བོད་ཀྱི་བང་ཆེན། ཟིན་བྲིས། berijigme ཀ་རྩོམ་ཞེན་ལོག་མ།

Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.03.27 18:50:10
berijigme

ཀ་རེ་ཀོ་རེ་དུས་ཚོད་སྐྱེལ་མཁས་མ།།

ཁ་ནས་གང་བྱུང་མང་བྱུང་བཤད་མཁས་མ།།

ག་ས་ག་ལ་ཕུ་དཀྲུགས་འདབས་དཀྲུགས་མ།།

ང་ནི་ཁྱོད་ལ་ཞེན་པ་གཏིང་ནས་ལོག།།


ཅ་ཅོ་དོན་མེད་བཤད་དུས་ཁ་མཁས་མ།།

ཆ་ལུགས་འདྲ་མིན་དགའ་བའི་ཨ་གསར་མ།།

ཇ་ཆང་ཨ་རག་འཐུང་པའི་ར་བཟི་མ།།

ཉ་རོ་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

 

ཏ་རེ་མི་ཆེ་མདུན་ལ་ནུར་འགྲོ་མ།།

ཐ་ཤལ་སྐྱོ་བོ་ཚོགས་པའི་གྲལ་མགོ་མ།།

ད་དུང་མི་ལ་འཕྱ་བའི་མཛུབ་ཀེར་མ།།

ན་ཆུང་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

 

པ་ལོ་སི་ལི་བྱེད་པའི་སྐྲ་རིང་མ།།

ཕ་མ་གཡུགས་ནས་འགྲོ་བའི་སྤྲང་འཁྱམས་མ།།

བ་ཕྱུགས་གླང་གོག་འདྲ་བའི་རྨོངས་རྒན་མ།།

མ་རབས་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

 

ཙ་ཀོ་ར་དང་འདྲ་བའི་སྐད་མཛེར་མ།།

ཚ་གེ་ཚི་གེ་འགྲོ་བའི་རྐུབ་ཀྱོགས་མ།།

ཛ་དྲག་འགག་ལ་ཐུག་དུས་གླེན་ལྐུགས་མ།།

ཝ་མོ་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

 

ཞ་ར་ལས་ཀྱང་སྐྱོ་བའི་མི་ཀྱོགས་མ།།

ཟ་འཐུང་གཉིད་གསུམ་དགའ་བའི་གོ་རྒན་མ།།

འ་རེ་འུ་རེ་བྱས་ནས་རྒྱུག་མཁན་མ།།

ཡ་མེད་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

 

 

ར་སྐད་ལུག་སྐད་ལྟ་བུའི་འབའ་དགའ་མ༎

ལ་ཐུང་ལུས་ལ་གོན་པའི་རྐུབ་ཀྱོགས་མ༎

ཤ་ཚ་སྙིང་རྗེ་མེད་པའི་གསོན་འདྲེ་མ༎

ས་རྫོད་ཁྱོད་ལ་ཞེན་པ་གཏིང་ནས་ལོག།

 

 

ཧ་དྲོ་ཧཱུཾ་གིས་འཁྱགས་པའི་མགོ་སྟོང་མ།།

ཨ་མའི་བཀའ་དྲིན་བརྗེད་པའི་ཁྲེལ་མེད་མ།།

ཧ་ཅང་ཐལ་ཆ་ཆེ་བའི་མོ་ཁྱོད་ལ།།

ཨ་རེ་ང་ནི་ཞེན་པ་གཏིང་ནས་ལོག།

ནོར་གླིང་ནས་དགེ་ཕྲུག་ཕོ་གསར་ཞིག་གིས་ཁ་པར་ནང་དཀའ་ངལ་མང་པོ་ཞིག་བཤད་བྱུང་བ་བརྗོད་གཞིར་བྱས་ནས་

༢༠༠༨།༡༠།༧ ཉིན་རྒྱུན་ལས་ཁང་དུ་བྲིས།།


  རང་དབང་ཐམས་ཅད་བདེ་བ་དང་།
 

ལྷ་སའི་བསང་དུད།
1999.11.29 18:30:00

ཚུལ་ཁྲིམས་ལགས། དེའི་སྐོར་ཁ་གསལ་ཞིག་གསུངས་རོགས་དང་། བེ་རིས་ཡང་ཀ་རྩོམ་སྒྲིག་མགོ་འདྲ་ཞིག་བཙུགས་པ་མ་གཏོགས་གནས་ཚུལ་ཁ་གསལ་འདྲ་གང་ཡང་མི་འདུག

 
 
quest
2009.06.02 15:47:37

ཧ་ཧ་ཧ། ཁ་ཡིས་དྲི་བ་གཏོང༌། སྣ་ཡིས་ལན་རྒྱག་བསང་དུད་ཀྱིས་དྲི་བ་གཏོང༌། གསེར་རྟ་གིས་ལན་རྒྱག ཧ་ཧ་ཧ། གྲ་རྐྱང་དང་ཕོ་གསར་འདྲ་ཡིན་ན་ཁག་མེད། ཡར་རྒྱུག་མར་རྒྱུག་བཟོས་བཟོས་ནས་སྤྱི་འཐུས་ཨེ་རགས་བལྟས། མདོ་སྟོད་མདོ་སྨད་དཀྲགས། གསེར་རྟ་ནང་ཁུལ་དཀྲུགས། ད་ཡང་དྲ་རྒྱ་ནང་ཕྲག་དོགས་འདྲ་བྱེད། དཀོན་མཆོག་གསུམ་མི་འདི་ཚོ་ལ་འདྲེ་འདྲ་ཞུགས་པཡིན་རྒྱུ་ཨེ་རེད། དོལ་རྒྱལ་འདྲ་ཞུགས་པ་ཡིན་རྒྱུ་ཨེ་རེད། དཀོན་མཆོག་གསུམ།

 
 
ལྷ་སའི་བསང་དུད།
1999.11.29 18:30:00

སྙན་ངག་མེ་ལོང་གི་མགོར། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་བརྗོད་བྱེད། །ཅེས་གསུངས་འདུག་ག གཟབ་གཟབ་གྱིས་མ་གཏོགས་རང་ཉིད་བ་ལང་གི་གྲས་སུ་ཚུད་ཀྱི་རེད་ད།

 
 
ལྷ་སའི་བསང་དུད།
1999.11.29 18:30:00

སྙན་ངག་མེ་ལོང་གི་མགོར། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་བརྗོད་བྱེད། །ཅེས་གསུངས་འདུག་ག གཟབ་གཟབ་གྱིས་མ་གཏོགས་རང་ཉིད་བ་ལང་གི་གྲས་སུ་ཚུད་ཀྱི་རེད་ད།

 
 
ལྷ་སའི་བསང་དུད།
1999.11.29 18:30:00

སྙན་ངག་མེ་ལོང་གི་མགོར། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་བརྗོད་བྱེད། །ཅེས་གསུངས་འདུག་ག གཟབ་གཟབ་གྱིས་མ་གཏོགས་རང་ཉིད་བ་ལང་གི་གྲས་སུ་ཚུད་ཀྱི་རེད་ད།

 
 
ལྷ་སའི་བསང་དུད།
1999.11.29 18:30:00

སྙན་ངག་མེ་ལོང་གི་མགོར། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་བརྗོད་བྱེད། །ཅེས་གསུངས་འདུག་ག གཟབ་གཟབ་གྱིས་མ་གཏོགས་རང་ཉིད་བ་ལང་གི་གྲས་སུ་ཚུད་ཀྱི་རེད་ད།

 
 
berijigme
2009.03.27 14:36:04

གྲོགས་པོ་ཚོ། དུས་ཚོད་ཡོད་ན་རྩོམ་རེ་གཉིས་འབྲི་རོགས་གྱིས། མང་ཚོགས་ཀྱིས་གོ་ཐུབ་པའི་ཕལ་རྩོམ་སྙན་ངག་རེ་འབྲི་རོགས་གྱིས། ད་དུང་རྩོམ་རིག་ལ་སྨོན་པའི་གསུང་བཤད་འདྲ་ཡོད་ན་འགོད་རོགས་གྱིས། ང་ཚོས་ནུས་པའི་བོད་ཀྱི་རིག་གཞུང་ཕན་ཐོགས་ཀྱི་ཆ་ཤས་གཅིག་འདི་རང་རེད། བཀའ་བློན་ཁྲི་པ་བོད་རྒྱ་ཆེ་མང་ཚོགས་ཀྱིས་གདམ་ཡོང་གི་རེད། དེ་སྔོན་ཡང་བོད་མིའི་ནང་ནས་མཁྱེན་འཇོན་གཉིས་པ་རྩེ་ཏོག་ཡིན་པའི་ཟམ་གདོང་རིན་པོ་ཆེ་མི་དམངས་ཚོས་བདམས་པ་རེད། དེ་དུས་དྲ་རྒྱ་ཐོག་ལམ་སྟོན་གནང་མཁན་ཡོད་པ་མ་རེད། སྐབས་དེར་གསར་ཤོག་ཁག་ཅིག་ཡོད་པ་རེད། དེ་ཚོ་ཕལ་ཆེ་བའི་ནང་དུ་བཀའ་ཁྲི་ས་དབང་ཆེན་པོ་ཉིད་འདེམས་དགོས་པའི་ལམ་སྟོན་མ་གཏོགས་ཟམ་གདོང་ཡོད་པ་མ་རེད། ཐུགས་ཡིད་མི་ཆེས་ན་ཚགས་ཤོག་རྙིང་པ་ཚོ་ཀློག་ན་ཤེས། ཡིན་ནའང་རྒྱ་ཆེ་མང་ཚོགས་ཀྱིས་གསར་ཤོག་ཁག་གི་ཁ་ལ་ཉན་ཡོད་པ་མ་རེད། བོད་མི་དམངས་འདི་ཚོ་མགོ་མཁྲེགས་པོ་འདུག་ག དྲ་རྒྱ་འདིའི་ནང་བཀའ་ཁྲི་འདེམས་མཁན་གྱི་མི་ཕལ་ཆེ་བ་ཞིག་ལ་ཉམས་མྱོང་དང་ནུས་པ་ག་ཚོད་འདུག དེ་ཡང་སྔོན་ལ་ཤེས་དགོས་པ་ཞིག་རེད། ཁ་ཅིག་གིས་དྲ་རྩེད་འདྲ་རྩེད། ལ་ལས་དྲ་འཛིངས་འདྲ་བགོ། གཞན་དག་ཁ་རྒྱག་པ་འདྲ་བཤད། ལ་ལས་གནད་ཡོད་མི་སྣ་འགའ་རེ་ལ་དགག་པ་འདྲ་བརྒྱབ། འདི་འདྲ་གནང་ནས་མང་ཚོགས་ལ་ལམ་སྟོན་ག་ཚོད་ཐུབ་མིན་མི་ཤེས་ཀྱང༌། དྲ་མཛོད་ནང་བོད་ཡིག་མང་དུ་འགྲོ་བས་དགོས་པ་མི་འདུག་ཅེས་བཤད་མི་ཕོད། མང་ཚོགས་ལ་ལམ་སྟོན་ནི་ཁག་པོ་རེད།
རང་གིས་འཇོན་པའི་ལས་ཀ་དེ༎
རང་གིས་སྒྲུབ་ན་རན་པ་ཡིན༎
སེངྒེ་ཞོན་པའི་རྨི་ལམ་ལས༎
བོང་བུའི་སྒང་དུ་འགྱིངས་ན་སྐྱིད༎



