནས་ཡིད་སེམས་འགུགས་ཐུབ་པ་སོགས་མི་གཞན་ལ་མེད་པའི་འབུར་ཐོན་གྱི་ཁྱད་ཆོས་མང་པོ་ཡོད།

 
2009.03.27 02:03:56
སྨོན་ལམ་མཐར་ཕྱིན་དང་བེ་རི་འཇིགས་མེད། ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་སོགས་དགུང་ལོ་གཞོན་ཞིང་ཤེས་ཡོན་ཅན་གྱི་གྲྭ་བ་ཁག་གཅིག་སྤྱི་འཐུས་ཀྱི་གྲས་སུ་བཞུགས་པ་དེ་ལ་ང་ཚོས་རེ་བ་ཆེན་པོ་བྱེད་བཞིན་ཡོད། ཁོང་རྣམ་པར་བཟའ་ཉོག་མི་སོས་པའི་དཀའ་ངལ་འདྲ་མེད་སྟབས་བོད་སྤྱི་དོན་དང་རྒྱལ་བ་རིན་པོ་ཆེའི་དགོང་གཞི་དང་མཐུན་པའི་ཕྱག་ལས་རེ་ལ་ཧུར་ཐག་འབད་ཐག་གནང་རྒྱུར་རེ་བའི་མིག་ཟུང་ཅེར་ནས་བསྡད་ཡོད། དེར་བརྟེན་བེ་རི་འཇིགས་མེད་ཁོངརྩོམ་འབྲི་བར་དགའ་མཁན་ཞིག་ཡིན་ན་ཡང་སྤྱི་འཐུས་གྲོས་ཚོགས་འཚོག་པའི་དུས་སུ་ཤོག་སྙུག་ཅིག་ལག་པས་ཕུར་ནས་སྡོད་སྡོད་པ་ཕྱི་ནང་གང་གི་མཐོང་སྣང་ལ་ཡག་པོ་ཞིག་མ་རེད།

 
2009.03.27 05:20:26
quest
བསངས་དུད་ཀྱིས། ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་དགུང་ལོ་གཞོན་ཞིང་ཤེས་ཡོན་ཅན་གྱི་གྲྭ་བ་རེད་ཟེར། ཧ། ཧ། ཧ། ལོ་གཞོན། ཤེས་ཡོན་ཅན། ཧ་ཧ་ཧ།

 
2009.03.27 17:50:50
ཨ་ཙརྱ་ཡ་འདི་ལ་ཆ་རྒྱུས་ཆེན་པོ་མེད་ཀྱང་འདི་པ་ཤེས་ཡོན་གྱི་ལག་ཁྱེར་མཐོན་པོ་ཐོགས་ཡོད་ཐོག་སྐད་རིགས་ལ་མཁས་པ་སོགས་ཡིན་སྟབས་ངས་དེ་ལྟར་བརྗོད་པ་ཡིན། ཁྱེད་ལ་ཆ་རྒྱུས་ཆེན་པོ་ཡོད་ན་གསལ་ཙམ་གསུངས་ན་ཅིས་མི་ཆོག

 
2009.03.27 13:52:21
quest
རྡོ་རིང་བཞེངས་ཟེར་བ་གོ་མ་མྱོང༌། དེ་ལས་རྡོ་རིང་བསླང་འཆར་རམ། ཡང་ན་རྡོ་རིང་སློང་འཆར་ཞེས་བརྗོད་དགོས་པ་མིན་འགྲོ། རྟེན་བཞེངས། རྡོ་རིང་སློང་། ཡང་ན་རྡོ་རིང་བཙུགས་ཞེས་ཟེར་སྲོལ་ཡོད། གལ་སྲིད་བཞེངས་ཟེར་ལབ་མཁན་ཞིག་ཡོད་ནའང༌། རྟའི་སྐྲ་དང་གཡག་གི་བལ་ཟེར་ལབ་མཁན་དེ་ཚོ་ཡིན་རྒྱུ་རེད། དེ་ཚོ་ལ་དཔེ་ལྟ་རྒྱུ་ཡོད་མ་རེད།

 
2009.03.27 17:47:25
མི་དགོས་ས་ལ་རྩོད་པ་བརྒྱབ་བསྡད་ནས་ཅི་བྱེད། རང་གཞན་ཚང་མ་ཞེ་ས་ལ་དགའ་མཁན་ཤ་སྟག་ཡིན་སྟབས་ཞེ་ས་སྦྱར་བའི་དབང་དུ་བཏང་བ་རེད། དེ་ལ་བསླངས་དང་བཞེངས་ལ་ཁྱད་པར་འདྲ་གང་ཡང་ཡོད་པ་མ་རེད། དོན་གྱི་སྟེང་ནས་ནོར་སོང་བ་གང་ཡང་ཡོད་པ་མ་རེད།

 
2009.03.27 18:09:57
གོང་དུ་ཨཅརྱཱ་ཡེ་ཤེས་ཕུན་ཚོགས་སྐོར་འབྲི་མཁན་ང་མིན་ཏེ། ཁོང་ལ་རྒྱུས་མངའ་གང་འཚམས་ཤིག་ཡོད་པས་དངོས་ཡོད་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་འདོད་བྱུང༌། ཁོང་ཝ་ཎ་མཐོ་སློབ་ནས་ཨཅརྱཱ་ཐོན་པ་རེད། ཤེས་ཚད་ཀྱི་ཐོག་ནས་བཤད་ན་ཡག་ཤོས་བོད་སྐད་ཀྱི་ཐོག་ནས་སྐད་ཆ་བཤད་རྒྱུ་དེ་རེད། བོད་སྐད་ཀྱི་ཐོག་ནས་སྐད་ཆ་བཤད་རྒྱུར་ཉམས་མྱོང་གང་འཚམས་ཡོད་སྟབས་ཡག་པོ་ཨོའུ་ཙི་ཡོད་པ་རེད། ནང་དོན་ག་འདྲ་ཞིག་ཡོད་ཀྱང་མེད་ཀྱང་རྫིག་པོ་ཞིག་བཤད་གི་རེད། དབྱིན་ཡིག་གི་ཐོག་ནས་གཏམ་བཤད་བྱེད་ཤེས་ཀྱི་མ་རེད། ཁ་སྐད་གོ་བརྡ་འཕྲོད་ཙམ་རེད། ཧིན་སྐད་ཅུང་ཙམ་ཡག་པོ་ཡོད་པའི་སྐད་ཆ་འདུག འབྲི་དགོས་དུས་བོད་ཡིག་ནི་དག་ཆ། སྡེབ་སྦྱོར། ཡིག་གཟུགས་གང་ཐད་ནས་ཧ་ཅང་ཧ་ཅང་གི་སྐྱོ་པོ་རེད། དེའི་ཐད་ནས་ངོ་ཚ་དགོས་པ་ཞིག་རེད། ཨིན་ཇི་དང་ཧིན་དི་ཡང་དེ་མཚུངས་བཞིན་བཤད་མ་དགོས་པ་རེད། དོན་དམ་པས་མཁས་པ་ཞིག་མ་རེད་ཅེས་བརྗོད་ནའང་ཆོག་པ་ཞིག་རེད། རིག་གནས་གང་ཐད་ནས་བཤད་ཀྱང་སྣ་གཅིག་རང་འགོ་ཐོན་པ་ཞིག་ཤེས་ཀྱི་མ་རེད། བོད་ཡིག་གི་ཐོག་ནས་སྙན་ཞུ་ཡག་པོ་ཞིག་འབྲི་མི་ཤེས་པ་དངོས་ཡོད་གནས་ཚུལ་རེད། ཡང་མཁས་པ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུ་རེད། ལག་ཁྱེར་མཐོན་པོ་ཡོད་པ་དང༌། ཚང་མ་ཅུང་ཙམ་ཅུང་ཙམ་རེ་ཤེས་ཀྱི་ཡོད་སྟབས་མཁས་པ་རེད་ཅེས་བརྗོད་ཆོག་པ་ཞིག་རེད་སྙམ། ལོ་ཆུང་ཆུང་མ་རེད། དྲུག་ཅུ་མ་ཟིན་ཙམ་ཡིན་གྱི་རེད།

 
2009.03.27 18:17:58
ཨོ་རེད། གྲོགས་པོ། ངས་ཨ་ཙརྱ་ཡས་གཏམ་བཤད་བྱས་པ་ཐེང་ཁ་ཤས་ཐོས་མྱོང་། ཧིན་སྐད་ཀྱི་སྟེང་ནས་གཏམ་བཤད་ཐོགས་པ་མེད་པ་ལྟ་བུར་མཐོང་བྱུང་། ཡིན་ན་ཡང་གང་ཞིག་ཤོད་ཀྱིན་ཡོད་མེད་སུས་ཤེས། ངས་ནི་ཧིན་སྐད་ཚིག་གཅིག་ཀྱང་མི་གོ།