 
 
quest
2009.03.27 16:18:45

ང་དུས་བབ་ཚང་ནང་གཅིག་སོང་བ་ཡིན། ཁོང་ཚང་གི་ཟིན་བྲིས་ནང་འབུ་ཆེ་ཆུང་གཉིས་རྩོད་པ་ཞེ་དྲགས་བརྒྱབ་ཤག དངོས་གནས་སྙན་པོ་འདྲ་ཞིག་འདུག ཁོང་རྣམ་གཉིས་ཀྱི་སེམས་སུ་གང་བསམ་གྱི་ཡོད་མེད་ཅི་ཤེས་ཏེ། སྐད་ཡིག་ཡར་རྒྱས་འགྲོ་བ་ཏན་ཏན་ཕན་ཐོགས་ས་རེད།

 
 
berijigme
2009.03.27 15:47:36

དྲ་གྲོགས་ཚོ། གོང་གི་མཆན་དེ་ང་རངགིས་བསུབ་པ་ཡིན། ངས་མཆན་འགོད་ས་ནོར་འདུག་དྲན་བྱུང༌། ཡིན་ནའང་ཁྱད་མི་འདུག ཡང་བསྐྱར་འགོད་ཡིན། གོང་དུ་བསུབ་པ་དེ་ག་རང་དེ་ཡིན། སྔར་འགྱུར་བསྟན་པའི་སྲོག་ཤིང་གྲུབ་དབང་པད་ནོར་རིན་པོ་ཆེ་སྤྱི་ཟླ་3ཚེས་༢༧ཕྱི་དྲོའི་ཆུ་ཚོད་༣་༣༠སྟེང་སྦེང་ལོར་སྨན་ཁང་ཞིག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག ཡིད་སྐྱོ་བའི་གནས་ཚུལ་འདི་ནི་རྒྱལ་བསྟན་ཆབ་སྲིད་གཉིས་ཀར་བརྗོད་དུ་མེད་པའི་ཕམ་ཉེས་ཆེན་པོ་ཞིག་རེད། ད་ནང་ཁ་བརྡ་དྲ་ངོས་ནས་གོ་མི་འདོད་པའི་གཏམ་འདི་འདྲ་ཞིག་གོ་བྱུང་། འདི་བོད་སྤྱི་ཡི་བསྟན་སྲིད་དང༌། བྱེ་བྲག་སྔ་འགྱུར་རྙིང་མ་པའི་བསྟན་པ། ཡང་དགོས་དཔལ་ཡུལ་བྱེས་ཀྱི་གདན་ས་རྣམ་གྲོལ་གླིང་གི་བསྟན་པའི་གད་ཆགས་ཆེན་པོ་ཞིག་རེད།
དུས་སྙིགས་མའི་སེམས་ཅན་བསོད་ནམས་མེད༎
ལྷ་མཁའ་འགྲོ་ནམ་མཁའི་དབྱིངས་ནས་ཡལ༎
ཕ་བླ་མའི་དགོངས་པ་ཆོས་དབྱིངས་བསྟིམས།།
སྐྱབས་མགོན་མེད་བོད་འབངས་ཉམ་ཐག་རྣམས༎
དུས་ད་ནི་བྱིས་པ་ཐང་དཀྱིལ་རེད༎

 
 
quest
2009.06.26 18:50:11

དྲ་གྲོགས་བེ་རུ་འཇིགས་མེད་ལགས། ཁྱེད་ཀྱི་ཡང་བསྐྱར་མཆན་འདི་ནོར་འདུག། སྔ་འགྱུར་བསྟན་པ་ཡོངས་རྗོགས་ཀྱི་མངའ་བདག་༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་སྤྱི་ཟླ་༣་ཚེས་༢༧་ཕྱི་དྲོའི་ཆུ་ཚོད་༨་དང་སྐར་མ་༢༠་ཐོག་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་ས་གཉིས་པ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབས་དར་གླིང་དུ་དམ་པ་ཉིད་ཀྱི་གཟིམ་ཁང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་རེད་། སྐྱབས་རྗེ་རིན་པོ་ཆེ་བདུན་ཕྲག་གཅིག་རིང་གི་རིང་ཐུག་དམ་དུ་བཞུགས་པ་དང་་། དེ་ནས་རྣམ་གྲོལ་གླིང་དང་སེར་ར་བྱེས་སྨད་གཉིས་དེ་བཞིན་བཀའ་བརྒྱུད་དང་ས་བཅས་ཀྱི་དགེ་འདུན་པ་ཡོང་གིས་གདུང་མཇལ་དང་་གསོལ་འདེབས་སྨོན་ལམ་གནང་བ་དང་། དེ་བཞིན་བེལ་སྐོབ་བོད་མི་ཡོང་རྫོགས་ཀྱིས་ཕྱག་དང་མཆོད་འབུལ་སོགས་གང་རྒྱས་བྱས་ཡོད་། གཞན་ཡང་སྐུ་གདུང་ལ་འཇའ་གུར་ཕུབ་པ་སོགས་དད་ལྡན་སེར་སྐྱ་མི་མང་གིས་མངོན་སུམ་མིག་གི་ཡུལ་དུ་གྱུར་པའོ།

 
 
berijigme
2009.03.27 16:12:44

ཀ་ར་བུ་རམ་འདྲ་བའི་ཁ་མངར་མ༎
ཁ་དར་གོས་ཆེན་ལྟ་བུའི་ལུས་འཇམ་མ༎
ག་བར་ཕེབས་ཀྱང་ཡིན་ལུགས་ཚུལ་མཐུན་མ༎
ང་ཡི་སེམས་པ་འཕྲོག་པའི་ཡིད་འོང་མ།
གྲོགས་པོ་ཚོ། ཅ་ནས་མགོ་བཙུགས་ཏེ་འབྲི་རོགས་གྱིས།

 
 
quest
2009.03.27 16:29:12

ཅ་དང་ཙ་གཉིས་ནོར་བའི་ཤེས་རྨོངས་མ༎
ཆ་ལུགས་འདྲ་མིན་གོན་པའི་དེང་རབས་མ།།
ཇ་དང་རྩམ་པ་མཐོང་ན་སྡུག་མུག་མ༎
ཉ་དང་སྡིག་སྲིན་མཐོང་ན་ནམ་ལངས་མ༎

 
 
quest
2009.03.27 16:46:08

ཏ་དང་ཁྱད་པར་མི་ཤེས་མ༎
ཐ་གྲུ་གང་སར་འགྲིམས་པའི་འཁྱམས་ཉུལ་མ༎
ད་ལྟའི་དགའ་རོགས་མ་འོངས་དགྲ་འཛིན་མ༎
ན་རེ་ནེ་རེ་མི་ཚེ་བརླག་མཁན་མ༎

 
 
quest
2009.03.27 16:56:46

པ་ཕ་ཁྱོ་ག་བསྟེན་པའི་རྩ་སྒྱེ་མ༎
ཕ་མེད་ཕྲུ་གུ་ཁུར་བའི་ཀླད་མེད་མ༎
བ་སྤུ་བཙན་གྱིས་བཞར་བའི་འཇམ་ནུད་མ༎
མ་སྲིང་ཐམས་ཅང་རང་གི་དགྲ་འཛིན་མ༎

 
 
quest
2009.03.27 17:20:17

ཞ་མོ་གྱོན་དུས་དབུ་སྐྲ་འཛིངས་དོགས་མ༎
ཟ་མ་ཟ་དུས་མཆུ་རྩི་ཡལ་དོགས་མ༎
འ་ལ་གསོ་དུས་རྐུབ་ཐལ་འགོས་དོགས་མ༎
ཡ་ཡོར་བྱེད་དུས་ལྷམ་རྟིང་གོག་དོགས་མ༎
ངའི་ས་མིག་བཀང་ཡོད་དོ།

 
 
དར་རྒྱས།
2009.03.27 17:27:54

ར་མ་རྒས་མོའི་གཟུགས་ཀྱི་མཛེས་མདོག་མ།
ལ་ལུང་གང་སར་འཁྱམས་པའི་སྨད་ཚོང་མ།་
ཤ་ཚའི་རྫུན་ཚིག་སྨྲ་མཁས་གར་མཁན་མ།
ས་ཆ་གང་དུ་གནས་ཀྱང་བོད་མིའི་རྐང་འདྲེན་མ།

 
 
ལྷ་སའི་བསང་དུད།
2009.03.27 17:42:00

དྲྭ་གྲོགས་འདི་ཚོས་ཉི་མ་མི་འཁྱོལ་ནས་དཀའ་ངལ་ཆེ་བ་འདྲ། སློབ་ཆུང་གི་སློབ་མ་གསར་བུ་བ་རེ་བཞིན་ཀ་རྩོམ་འདྲ་རེ་ཨེ་འགྲིགས་བལྟས་ནས་བསྡད་འདུག དྲྭ་གྲོགས་ཚོ། ཁྱེད་རང་ཚོ་བེར་འཇིགས་ཀྱི་ཁ་ལ་བརྒྱུགས་ནས་དྲྭ་ཁང་ནང་དུ་ཀ་རྩོམ་བསྒྲིགས་བསྡད་ན་ནི་དུས་ཚོད་སྟོང་གྲོན་རེད་ད། བེར་འཇིགས་གྲྭ་བ་གྲྭ་བ་གྲྭ་རྐྱང་། དགེ་བཤེས་དགེ་རྐྱང་། སྤྱི་འཐུས་སྤྱི་རྐྱང་ཡིན་སྟབས་རྒྱུན་ལས་ཁང་དུ་ཉི་མ་མི་འཁྱོལ་དུས་རྡོ་རྗེ་ལག་པས་འཕུར་ཞོར་དུ་ཀ་རྩོམ་འདྲ་བྲིས་ནས་མི་འདུག་རང་འདུག་རེད། ང་ཚོ་ནི་ཁོང་དང་ཨེ་འདྲ། ཀུ་རེ་ཡིན།

 
 
དར་རྒྱས།
2009.03.27 17:50:41

མི་ངན་ངན་པ་ལངས་ཤོར་འདི་ག་དུས་ཡིན་ཀྱང་སྣ་མང་ཤེས་བྱས་ཕྱུག་པའི་དགེ་བཤེས་དང་།་དགེ་འདུན་པ་དག་་་་་ད་དུང་ལྷག་བསམ་དང་མཁྱེན་རླབས་མཚུངས་མེད་དྲ་གྲོགས་ཚོར་དོན་མེད་འདུག་སྨྲོས་བྱེད་དོན་ཅི།་་་་ཁྱེ་ད་ཀྱིས་འཇོན་གྱི་ཡོད་ན་ཀ་བཤད་ཆ་ཚང་ཞིག་འདིར་བཀོད་དང་་དེ་མིན་སོ་སོས་འཇོན་རྒྱུ་གང་ཡང་མེད་པར་མི་ལ་ངན་ལབ་བྱེད་པ་ནི་གླེན་རྟགས་རེད།་་

 
 
ལྷ་སའི་བསང་དུད།
2009.03.27 17:56:36

ངས་གོང་དུ་ལབ་ཡོད། བེར་འཇིགས་ཀྱི་ཁ་ལ་མ་རྒྱུག ཀ་རྩོམ་ཨེ་འགྲིགས་བལྟས་ནས་མ་འདུག ཀ་རྩོམ་ཨེ་འགྲིགས་མི་འགྲིགས་ལྟ་བ་སློབ་མ་གསར་བུ་བ་ཚོའི་ལས་ཀ་ཞིག་རེད། འདི་དྲྭ་བའི་བརྒུད་ལམ་ནས་བགྲོ་གླེང་གི་ལམ་བུ་ཞིག་མ་རེད། འདི་ཤེས་ཡོན་ཡོད་མཁན་ཞིག་ལ་ཚད་དམའ་དྲགས་པའི་ལས་ཀ་ཞིག་དང་། ཤེས་ཡོན་མེད་མཁན་ཞིག་ལ་ཚད་མཐོ་དྲགས་པའི་ལས་ཀ་ཞིག་ཡིན་སྟབས་དོན་མེད་རེད་ཟེར་དོན་དེ་ཡིན། ངས་ལས་ཀ་དེ་ལྟ་བུས་འགྲིགས་ཀྱིན་མི་འདུག་བརྗོད་པ་མ་གཏོགས་དགེ་བཤེས་ཀྱིས་དགེ་བའི་ལས་རེ་བསྒྲུབས་ན་གཟེངས་བསྟོད་མེད་ཀྱང་དགག་པ་ག་ལ་རྒྱག

 
 
དར་རྒྱས།
2009.03.27 18:01:54

དྲ་ཚིག་འདིར་འཛཱུལ་བར་ཆ་རྐྱེན་དགོས་པ་འདི་རེད་པས།་ཡང་ན་ཡོན་ཏན་དརང་ལྡན་པ།་ཡང་ན་ཤེས་ཡོན་མེད་མཁན་ཞིག་ལས་མཐའ་གཉིས་སུ་མ་ལྷུང་བའི་དྲ་གྲོགས་འདི་ན་མེད་པ་རེད་དམ།་འཛུལ་མི་ཆོག་པ་རེད།་ག་འདྲ་རེད།་་་ཤེས་ཡོན་ཡོད་མཁན་ཞིག་གིས་ཀ་བཤད་ཀྱི་ཐོག་ནས་བླང་དོར་གྱོ་བསླབ་བྱ་འབྲི་མི་ཆོག་གམ།

 
 
ལྷ་སའི་བསང་དུད།
2009.03.27 18:07:43

ཁྱོད་ཚོས་དེ་རིང་ཞོགས་པ་ནས་ཁ་ན་ན་དང་ལག་པ་འདར་འདར་གྱིས་བསྒྲིགས་བསྡད་པའི་ཀ་རྩོམ་དེར་གཅིག་ལྟོས་དང་། ཡ་རབ་ཀྱི་བསླབ་བྱ་དང་བླངས་དོར་གྱི་བཀའ་སློབ་ཟེར་བ་དེ་འདི་འདྲ་ཞིག་རེད་དམ། བེར་འཇིགས་ཀྱི་མགོ་ཁྲིད་དེ་ཕུན་ཚོགས་དང་རང་གྲོལ་ཟེར་བ་འདི་ཚོས་བྲིས་ཡོད་པ་དེར་གཅིག་ལྟོས་དང་། འདི་ལྟ་བུས་དྲྭ་གྲོགས་གཞན་པ་ཚོར་ག་ཚོད་གནོད་ཡོད་མིན་མི་ཤེས་ཏེ་སྤེལ་མཁན་རང་ཉིད་ཀྱི་ནང་གི་དེ་ཉིད་ཕྱིར་བསྟན་འདུག

 
 
quest
2009.03.27 18:17:42

དྲ་གྲོགས་ཚོ། སྨྱོན་པ་ཁ་མ་རྩེ། ཁ་ཁར་ཞོགས། འདི་གྲས་དེ་ཁ་རྩེས་ནས་ཕན་ཐོགས་གང་ཡང་མེད། ཁྭ་ཏའི་ཁ་ནས་མུ་ཏིག་མི་དོན། ཁ་མ་སློག དེ་བས་གསར་འགྱུར་འདོད་ན་བང་ཆེན་ཀློགས། རྩོམ་རིག་འདོད་ན་བེ་རིའི་ཟིན་བྲིས་ཀློགས། ད་དུང་དུས་ཚོད་ཡོད་ན་ཀ་རྩོམ་འདྲ་བྲིས་དང༌། དྲ་གྲོགས་ཚོ་ཐུགས་སྣང་སྐྱིད་པོ་དང་ཐུགས་སྤྲོ་བོ་ཡོང་གི་རེད།
ཁྱི་ངན་རྡུང་ན་སྐད་ངན་འབྱིན༎མི་ངན་རྡུང་ན་རྟུག་དྲི་ཁ༎ ཧ་ཧ། རྩེད་མོ་ཡིན

 
 
ལྷ་སའི་བསང་དུད།
2009.03.27 18:24:50

ཕུན་ཚོགས་ཁྱོད་དང་རང་གྲོལ་སོགས་ཀྱིས་རྐེད་རགས་ཀྱི་སོར་གསུམ་འོག་གི་སྤུན་ཟླ་ཆུང་ཆུང་དེ་སྣང་པ་སྤྲོ་ནས་སྡོད་མ་ཚུགས་པར་ཁ་བཙོག་གི་ཀ་རྩོམ་བྲིས་བསྡད་པ་ཡིན་རྒྱུ་རེད། དེ་མིན་སྣང་བ་སྤྲོ་བོ་བྱེད་སྟངས་འདི་འདྲ་མཐོང་མ་མྱོང་།

 
 
quest
2009.03.27 17:43:26

ཧ་སྒྲ་ཧིག་སྒྲ་སྙན་པོས་རྒྱོ་སྐྱེན་མ༎
ཨ་ལོག་རྒྱག་གན་རྒྱག་གན་མཇེ་འཇིབ་མ༎
ཧ་ལམ་མཚན་ཕྱེད་བར་དུ་འཁྲིག་དགའ་མ༎
ཨ་ཕོ་གཅིག་གཡུག་གཉིས་གཡུག་གསུམ་གཡུག་མ།

 
 
quest
2009.06.27 05:39:51

ཧ་ཅང་བུ་མང་འགྲོགས་པའི་གཞང་བཙོང་མ༎
ཨ་མའི་དྲིན་ལན་བརྗེད་པའི་ཀླད་མེད་མ༎
ཧ་ཅང་ལ་ཞེན་མེད་པའི་ལྟས་ངན་མ༎
ཨ་མའི་བུ་མོ་ཡིན་ན་ཡར་ལོང་ཤོག
ཀཱ་ལི་སུམ་ཅུའི་བསྟོད་པ་ཆོ་མེད་འདི༎
ལས་ཀ་མེད་པའི་ཕོ་སར་ཆོ་མེད་འགས༎
དུས་ཚོད་མ་འཁྱོལ་སྲང་ལམ་ཆོ་མེད་འདིར༎
གཉིད་མ་སད་ཀྱི་སྐད་ཆ་ཆོ་མེད་ལུད༎
བུ་མོ་རྣམས་དགོངས་པ་གཏད་ནས་མ་ཚོམ་རོགས།


 
 
quest
2009.03.27 17:50:40

ཙ་གིཙི་གི་ཉོ་དུས་སྤྱང་མདོག་མ༎
ཚ་གི་ཚི་གི་འགྲོ་དུས་མཛེས་མདོག་མ༎
ཛ་རེ་ཛོ་རེ་ཆགས་དུས་ཉོབ་མདོག་མ༎
ཝ་ལེ་ཝེ་ལེ་རང་མཚང་ངོམས་མཁན་མ༎

 
 
berijigme
2009.03.27 16:19:06

ཡང་ན།
ཀ་དག་དབྱིངས་ནས་བྱོན་པའི་སྤྲུལ་སྐུ༎
ཁ་བའི་ལྗོངས་ཀྱི་པདྨ་ནོར་བུ༎
ག་དུས་ཡིན་ན་ཐུགས་རྗེ་སྤྱན་གྱིས༎
ང་ཅག་འགྲོ་ལ་གཟིགས་པ་མ་ཆུང༌༎ (མུ་མཐུད་རོགས་གྱིས།)

 
 
quest
2009.03.27 16:49:39

ཅ་ཅོ་བྲལ་བའི་ལེགས་བཤད་གཏམ་གྱི༎
ཆ་ཤས་རེ་ཡང་སྲིད་གསུམ་ཁྱོན་འདིར༎
ཇ་བཟང་ཁུ་བས་ལུས་ཟུངས་འཕེལ་ལྟར༎
ཉ་འབུ་ཡན་ལ་བདེ་བའི་དཔལ་སྟེར༎

 
 
quest
2009.03.27 17:22:22

པ་བ་སངས་ལྟར་དཀར་བའི་ལྷག་བསམ༎
ཕ་རོལ་འགྲོ་ལ་བརྩེ་བའི་སྙིང་རྗེ༎
བ་ཕྱུགས་ཡན་ལ་བྱམས་པའི་སེམས་བསྐྱེད༎
མ་ལུས་སེམས་ཅན་ཀུན་གྱི་མགོན་གཅིག།
ངའི་ས་མིག་བཀང་ཡོད་དོ། ད་ལས་ཀ་ལ་འགྲོ་རན་སོང༌།

 
 
quest
2009.06.30 20:22:26

ཅ་ཅོ་མ་བསྒྲོགས་གསོལ་བ་ཐོབ་དང་།
ཆ་རྒྱུས་ཡོད་ན་སངས་རྒྱས་དངོས་ཡིན།
ཇ་དང་སྐུ་འགྱེད་ཡོད་ན་ཕུལ་དང་།
ཉ་སྦྲུལ་སོགས་ཀྱི་སྐྱེ་བ་མི་ལེན།

 
 
quest
2009.03.27 16:48:15

ངོ་མ་བློ་འཕམས་ཡོད།་འོན་ཀྱང་ལྡོགས་ཐབས་མ་མཆིས།་་་་དེ་ནི་འདུལ་བྱ་རྣམས་ལ་གྱོང་གུན་ཆེ།་འོན་ཀྱང་དམ་པ་ཁོང་ཉིད་བསྟན་སྲིད་མ་ི་རིགས་ཀྱི་མགོན་དུ་སླར་ཡང་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་སྨོན་འདུན་ཞུ།

 
 
གསེར་རྟ་ཚུལ་ཁྲི
2009.03.27 17:36:22

དགེ་བཤེས་བེ་རི་འཇིགས་མེད་ལགས་ཀྱིས་གསུངས་པའི་གནས་ཚུལ་མི་སྙན་པ་དེ་བདེན་པ་རེད། འོན་ཀྱང་དེའི་ནང་དུ་ནོར་བ་ཁ་ཤས་ཤིག་འདུག མི་གཞན་ཞིག་གིས་དེའི་སྐོར་བྲིས་འདུག་པས། ངས་བསྐྱར་བཤད་བྱེད་དགོས་དོན་མི་འདུག གཤེགས་ཡུལ་དང་གཤེགས་པའི་དུས་ཚོད་ནོར་འདུག ད་ལྟའི་ཆར་ཐུགས་དམ་དུ་བཞུགས་འདུག་ཅེས་འབྲེལ་ཡོད་ཅིག་གིས་བརྗོད་སོང༌།

 
 
ལྷ་སའི་བསང་དུད།
2009.03.27 17:44:31

ཚུལ་ཁྲིམས་ལགས། དེའི་སྐོར་ཁ་གསལ་ཞིག་གསུངས་རོགས་དང་། བེ་རིས་ཡང་ཀ་རྩོམ་སྒྲིག་མགོ་འདྲ་ཞིག་བཙུགས་པ་མ་གཏོགས་གནས་ཚུལ་ཁ་གསལ་འདྲ་གང་ཡང་མི་འདུག

 
 
དར་རྒྱས།
2009.03.27 17:39:41

ྒགསེར་རྟ་ལགས་ཀྱི་གསུངས་པ་ཧ་ཅང་བདེན།་བེ་རིས་དགེ་བཤེས་ཀྱི་དངོས་གནས་བསམ་བཏང་དྲན་བསྐྱེད་ཀྱིས་ཕྱག་ལས་གནང་གལ་ཆེ།

 
 
quest
2009.03.27 18:13:46

ཁྱོད་རང་ཚོས་བེར་འཇིགས་ལ་གཅིག་བཤད་མ་སྡོད། ཕདྨ་ནོར་བུ་གཤེགས་དུས་བེར་འཇིགས་ནོར་ཡོད་ན། ཕ་ཡུལ་དྲ་རྒྱ་སོགས་བརྒྱུད་ལམ་མང་པོ་ཞིག་ནོར་འདུག འོན་ཀྱང་ཨ་ལེར་དཔྱད་ལོང་མེད་པ་དེ་འདྲ་ག་རེ་རེད།

 
 
quest
2009.03.27 18:04:56

ཙཀྲ་གསུམ་གྱི་འཁོར་ལོའི་རྣམ་བཞག།
ཚ་བའི་ཡུལ་དུ་སྤེལ་བའི་འཕྲིན་ལས༎
ཛ་ཡ་དངོས་དང་མཛད་པ་མཉམ་ཚུལ།།
ཝ་ལེར་དྲན་པའི་སྐུལ་འདེད་བྱུང༌༎
བེ་རི་འཇིགས་མེད་ཀྱིས།

 
 
ལྷ་སའི་བསང་དུད།
2009.03.27 18:12:44

ཙཀྲ་གསུམ་གྱི་འཁོར་ལོའི་རྣམ་བཞག ། ཟེར་བའི་དོན་ག་རེ་རེད་དམ། ཙཀྲ་ཟེར་བ་འཁོར་ལོ་དང་གཅིག་པ་མ་རེད་དམ། དེ་བོད་སྐད་ཀྱིས་བརྗོད་ན་འཁོར་ལོ་གསུམ་གྱི་འཁོར་ལོའི་རྣམ་བཞག་ཟེར་བ་ལྟ་བུ་བསྐྱར་ཟློས་ཤིག་ལས་གོ་རྒྱུ་མེད་པ་ཆགས་འདུག དེ་ལས།
ཙཱ་རིའི་བྱང་ཕྱོགས་བོད་ཀྱི་ཡུལ་ནས། །
ཚ་བའི་ཡུལ་གྲུ་རྒྱ་གར་བར་དུ། །
ཛ་ཡའི་བསྟན་པ་གོང་དུ་སྤེལ་བ། །
ཝ་ལེར་སྙིང་གི་གཏིང་ནས་དྲན་བྱུང་། །
ཞེས་པ་ཞིག་བརྗོད་ན་མི་ལེགས་སམ།

 
 
quest
2009.03.27 18:25:14

བསངས་དུས་ལགས། ཁྱོད་རང་ལྷག་བསམ་ཅན་ཞིག་རེད་འདུག མིའི་ནོར་འཁྲུལ་ཡོ་བསྲང་ཐུབ་ཐབས་བྱེད་འདུག་ འོན་ཀྱང་ཁྱོད་ཀྱི་སྙན་ངག་བྲི་མི་ཤེས་པར་བསམ་བཞིན་ཡོད་མོད། ད་རེད་སྙན་ངག་ཡག་པོ་ཞིག་བྲིས་བྱུང༌། དགའ་པོ་བྱུང༌། ཚིགས་བཅད་ཁ་རྐང་པ་མ་ཉམས་པ་་བྲི་མི་ཐུབ་མཁན་དེ་ཚོས་ཁྱོད་ལ་དམའ་འབེབས་བྱེད་པ་ངོ་གནོངས་དགོས་པ་བཟོས་སོང༌།་ ཕོ་ཁྱོ་ག་ཡིན།

 
 
ལྷ་སའི་བསང་དུད།
2009.03.27 18:34:06

བེར་འཇིགས་ཀྱི་ཚིག་བཅད་དེའི་རྐང་པ་ཐོག་མ་གསུམ་ལ་ཚིག་བརྒྱད་བརྒྱད་ཡོད་ཀྱང་རྐང་པ་ཐ་མ་དེ་ལ་བདུན་མ་གཏོགས་མི་འདུག རྐང་པ་ཞ་བོ་ཆགས་འདུག སྙན་ངག་མེ་ལོང་གི་མཇུག་ཏུ་སྙན་ངག་གི་སྐྱོན་སེལ་བཤད་སྐབས་སུ་སྡེབ་སྦྱོར་ཉམས་པའི་སྐྱོན་ཞེས་པ་ཞིག་འདུག་ག དེའི་ཐད་ལ་བོད་མཁས་པའི་འགྲེལ་བ་ལས། ཟིན་མེད་འདིར་སྣང་འཁྲུལ་པའི་བྱ་བྱེད་མང་། །རྒྱ་མཚོ་ཆུ་ཡི་གཉེར་མ་ལྟ་བུར། །འཛད་མེད་ཉིན་རེ་བཞིན་དུ་རྣམ་འཕེལ་ལ། །བཏང་ནས་ཞི་བའི་ནགས་འགྲོ་དེ་འདྲ་བསྔགས་འོས། །ཞེས་པ་ལྟ་བུ་ཞིག་བཀོད་ཡོད་པས་བེར་འཇིགས་ཀྱི་ཚིགས་བཅད་དེ་ལ་ཡང་སྐྱོན་དེ་ལྡོག་མེད་དུ་བབ་འདུག

 
 
quest
2009.03.27 18:44:59

བསངས་དུད་ཁྱོད་ལ་གཅིག་བཤད་ཡ་ཡོད། བེར་འཇིགས་ལ་སྙན་ངག་བྲི་བར་ཟུར་ཟ་བྱེད་མི་ཉེན། ངས་བཤད་པ་དེ་བེར་འཇིགས་མ་རེད། ཁོང་གི་རྐང་པ་མ་གང་ན་ཚ་གེ་ཚིག གེ་བྱས་ནས་ཆད་ལྷག་ཤོར་བ་ལས་དོན་གདེང་མ་ནོར་ག྄ི་མ་རེད། ངས་ལབ་པ་དེ་ཟུར་དེ་བར་འགའ་ཤས་འདུག་པ་དེ་ཚོ་རེད།
སྤྱིར་སྙན་ངག་འདི་ཡང་མིའི་དགོས་མཁོ་དང༌། ང་ཚོ་བོད་ལ་མཚོན་ན་རིག་གཞུང་གལ་ཆེན་ཞིག་ཆགས་ཡོད། འདིས་མིའི་བསམ་བློ་ཕྱུག་པོ་གཏོང་ཐུབ། འཛམ་གླིང་ག་བར་སོང་ནའང༌། སྙན་ངག་མཁས་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་རེད། སྙན་ངག་མཁན་སྐད་གྲགས་ཆེན་པོ་མང་པོ་ཡོད་རེད། ཨ་རིའི་སྲིད་འཛིན་ཨོ་བག་མ་ཁྲི་སྟོན་ཉིན་ཡང་སྙན་ངག་མཁས་པ་ཆེད་དུ་གདན་འདྲེན་ཞུས་པ་རེད། མི་རེ་རེ་ལ་སེམས་ཁམས་མོས་པ་རེ་ཡོད་རེད། སྙན་ངག་ལ་དབྱིངས་ཞུགས་པ་གཅིག་ལ་ཨུ་ཚུགས་ཀྱིས་ཆབ་སྲིད་གྱིས་ཞེས་ལབ་རྒྱུ་ཡོད་མ་རེད། དེང་སང་ནུབ་པྱོགས་ལ་ལམ་སྲོལ་འདི་འདྲ་ཞིག་དར་ཡོད་རེད། ཕ་མས་ཕྲུ་གུར་ཤེས་ཡོན་སྤྲོད་སྐབས་ཕྲུ་གུ་རང་ཉིད་གང་ལ་དོ་དབྱིངས་ཡོད་པ་དེར་བྱེད་བཅུག་དགོས་པ་ལས། པྲུ་གུའི་སེལས་ཁམས་ལ་བརྩི་མེད་ཀྱིས་ཕ་མས་སློབ་ཚན་བདམས་པ་ཡིན་ན། པྲུ་གུ་དེ་གང་ལའང་ལྟ་སོ་མེད་པ་ཆགས་རྒྱུ་ཡིན་པར་ཡིད་ཆེས་བྱེད་་ཀྱི་ཡོད་རེད། དེ་དང་འདྲ་པོ་རེད། དེ་ཚོ་སེམས་ཁམས་རིག་པ་བ་དང༌། སློབ་ཚན་གདམ་གསེས་བྱེད་མཁན་ཆེད་ལས་པ་དེ་ཚོས་བརྟག་དཔྱད་ཡུན་རིང་བྱས་པའི་ཉམས་མྱོང་རེད། གོ་ཨེ་ཐལ།

 
 
quest
2009.03.27 18:45:58

དཔལ་ལྡན་ས་སྐྱ་དང་རི་བོ་དགེ་ལྡན་པའི་མགོན་པོ་ཞལ་བཞི་པའི་བསྐང་བསོ་ནང༌། ཨེ་ཀ་ཛཱ་ཏྲི་རལ་གཅིག་མ༎ ཞེས་ཡང་ཡང་འབྱུང་གི་ཡོད། ཨེ་ཀ་ནི་གཅིག་གི་དོན་ཡིན། ཛཱ་ཏྲི་ནི་རལ་པའི་དོན་ཡིན། དེས་ན་ཨེ་ཀ་ཛཱ་ཏྲི་དང༌། རལ་གཅིག་ཟེར་གཉིས་ཀ་གོ་ས་གཅིག་མ་གཏོགས་མེད། ཡང་བོད་ཀྱི་རྩོམ་ཡིག་མང་པོའི་དུག་ཧ་ལ་ཞེས་ཟེར་སྲོལ་ཡོད། དུག་ནི་བོད་སྐད་ཡིན། ཧ་ལ་ནི་ལེགས་སྦྱར་གྱི་སྐད་ཡིན། དོན་ལ་གཅིག་མ་གཏོགས་མེད། དེ་བཞིན་ཀརྨ་འཕྲིན་ལས་ཟེར་བའི་མིང་ཅན་བོད་ལ་ཉུང་ཉུང་མིན། ཀརྨ་ནི་འཕྲིན་ལས་ཀྱི་དོན་ཡིན། འདི་ཚོ་ཨེ་ཤེས་། ཤིག་ཐོག་སྟ་རེ་འཕྱར་མྱོང་མེད་ཀྱང་དེ་རིང་གཅིག་འཕྱར་ཤོར་སོང་། དགོངས་དག། བསངས་དུད་ཟེར་བ་དེ་ཚིགས་བཅད་རེ་གཉིས་འབྲི་ཤེས་མཁན་ཞིག་རེད་འདུག ད་དུང་ཆོས་ཚིག་འདྲ་ཡང་ཁ་ཤས་ཤེརས་པ་འདྲ། ཕལ་ཆེར་གྲྭ་ལོག་ཅིག་ཡིན་ལོས་ཆེ། ག་རེ་ཡིན་ན་ཁྱད་མི་འདུག མི་ལ་ལྗིད་ཁོག་ག་ཚོད་ཡོད་མེད་ལ་མ་ལྟོས་པར་རྩོམ་ཨམ་ཙེ་ཤེས་མཁན་ཞིག་རེད་འདུག དེ་གས་འགྲིགས་སོང༌། ད་ཁྱོད་ག་རེ་ལབ་སྙིང་དྲི་སྙིང་དྲོ་ནའང་ལབ་རོགས་གྱིས། གོང་གི་འགྲེལ་བཤད་དེ་དྲ་གྲོགས་ཚོའི་ཆེད་དུ་ཡིན།

 
 
quest
2009.03.27 19:13:38

ཨེ་ཀ་ཛཱ་ཏྲི་རལ་གཅིག་མ་འདི་ས་དགེ་གཉིས་ཀྱི་སྲུང་མ་ཇི་ལྟར་གྱུར་པ་ཡིན་ནམ། འདི་ངོ་མ་བཤད་ན་རྙིང་མའི་རྒྱུད་འབུམ་ནང་བྱུང་བའི་ལྷ་མོ་ཞིག་རེད་འདུག གྲུབ་སྨྱོན་དེ་ཚོའི་རྟོགས་པའི་ཡོན་ལ་བརྟེན་ནས་གསུང་ངག་ལ་ཕན་ཡོན་འདྲ་ཡོད་ན་མ་གཏོགས་ཁོང་རྣམ་པའི་རྩོམ་ལ་དཔེ་བལྟས་ན་བོད་ཀྱི་བརྡ་སྤྲོད་པ་འདི་འགྱུར་བ་གཏོང་དགོས་ཁེལ་གྱི་རེད། ད་དུང་ར་བཟི་ནས་མཛེས་མ་ལ་སེམས་འཁྲུགས་སྐབས་མཁའ་འགྲོ་བརྡ་ཡིག་ཟེར་བ་ཁེ་མཚར་དེ་འདྲ་བྲི་ཡོང་གི་རེད། དེ་ཚོ་ཀློག་ཤེས་མཁན་སུ་ཡོད།

 
 
berijigme
2009.03.27 20:37:55

སྲིན་པོ་ངྷ་ཤ་གྷི་བས་འཆི་བ་བརྩམས་པ་ན་སྲིང་མོ་ན་ལ་རྩེས་ཅི་ཉེས་དྲིས་པར། ལྷ་མོ་དུང་སྐྱོང་མ་ཆོ་འབྲང་དུ་འདོད་པར་བཤད། སྲིང་མོས་དེའི་ཆེད་དུ་རང་གི་བུ་མོ་རེ་མ་ཏི་ཁོལ་མོར་ཕུལ་བ་ལྟར་ལྷ་མོ་དུང་སྐྱོང་མས་བཞེས། རྗེ་ཁོལ་ཕན་ཚུན་ཤིན་ཏུ་གཤིན་པས་ཕན་ཚུན་ཅི་འདོད་པ་ཀུན་སྒྲུབ་པའི་མནར་བོར། དེའི་ཚེ་ལང་ཀ་པུ་རིར་སྤྲེའུའི་རྒྱལ་པོ་བྷ་ལེན་དང༌། མགྲིན་བཟང་གཉིས་རྒྱལ་སར་རྩོད་དེ་དམག་བྱེད་པར་ནམ་མཁའི་ལྷ་ཐམས་ཅད་ལྟད་མོར་ཆས་པའི་ཤུལ་དུ། སྲིན་པོ་དྷ་ཤ་གྷི་བས་གཟུགས་བཟང་ཞིང་མཛེས་པའི་མིར་སྤྲུལ་ཏེ་ལྷ་ཡུལ་དུ་བསྙེགས། གླུ་དང་རོལ་མོའི་འགྱུར་ཁུག་སྙན་པར་སྒྲོག་པས་ལྷ་མོ་སྒྲ་ལ་ཆགས་ཏེ་འཛུམ་བསྟན། སྲིན་པོས་ལྕགས་ཀྱི་ལྷམ་སྒྲོག་བཀྲོལ་ཏེ་དུང་སྐྱོང་མར་ཕུལ་ནས།
གཟུགས་མཛེས་སྒྲ་སྙན་དྲི་བསུང་ལྡན། །
རོ་མངར་རེག་འཇམ་ཁྱེད་འདྲ་བ།།
སྟོང་གསུམ་འཇིག་རྟེན་འདི་ན་དཀོན། །
དེ་སླད་འདི་ཉིད་བཞེས་པར་མཛད། །ཞེས་ཞུས་ཏེ་ཕྱིན།
ཕྱིས་ནས་ཁོལ་མོ་རེ་མ་ཏི་ལ་མི་བཟང་རྟ་བཟང་དེ་ཉིད་སུ་ཡིན་གང་ནས་འོང་པའི་གཏམ་དྲིས། ཁོལ་མོས་སྲིན་པོའི་སྤྲུལ་པ་ཡིན་པའི་ཚུལ་དང་སྔོན་གྱི་བྱུང་བ་རྣམས་བརྗོད་དེ། རྗེ་མོ་ཅིས་ཀྱང་ཁོང་དང་མཇལ་བ་བྱེད་དགོས་པའི་ཚུལ་ཞུས་པས། སྔར་ནས་རྗེ་ཁོལ་གྱི་དམ་ཚིག་ཤིན་ཏུ་གཙང་བས་རང་དབང་མེད་པར་ཁས་བླངས་ཏེ་སྲིན་པོ་དང་མཉམ་དུ་བཤོས་སོ། །དེས་ཚེ་ཡུམ་ལྷ་མོ་ཨུ་མ་ཁྲོས་ཏེ།
ང་ཡི་བུ་མོ་གཅེས་པ་དེ།།
རིགས་ངན་སྲིན་པོའི་ཆུང་མ་བྱས། །
ཕྱིན་ནས་མདོག་ཉམས་སྲིན་པོ་བཞིན། །
མི་ཡི་ཤ་ཁྲག་ལྤགས་པ་ལ། །
ལོངས་སུ་སྤྱོད་ཅིག་དུང་སྐྱོང་མ། །
ཁོལ་མོ་རེ་མ་ཏི་ཁྱེད་ཀྱིས། །
རྗེ་མོ་བསླུས་ཏེ་སྲིན་ཡུལ་བརྫངས། །
ཕྱིས་ནས་མདོག་ཉེས་ཁྱོ་བོ་དང༌། །
ནམ་ཡང་འཕྲོད་པ་མ་གྱུར་ཅིག །
ཞེས་དམོད་བོར་བ་དང་རྗེ་ཁོལ་གཉིས་ཀར་ལྷའི་གཟུགས་ལུས་ཀྱི་མདོག་ཉམས་ཏེ་སྲིན་པོ་དངོས་ལྟར་གྱུར། རྗེ་མོ་སྲིན་པོ་དང་འདུས་པ་ལས་སེང་གེ་ཟླ་བ་སོགས་སྲིན་ཕྲུག་ལྔ་བརྒྱ་ཙམ་སྐྱེས་པའི་རྗེས་ངྷ་ཤ་གྷི་བ་ཚེ་ཡི་དུས་བྱས། རྗེ་མོས་ཡུགས་སའི་ཆས་ཀྱིས་སྐྲའི་ལན་བུ་གཅིག་ཏུ་བསླས་པས། རལ་གཅིག་མ་ཞེས་གྲགས་པ་བྱུང་ཚུལ་གསུངས་འདུག
ཡང་རྒྱལ་པོ་གནས་ཆུང་གི་ལོ་རྒྱུས་བཤད་པའི་སྐབས། བདུད་ཡང་ལེ་ཤེད་ཀྱེ་ཏོ་རེ་དང༌། བདུད་མོ་པདྨའི་ཕྲེང་བ་ཅན་གཉིས་བཤོས་པ་ལས། བདུད་ཕྲུག་དཀར་པོ་སྤྱན་གཅིག་དང་ཨེ་ཀ་ཛཱཊི་ལྷུམས་སུ་ཆགས། དཀར་པོ་སྤྱན་གཅིག་གིས་རང་གི་མའི་ཁོག་པ་ནས་ང་ཡར་སྐེ་ནས་སྐྱེས་ན་དགོད་བརོ། མར་མངལ་སྒོ་ནས་སྐྱེས་ན་བཙོག་བརོ་བས་རྩིབས་ལོགས་ཁ་ཕྱེ་ནས་འོང་གི་ཟེར་བས་འགྲོ་བ་གཞན་དང་གཞན་བཞིན་མངལ་སྒོ་ནས་འཐོན་ཞིག་ཅེས་བགོས་ཀྱང་མ་ཉན་པར་རྩིབས་ལོགས་ནས་གཤགས་ཏེ་སྐྱེས་ཤིང༌། ཡུམ་གྱི་གློ་སྙིང་སོགས་ཁྱེར་ནས་གནམ་རིམ་པ་བཅུ་གསུམ་གྱི་གོང་དུ་བརོས། ཡུམ་དལ་གཅིག་བརྒྱལ་བ་ལས་སངས་པ་ན་ཨེ་ཀ་ཛཱ་ཊི་ཡང་འཁྲུངས་ནས་འདུག་པར་ཁྱེད་སུ་ཡིན་དྲིས་པས་ཡུམ་རང་གི་བུ་མོ་ཨེ་ཀ་ཛཱ་ཊི་བྱ་བ་ཡིན། ཞེས་ཟེར་ཚུལ་ཡང་འཁོད་འདུག ལོ་རྒྱུས་རྒྱས་པ་ནི་མགོན་པོའི་སྐབས་སུ་བཤད་འདུག ཁྱོད་རྡ་སར་ཡོད་ན་ངག་ཐོག་ནས་ཞུ་ཆོག གློག་ཀླད་ཐོག་བྲིས་ན་ཚར་ས་མ་རེད།

 
 
quest
2009.03.27 19:19:29

ཨེ་ཀ་ཛཱ་ཏ྄ི་འདི་ཉིད་ཀྱི་ལོ་རྒྱུས་རིང་པོ་ཞིག་སླེ་ལུང་རྗེ་དྲུང་པདྨ་བཞད་པའི་རྡོ་རྗེས་མཛད་པའི་བསྟན་སྲུང་རྒྱ་མཚོའི་རྣམ་ཐར་ནང་བཀོད་འདུག ལོ་རྒྱུས་སྙན་པོ་འདུག སྒྲུང་ཧ་ཅང་རིང་པོ་རེད།

 
 
ལྷ་སའི་བསང་དུད།
2009.03.27 19:24:34

ཨེ་ཀ་ཛ་ཏྲི་རལ་གཅིག་མ་ཞེས་ཞེས་བརྗོད་སྐབས། ཨེ་ཀ་ཛ་ཏྲི་མིང་དང་རལ་གཅིག་མ་ཞེས་པ་དེ་དེ་ལ་ལྡན་པའི་ཁྱད་ཆོས་སུ་སྦྱར་བ་རེད། ཀརྨ་ཞེས་བརྗོད་དགོས་ས་ཞིག་ལ་འཕྲིན་ལས་ཀྱང་མཉམ་དུ་སྦྱར་ཡོད་མཁན་ཞིག་ན་དེ་ནོར་འཁྲུལ་རེད། མཁས་པ་སུས་དེ་ལྟར་སྦྱར་འདུག དུག་ཧ་ལ་ནག་པོ་ཟེར་སྲོལ་ཡོད་ཀྱང་དེ་ནི་ངག་རྒྱུན་དུ་འཇགས་ཟིན་པའི་མིང་ཚིག་ཅིག་རེད་མ་གཏོགས་མཐའ་གཅིག་ཏུ་དོན་གཅིག་མིང་གི་རྣམ་གྲངས་ཡོད་ཚད་མཉམ་དུ་སྦྱར་ཆོག་པའི་སྲུབ་བྱེད་དུ་ག་ལ་འགྲོ།
ཤིག་ཐོག་ལ་སྟ་རེ་ཨེ། དོན་དམ་པར་བེ་རི་སྟ་རེ་དང་ང་ཤིག་ཡིན་པའི་དབང་དུ་བཏང་ཡང་བེ་རི་འདི་བོད་པ་ཚང་གི་ཆོས་སྲིད་གཉིས་ཀྱི་ལས་ཀྱི་སྣེ་མོར་སེངྒེ་འགྱེང་འགྱེང་དང་སྟག་མོ་མཆོང་མཆོང་བྱས་ནས་བསྡད་ཡོད་མཁན་ཞིག་རེད། བདེན་པ་རེད། བེ་རིས་སྟ་རེ་འཕྱར་ས་དེ་རྒྱ་མི་བཙན་འཛུལ་བ་རེད་མ་གཏོགས་ང་ག་ལ་ཡིན། ཡིན་ན་ཡང་བེ་རི་ཁྱོད་ཀྱིས་གྲོས་ཚོགས་རྒྱུན་ལས་ཁང་དུ་ཀ་རྩོམ་རེ་བྲིས་ནས་སྡོད་པ་ལས་རྒྱ་མིའི་སྟེང་དུ་སྟ་རེ་དེ་འཕྱར་ཐུབ་ན་ཅི་མ་རུང་། སྐད་ཆ་ཆེན་པོ་ཤོད་བསྡད་ནས་ཕན་གྱི་མ་རེད། བདག་བསྟོད་གཞན་སྨོད་བྱས་ནས་ཕན་གྱི་མ་རེད། མི་ཆེན་པོ་ཞིག་གི་སྐད་ཆ་ཤོད་སྟངས་དེ་དེ་འདྲ་རེད་པས། ངས་ཁར་སང་གོང་དུ་བེ་རི་འདི་ལ་རང་བསྟོད་གནམ་སར་མི་ཤོང་བ་བྱེད་སྲོལ་ཞིག་སྐྱག་ལངས་སུ་ཤོར་འདུག་ཅེས་བརྗོད་དོན་ཡང་དེ་ཡིན། ཨེ་བླ་རྒན། ད་ཁྱོད་མི་ཆེན་པོའི་གྲས་སུ་འགྱེང་བསྡད་ཡོད་རེད། མི་ལ་མཐོང་ཆུང་གི་སྐད་ཆ་དེ་དེང་དུས་སུ་ཤོད་སྲོལ་མེད་པ་ཤེས་དགོས་ཀྱི་རེད།

 
 
quest
2009.03.27 19:35:11

སྙན་ངག་འབྲི་དགོས་ན་བེ་རི་འདི་ཡག་པོ་ཡོད། ཁོང་རང་དང་པོ་ཨ་མའི་མངལ་ནས་སྐྱེས་དུས་ནས་ལག་པ་ཡ་གཅིག་ནང་སྨྱུ་གུ་ཞིག་ཟིན་འདུག་ཟེར། འོན་ཀྱང་དགུང་ལོ་བཅུ་མ་རེད་བར་ཞལ་མ་གྲགས་པ་རེད་ཟེར། རྒྱུ་མཚན་དེས་སྙན་ངག་འབྲི་བ་ལ་ཐོགས་པ་མེད་ཀྱང༌། གནད་འགག་དྲིས་པའི་ལན་མི་སྟེར་བ་ཕལ་ཆེར་དེས་ཡིན་གྱི་རེད་ཟེར། ད་ང་འགྲོ་གི་ཡིན། ངོ་མ་སྐྱིད་པོ་བྱུང༌། ངའི་མཛེས་མ་གིས་ཞལ་ལག་མཆོད་ཀྱི་མིན་པས། ཁྱོད་རང་ལ་དྲ་རྒྱ་མ་གཏོགས་ང་དགོས་ཀྱི་ཡོད་མ་རེད་པས། ངས་ཀམ་པོ་ཀྲ་དེ་གཅོག་བཞག་གོ་ ཟེར་འབོད་ཀྱི་འདུག ལགས་ཡོང་གི་ཡོད་དོ། ཧ་ནན།

 
 
ལྷ་སའི་བསང་དུད།
2009.03.28 14:19:52

སྙན་ངག་མེ་ལོང་གི་མགོ་དེ་ནས་མར། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་བརྗོད་བྱེད། །ཅེས་བཤད་འདུག་ག སྙན་ངག་འབྲི་རྒྱུ་ཡིན་ཟེར་ནས་ཐ་ན་དག་སྡེབས་ཙམ་ཡང་ཡག་པོ་མི་འཁྱོལ་བཞིན་དུ་ཅིག་བྲིས་བསྡད་ན་འབྲི་མཁན་དེ་བ་ལང་རེད་ཅེས་བརྗོད་ཆོག་གི་འདུག་ག གཟབ་གཟབ་བྱེད་དགོས་ངེད་རེད།

 
 
quest
2009.03.29 05:20:20

i am going to romorr

 
 
quest
2009.03.27 19:57:30

རང་གྲོལ་ལགས། རིག་འཛིན་མཐའ་བྲལ་རྡོ་རྗེས། དག་སྣང་སྤྲུལ་པའི་གླེགས་བམ་ལས། སྦྱོར་སྒྲོལ་གཉིས་ཀྱི་སྐོར་འཆད་སྐབས། འདི་ལྟར།
ཡང་ཁ་ཅིག་ན་རེ། སྔགས་པ་རྣམས་ལ་དར་བའི་སྦྱོར་སྒྲོལ་ཟེར་བ་འདི་ཆོས་ལོག་ཡིན། འདོད་ཆགས་ཀྱི་སྦྱོར་བ་བྱས་ནས་འཚང་རྒྱ་ན། ཁྱི་དང་ཕག་པ་བོང་བུ་གླང་བུ་སྨད་འཚོང་མ་དང་རྒད་པོ་འདོད་ཆགས་ཅན་ཚོ་སྔོན་ནས་གྲོལ་ཏེ་མ་གྲོལ་འདུག །སྲོག་ཆགས་བསྒྲལ་བས་སངས་རྒྱས་ན་སྔོན་ལ་ཉ་པ་ཤན་པ་འཇིག་རྟེན་ན་མི་གསོད་རྣམས་ཀྱང་སངས་རྒྱས་པར་གདའ། དེ་འདྲའི་ཆོས་ལོག་རྣམས་རྒྱང་རིང་དུ་དོར་བར་བྱ་དགོས་སོ་ཟེར་རོ། །དེ་ལ་རྒྱུ་མཚན་བཤད་པར་བྱ་སྟེ། དེ་ལ་གཞན་ལ་ཕན་པའི་དགོས་པ་མེད། གསང་སྔགས་ཀྱི་ཐབས་ཀྱིས་མ་ཟིན་པར་སྦྱོར་སྒྲོལ་སྒྲ་ཇི་བཞིན་པར་རང་དགར་འཇིག་རྟེན་བ་ལྟར་སྤྱད་ན་ལོག་པ་ཡིན་ལ། སྙིང་རྗེ་ཆེན་པོའི་སྦྱོར་བ་ནི་བྱང་ཆུབ་སེམས་དཔས་ཀྱང་སྤྱོད་པ་ཡིན་ཏེ། མདོ་ལས། བྲམ་ཟེ་ཁྱེའུ་བླ་མས་ཚོང་དཔོན་གྱི་བུ་མོ་འདོད་ཆགས་ཀྱིས་འཆི་ལ་ཉེ་བ་ལ་སྙིང་རྗེ་ནས་མི་ཚངས་པ་སྤྱད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བཤད། དེ་འདྲའི་རིགས་ལ་མདོ་ནས་སྐྱོན་མེད་པར་གསུངས་ལ། གསང་སྔགས་བླ་མེད་ཀྱི་སྐབས་སུ་ཐབས་ཀྱིས་ཟིན་ན། རྒྱུད་ལས། མ་དང་སྲིང་མོ་བུ་མོ་ལ། །བསྒྲོད་ན་མྱུར་དུ་འགྲུབ་པར་འགྱུར། །ཅེས་སོགས་བརྒྱ་དགོས་ན་སྟོང་འདུག་པས་མང་པོ་སྨོས་ཅི་དགོས། ཡང་སྙིང་རྗེས་སྒྲོལ་བ་ནི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་མང་པོའི་ཚོགས་རྫོགས་པར་གསུངས་པས་གསལ་ལོ། །གསང་སྔགས་ནས་ཞིང་བཅུ་ཚང་བའི་བསྟན་དགྲ་ནི་བསྒྲལ་བར་གསུངས་ཏེ། གསང་བ་སྙིང་པོ་ལས། བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ལ་རྡོ་རྗེ་ཕུར་པས་གདབ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་གསུངས་པ་ལྟར། གཟུགས་བརྙན་ལ་དགྲ་བོ་དེའི་བླ་བཀུགས་ནས་སྒྲོལ་བར་གསུངས། ཞིང་བཅུ་ནི་འདྲེན་ལུགས་མང་ཡང༌། འདིར་གོ་བདེ་བ་ནི། ཀློང་རྡོལ་བླ་མ་རིན་པོ་ཆེས། སངས་རྒྱས་བསྟན་པ་བཤིག་དང་གཅིག །དཀོན་མཆོག་དབུ་འཕང་སྨད་པ་གཉིས། །དགེ་འདུན་དཀོར་ནི་འཕྲོག་པ་གསུམ། །ཐེག་ཆེན་སྨོད་ཅིང་སུན་འབྱིན་བཞི། །བླ་མའི་སྐུ་ལ་བསྡོ་བ་ལྔ། །རྡོ་རྗེ་སྤུན་སུན་འབྱིན་པ་དྲུག །སྒྲུབ་ལ་བར་ཆད་བྱེད་པ་བདུན། །བརྩེ་བ་སྙིང་རྗེ་གཏན་མེད་བརྒྱད། །དམ་ཚིག་སྡོམ་པ་བྲལ་བ་དགུ། །ལས་འབྲས་ལོག་པར་ལྟ་བ་བཅུ། །དེ་དག་བསྒྲལ་བའི་ཞིང་བཅུའོ། །གསུངས། འོ་ན་དེ་ཅི་ལྟར་སྒྲོལ་ཟེར་ན། སྔགས་པ་ཞེ་སྡང་ཅན་གྱིས་རྫས་ཅན་དུ་མས་ས་སྣ་ཆུ་སྣ་ཧྲུལ། སྡེ་བརྒྱད་སོགས་ལ་གཏད་ནས་རང་གཞན་གཉིས་ཕུང་བྱེད་པ་ལྟ་བུ་མ་ཡིན་གྱི། སྔགས་པ་སྙིང་རྗེ་ཅན་གྱིས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་ལྷ་སྔགས་ཏིང་ངེ་འཛིན་གྱི་སྒོ་ནས་བསྒྲལ་བར་གསུངས་ཏེ། ཕུར་པ་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་བསྟིམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །གསུངས་པ་ལྟར། བྱམས་སྙིང་རྗེ་སྔོན་དུ་བཏང་ནས་རང་ལྷར་གསལ། ཕུར་པ་སྲས་མཆོག་ཏུ་གསལ། ཞེས་གསུངས་པར་བསམས་ན། རྟོག་གེ་མགོ་མཁྲེགས་རང་བྱས་ན་མི་འགྲིགས་པ་འདྲ། མ་གཞི་ང་རང་ཡང་རྟོག་གེ་མགོ་མཁྲེགས་ཤིག་ཡིན། བེ་རི་འཇིགས་མེད་ཀྱིས།

 
 
quest
2009.03.28 03:08:26

རིག་འཛིན་མཐའ་བྲལ་རྡོ་རྗེས་དེ་སུ་རེད། གང་ཁོས་གཅིག་གསོད་ཉེན་བྲོ་ཤག

 
 
quest
2009.03.28 03:23:34

དྲ་གྲོགས་གཅིག་ཀྱང་གོ་རྒྱུ་ཐོས་རྒྱུ་མི་འདུག ཕལ་ཆེར་སྙིང་སྡུག་གིས་སྐད་གཏོང་སོང་བ་འདྲ། གྲྭ་རྐྱང་དེ་ཚོ་ག་བར་པྱིན་པ་ཡིན་ན། སྒོ་སྲུབ་ནས་བལྟ་བར་ཕེབས་མེད་འགྲོ། ང་ཡི་སྙིང་སྡུག་གིས་ཐེངས་མ་མང་པོ་ཀམ་པོ་ཀྲ་གཅོག་གྲབས་བྱས་བྱུང༌། ཡིན་ན་ཡང་ཕར་རླུང་མ་བསྟན་པར་འཇམ་པོ་གྱིས་དང༌ལམ་སང་དགའ་འགྲོ་ཡི་རེད། དགའ་ནས་འཐམ་ཡོང་གི་རེད། འཐམ་ནས་གནན་ཡོང་གི་རེད། ངས་རང་གི་མིག་འཕྲོ་བརླག་འགྲོ་གི་རེད་བསམ་ནས་ལབ་པ་ཡིན། ཨུའུ། མ་བྱེད་དང༌། ཅབ ཅབ ཧར་ ཧར་་་་་་་་་་་་་་་་་་་་་

 
 
ལྷ་སྨོན་པ།
2009.03.27 22:36:48

རེད་རེད། ཧིན་སྐད་ཀྱིས་གཏམ་བཤད་བྱེད་ཐུབ་གི་རེད། འོན་ཀྱང་ཧིན་དིའི་ཡི་གེ་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད།

 
 
quest
2009.03.27 23:53:14

བེ་རེས་གཞུང་གི་ལས་ཁུངས་ནང་བསྡད་ནས་གཞུང་ལས་མ་བྱས་ཏེ། རང་གི་ཀ་རྩོམ་ཚིག་དུམ་རང་བྲིས་ཏེ་ཉི་མ་བསྐྱལ། དོན་དངོས་ཐོག་འདི་ཚོ་སྤྱི་འཐུས་གཅིག་གི་ལས་སྟངས་ཇི་ལྟར་ཡིན།
ད་དུང་དེའི་རྗེས་སུ་འཇུག་པ་པོ་གླེན་རྨོངས་འགས་ཁྱི་རྒན་ཀུ་ཅོར་རྒྱུགས། དེ་ལས་ག་ལ་ཚད། ཨེཀ་ཙ་ཊི་ཞེས་པའི་དོན་དུ། ཨེཀ་ནི་གཅིག་དང་ཙ་ཊི་ནི་རལ་གཅིག་ཞེས་དོན་ལོག་རྐྱང་རྐྱང་བཤད་དེ་ཉི་མ་ཕུད།
མ་ཤེས་ན་བྲིས་དང༌། ཨེཀ་ནི་གཅིག་དང༌། ཙ་ཊི་ནི་མིག་གི་དོན་ཡིན། བོད་སྐད་དུ་མིག་གཅིག་ཞེས་པའི་དོན་ནོ། བེ་རེས་ཀྱང་མིག་གཅིག་དང་ཨེཀ་ཙ་ཊི་སྐྱེས་པའི་སྐྱེས་རབས་ཀྱི་རྫུན་གཏམ་ལུང་པ་གང་བཤད།
ཁོང་གཉིས་གཅིག་ཡིན་ནོ། ཁག་མེད་བེ་རེས་ལེགས་སྦྱར་ཚིག་གཅིག་ཀྱང་མི་ཤེས་པས་ཡིན།

 
 
ལྷ་སའི་བསང་དུད།
2009.03.28 00:34:15

རང་གྲོལ་ལགས་ཀྱིས་གསུངས་པ་ཧ་ཅང་བདེན། ཨེ་ཀ་ཙ་ཏྲི་འདི་གཙོ་བོ་རྙིང་རྒྱུད་ལས་བྱུང་བ་ཞིག་རེད། བེ་རིས་དྲངས་པའི་ལྷ་མོའི་སྐྱེས་རབས་འདི་ཡང་རྙིང་མ་རྒྱུད་འབུམ་གྱི་ལྷ་མོའི་ནག་མོའི་རྒྱུད་ལས་བྱུང་བའི་གཏམ་རྒྱུད་དེ་རང་རེད་འདུག ཡིན་ན་ཡང་བེ་རིས་དེ་རྙིང་རྒྱུད་ནས་བྱུང་བ་ཡང་ཤེས་མི་འདུག

 
 
ལྷ་སའི་བསང་དུད།
2009.03.28 00:48:57

བེར་འཇིགས་ཀྱིས་མདོ་བཤད་ཀྱིན་ཡོད་དུས་སྔགས་བཤད་ཀྱིན་ཡོད་མདོག སྔགས་བཤད་ཀྱིན་ཡོད་དུས་མདོ་བཤད་ཀྱིན་ཡོད་མདོག ཡར་བསྲེ་མར་བསྲེ། ཕར་བཤད་ཚུར་བཤད། ༸གོང་ས་མཆོག་གིས་ཀྱང་མན་ངག་བསྲེ་ལྷད་ཅེས་པ་དེ་གང་ཟག་གཅིག་གིས་ཆོས་རྒྱུད་རིས་མེད་ལ་ཉམས་ལེན་བྱས་པ་ལ་ཟེར་བ་མིན་ཞིང་མན་ངག་གི་ཆོས་སྐད་ཕན་ཚུན་འདྲེས་བཅུག་པ་ལ་ཆོས་རྒྱུད་བསྲེ་ལྷད་བྱས་ཚུལ་གསུངས་པ་བཞིན་བེ་རིས་ཆོས་སྐད་ཚང་མ་ཕར་བསྲེ་ཚུར་བསྲེ་བྱེད་ཀྱིན་འདུག ཁར་སང་གི་འོད་ཐིགས་ལ་དུང་བའི་གཏམ་ཡིན་ནམ་དེའི་ནང་དུ་ཡང་དབྱིངས་རིག་སོགས་རྫོགས་ཆེན་གྱི་ཆོས་སྐད་མང་པོ་ཞིག་ཡར་བསྲེ་མར་བསྲེ་བྱས་ནས་ཐེག་པ་གང་ཞིག་དང་གྲུབ་མཐའ་གང་ཞིག་གཞིར་བཞག་ནས་ཤོད་ཀྱིན་ཡོད་མེད་ཚོར་རྒྱུ་མེད་པ་ཞིག་བྲིས་འདུག དེ་བཞིན་དབུ་མ་གཞིར་བཞག་ནས་ཤོད་ཀྱིན་ཡོད་མདོག་བྱེད་སྐབས་སུ་ཡང་། སྟོང་པ་རང་ངོ་འཕྲོད་པའི་ཐོ་ཆེན་གྱིས།། ཞེས་དགེ་ལྡན་པའི་ཆོས་སྐད་ལྟ་བུ་དང་། སྤྲོས་བྲལ་སེམས་ཀྱི་གནས་ལུགས་གསལ་རིག་གིས། །ཞེས་རྙིང་མའི་ཆོས་སྐད་ལྟ་བུ་བེད་སྤྱོད་གཏོང་ཁུལ་བྱས། དེ་ལྟ་བུ་ཞིག་ལ་ཆོས་སྐད་འདྲེས་བཅུག་ནས་བསྲེ་ལྷད་བྱས་ཟེར་བ་མིན་ནམ་སྙམ།

 
 
quest
2009.03.28 02:48:32

ཅོ་ལགས། ༸གོང་ས་མཆོག་གི་བཀའ་རང་གི་རྒྱབ་རྟེན་དུ་དྲ་རྒྱ་ནང་བསྣམ་མ་ཡོང་ན་བཟང་གི། གཞན་གྱི་སྨྲ་བརྗོད་ལ་ཚད་བཀག་ཐེབས་ཀྱི་རེད། གལ་སྲིད་སྨྱུག་མིང་གི་ཐོག་ནས་མཚན་སྨད་འདྲ་པོ་ཞུས་ཡོང་ནའང་ཡག་པོ་ཡོད་མ་རེད། ཡང་དྲ་རྒྱ་ལ་བཀའ་ངལ་འཕྲད་ཀྱི་རེད། སྤྱིར་བཏང་མན་ངག་བསྲེ་ལྷད་ཅེས་བཤད་པ་ལ་དང་པོ་བསྲེ་ལྷད་ཅེས་པའི་དོན་དེ་ཡག་པོ་ཤེས་དགོས་པ་རེད། གྲོ་མ་ནང་མར་བླུགས་ན་བསྲེ་ལྷད་མ་རེད། ཇ་ནང་འོ་མ་བསྲེས་ན་དེ་ལྷད་མ་རེད། གལ་སྲིད་གྲོ་མ་ནང་མར་ཁུ་བླུགས་དུས་འཕྲོ་བརླག་འགྲོ་ཡི་ཡོད་ན་ལྷད་རེད། དེ་ཡག་ཏུ་ཞིམ་དུ་འགྲོ་ཡི་ཡོད་ན་ལྷད་ཅེས་པའི་ཐ་སྙད་འདི་ཐོབ་ཀྱི་མ་རེད། མི་ངན་དེས་ང་ཚོའི་བུ་ལྷད་འདུག་ཟེར། མི་དེ་དང་འགྲོགས་པ་ལས་བུ་དེ་མ་རབ་པྱིན་པའི་དོན་རེད།
འོན་ཀྱང་ས་དགེ་བཀའ་རྙིང་གི་བརྡ་ཆད་དེ་ཚོ་དེ་འདྲ་མ་རེད། གཅིག་ལས་གཅིག་གིས་གནད་ལ་འབིགས་པའི་ཐ་སྙད་ཅིག་ཨེ་རག་བལྟས་ནས་བཟོས་ཡོང་བ་རེད། དེ་ཡང་སྔ་མ་སྔ་མ་གཞི་བྱས་ནས་པྱི་མ་ཕྱི་མ་དར་ཡོང་བ་ཞིག་རེད། གཅིག་ལས་གཅིག་གིས་ལེགས་ཆ་བླངས་ནས་དར་ཡོང་བ་ཞིག་རེད། ཕན་ཚུན་ལེགས་པའི་ཆ་ལེན་པ་ལ་བསྲེས་པ་ཙམ་ཡིན་སྲིད་ཀྱང་དེ་ལྷད་མ་རེད། དེ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།

 
 
quest
2009.03.28 02:55:52

འདི་ནང་དཔེ་འཐོལ་པ་གཉིས་བཅུག་ཡོད། ཅོ་ལགས། ༸གོང་ས་མཆོག་གི་བཀའ་རང་གི་རྒྱབ་རྟེན་དུ་དྲ་རྒྱ་ནང་བསྣམ་མ་ཡོང་ན་བཟང་གི། གཞན་གྱི་སྨྲ་བརྗོད་ལ་ཚད་བཀག་ཐེབས་ཀྱི་རེད། གལ་སྲིད་སྨྱུག་མིང་གི་ཐོག་ནས་མཚན་སྨད་འདྲ་པོ་ཞུས་ཡོང་ནའང་ཡག་པོ་ཡོད་མ་རེད། ཡང་དྲ་རྒྱ་ལ་བཀའ་ངལ་འཕྲད་ཀྱི་རེད། སྤྱིར་བཏང་མན་ངག་བསྲེ་ལྷད་ཅེས་བཤད་པ་ལ་དང་པོ་བསྲེ་ལྷད་ཅེས་པའི་དོན་དེ་ཡག་པོ་ཤེས་དགོས་པ་རེད། གྲོ་མ་ནང་མར་བླུགས་ན་བསྲེ་ལྷད་མ་རེད། ཇ་ནང་འོ་མ་བསྲེས་ན་དེ་ལྷད་མ་རེད། མར་ནང་ཨ་ལོག་བསྲེས་ན་ལྷད་རེད། འོ་མ་ནང་ཆུ་བསྲེས་ན་ལྷད་རེད། གལ་སྲིད་གྲོ་མ་ནང་མར་ཁུ་བླུགས་དུས་འཕྲོ་བརླག་འགྲོ་ཡི་ཡོད་ན་ལྷད་རེད། དེ་ཡག་ཏུ་ཞིམ་དུ་འགྲོ་ཡི་ཡོད་ན་ལྷད་ཅེས་པའི་ཐ་སྙད་འདི་ཐོབ་ཀྱི་མ་རེད། མི་ངན་དེས་ང་ཚོའི་བུ་ལྷད་འདུག་ཟེར། མི་དེ་དང་འགྲོགས་པ་ལས་བུ་དེ་མ་རབ་པྱིན་པའི་དོན་རེད།
འོན་ཀྱང་ས་དགེ་བཀའ་རྙིང་གི་བརྡ་ཆད་དེ་ཚོ་དེ་འདྲ་མ་རེད། གཅིག་ལས་གཅིག་གིས་གནད་ལ་འབིགས་པའི་ཐ་སྙད་ཅིག་ཨེ་རག་བལྟས་ནས་བཟོས་ཡོང་བ་རེད། དེ་ཡང་སྔ་མ་སྔ་མ་གཞི་བྱས་ནས་པྱི་མ་ཕྱི་མ་དར་ཡོང་བ་ཞིག་རེད། གཅིག་ལས་གཅིག་གིས་ལེགས་ཆ་བླངས་ནས་དར་ཡོང་བ་ཞིག་རེད། ཕན་ཚུན་ལེགས་པའི་ཆ་ལེན་པ་ལ་བསྲེས་པ་ཙམ་ཡིན་སྲིད་ཀྱང་དེ་ལྷད་མ་རེད། དེ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།


 
 
ལྷ་སའི་བསང་དུད།
2009.03.28 15:18:50

རང་གྲོལ་ལགས། དེ་འདྲ་ད་ཡིན་རྒྱུ་མ་རེད། བསྲེས་ལྷད་ཅེས་པ་དེ་གྲོ་མའི་ནང་ཚྭ་བླུགས་པ་ལྟ་བུ་དང་། ཞོའི་ནང་ཚྭ་བཏབ་པ་ལྟ་བུ་བྱས་ན་ཟ་མ་འཕྲོ་བརླགས་སུ་འགྲོ་བ་ཞིག་གི་དོན་དུ་གོ་དགོས་པ་ལོས་ཡིན། གདམས་ངག་དེ་ཚོར་ཡང་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་པའི་ཟབ་ཁྱད་མི་འདྲ་བ་རེ་རེ་ཡོད་སྟབས་རང་རང་གི་ལུགས་བཞིན་མ་ནོར་མ་འདྲེས་པར་རྒྱུན་འཛིན་དར་སྤེལ་བྱེད་དགོས་པ་ལས་ཚང་མ་མཉམ་དུ་བསྲེས་ན་རང་རང་གི་ཐུན་མིན་གནད་གསང་སྟོན་པའི་ཁྱད་ཆོས་དེ་ཚོ་བརླགས་འགྲོ་བ་ལོས་ཡིན། ཁྱེད་ཀྱིས་བཤད་པ་ལྟར་ན་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་ཐེག་པའི་རིམ་པ་གྲངས་ལས་འདས་པ་བསྟན་པ་ལ་ཡང་དགོས་པ་མེད་པས་ཚང་མ་མཉམ་དུ་སྦྱར་ནས་གཅིག་བསྟན་ན་དེས་མ་ཆོག་པ་མི་འདུག་ཅེས་རྩོད་པ་དང་མཚུངས་པ་རེད། བསྲེ་དང་ལྷད་གིས་མཉམ་དུ་སྦྱར་དགོས་པ་དེ་ཡང་སྨན་རྩྭ་རིགས་ཁ་ཤས་ཤིག་མཉམ་དུ་འདུས་པས་དུག་ཏུ་གྱུར་པ་བཞིན་ལྷད་ཅན་དུ་གྱུར་པ་དང་སྐྱོན་ཅན་དུ་གྱུར་པ་ཞེས་པའི་དོན་ལ་ཁྱད་པར་ཆེར་མེད་པ་འདྲ།

 
 
quest
2009.03.28 16:50:34

བསངས་དུད་ལགས། དེ་འདྲ་རང་ཡིན་རྒྱུ་མ་རེད། གདམས་ངག་དེ་ཚོར་ཡང་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་ཟབ་ཁྱད་མི་འདྲ་ བ་རེ་རེ་ཡོད་སྟབས་རང་རང་གི་ལུགས་བཞིན་མ་ནོར་མ་འདྲེས་པར་རྒྱུན་འཛིན་དར་སྤེལ་ བྱེད་དགོས་པ་བདེན་པ་རེད། ཚང་མ་མཉམ་དུ་བསྲེས་ན་རང་རང་གི་ཐུན་མིན་གནད་གསང་སྟོན་པའི་ ཁྱད་ཆོས་དེ་ཚོ་བརླགས་འགྲོ་བ་ཡང་བདེན་པ་རེད། ཁྱེད་ཀྱིས་བཤད་པ་ལྟར་ན་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་ཐེག་པའི་ རིམ་པ་གྲངས་ལས་འདས་པ་བསྟན་པ་ལ་ཡང་བདེན་པ་རེད། སྨན་རྩྭ་རིགས་ཁ་ཤས་ཤིག་མཉམ་དུ་འདུས་པས་དུག་ཏུ་འགྱུར་འགྲོ་བ་ཡང་བདེན་པ་རེད།
ཁྱོད་ལ་བཤད་ན་གོ་ཤེས་མཁན་དང༌། བལྟ་རྒྱ་མཐོང་རྒྱ་ཡོད་མཁན་ཞིག་རེད་འདུག་པས་བདེན་པ་བཞི་པྱིན་པའི་སྒོ་ནས་ཅུང་ཟད་བཤད་ན་བསམ།
བོད་ཀྱི་ཆོས་བརྒྱུད་ཁག་གི་བརྡ་ཆད་དེ་ཚོ་ཕར་ཚུར་གཡར་བ་དང༌། ཕན་ཚུན་ལེགས་ཆ་ལེན་པ་ལ་དགེ་མཚན་ཡོད་པར་བཤད་པ་ལས་ཚང་མ་གཅིག་པ་བཟོ་དགོས་ལབ་ཀྱིན་མེད། ཇ་རྒྱ་ནས་ལན། མར་འབྲོག་ནས་ལེན། ཚ་བྱང་ནས་ལེན་ནས་མཉམ་དུ་བསྲེས་པ་ལས་དཔལ་ཇོ་བོ་རྗེ་ཡང་ཧང་སང་པའི་བོད་ཇ་ཟེར་བ་དེ་གྲུབ་པ་རེད། འོན་ཀྱང་རྒྱའི་ཕག་སྐྱག་དང༌། བྱང་ནས་སྤྱང་སྐྱག་ཚང་མ་མཉམ་དུ་བསྲེས་ན་མི་འགྲིག་པ་ལྟར། གང་ཞིག་འཚམས་པ་དང་རན་པ་དེ་ལེན་ན་དགེ་མཚན་ཡོད་པ་དང༌། ཚང་མ་མཉམ་བསྲེས་བྱས་ན་གནོད་སྐྱོད་ཡོད་པ་རེད།
སངས་རྒྱས་ཀྱིས་ཐེག་པ་ཆེ་ཆུང་མང་པོ་གསུང་པ་བདེན་ཀྱང༌། ཐེག་པ་ཐམས་ཅད་ལ་དགོས་པའི་ཐུན་མོང་བའི་ཆོས་ཡང་མང་པོ་གསུངས་ཡོད། ཞིབ་ཏུ་གཟིགས་ན་ཐེགས་པ་ཆེ་གང་འདྲ་ཞིག་ཡིན་ཀྱང་རུང་བརྒྱ་ཆ་དགུ་བཅུ་ནི་ཐེག་པ་ཐམས་ཅད་ཀྱིས་ཁས་ལེན་ཐུབ་པའི་ཆོས་འབའ་ཞིག་ཡིན་པ་དང། ཐུན་མོང་མ་ཡིན་པའི་ཐེག་པ་སོ་སོའི་ཁྱད་ཆོས་དེ་ནི་བརྒྱ་ཆ་བཅུའམ་ཡང་ན་བརྒྱ་ཆ་ལྔ་ཙམ་ཞིག་ལས་མེད། དཔེར་ན་བདེན་པ་བཞི། ལམ་ལྔ། ཕར་ཕྱིན་དྲུག བྱང་སོ་བདུན། རྣམ་ཐར་བརྒྱད། མཐའ་སྟོབས་སྨོན་ལམ་ཡེེ་ཤེས་དང་བཅས་པ། དེ་བཞིན་སྡུག་ས་ནས་འདོད་ཆགས་ཞེ་སྡང་ཏི་མུག་གསུམ། རྩ་ཉོན་དང་ཉེར་ཉོན་སོགས་ཀྱི་ཐ་སྙད་ནི་ཐེག་པ་ཚང་མས་བེད་སྤྱོད་བྱེད་པ་ཡིན།
ད་དུང་ཐ་སྙད་ཙམ་མ་ཟད་ཉམས་ལེན་ལ་ཡང་དེ་བཞིན་ཡིན་ཏེ། དཔེར་ན་དལ་འབྱོར་རྙེས་དཀའ། འཆི་བ་མི་རྟག །རྒྱུ་འབྲས་སླུ་མེད། ངེས་འབྱུང་བསམ་པ་དེ་དག་ཐེག་པ་ཆེ་ཆུང་སུ་འདྲ་ཞིག་ཡིན་ཀྱང་ཉམས་སུ་ལེན་དགོས་པ་ཡིན། སྔོན་མ་སྔགས་འཆང་ཁ་ཤས་ཀྱིས་ཚུལ་ཁྲིས་སྲུང་བ་ནི་ཐེག་དམན་པའི་ལུགས་ཡིན་པས། ང་ཚོ་ཐེག་ཆེན་པ་ལ་མི་དགོས་ཟེར་མཁན་བྱུང་བ་ཙོང་ཁ་པས་དགག་པ་ཞེ་དྲགས་བརྒྱབ་ཡོད་རེད། དེང་སང་ཡིན་ན་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ཀྱིས་ཚུལ་ཁྲིམས་གལ་ཆེན་པོ་བརྩི་ཡི་ཡོད་རེད། དེ་རྙིང་མ་བས་གལ་ཆེན་པོ་བརྩི་ཡི་ཡོད་ཙང་གསར་མ་བས་བྱེད་རྒྱུ་ཡོད་པ་མ་རེད་ཟེར་ན་ག་ནས་འགྲིག །ད་མང་པོ་བཤད་མི་དགོས་པ་བྱས། གོ་བའི་བུ་བརྡ་ཙམ་གྱིས་འཐུས་ཡོང༌། གོ་ཨི་ཐལ།

 
 
quest
2009.06.26 18:06:18

གྲོགས་པོ་ལགས། བན་དེ་དང་བོན་གྱི་ཐ་སྙད་བསྲེ་ན་འགྲིགས་ཀྱི་རེད་པས། དེ་བཞིན་ཧིན་དུ་དང་ནང་ཆོས་ཀྱི་ཐ་སྙད་བསྲེ་ན་ཡང་འགྲིགས་ཀྱི་རེད་པས། སྔ་མ་སྔ་མ་ལ་གཞི་བྱས་ནས་ཕྱི་མ་ཕྱི་མ་དར་ཡོང་བ་མཚུངས་པས་སོ་ཟེར་ན་ཅི་ཟེར།

 
 
quest
2009.03.28 02:18:21

ད་བརྒྱ་བཤད་ན་སྟོད་བཤད་ན། དོན་ངོ་མ་བབས་ས་འདི་འདྲ་ཞིག་རེད་འདུག

ཨེ་ཀ་ཛཱ་ཊི་འདི་གནའ་བོའི་བོད་བའི་བུ་མོ་ཞིག་རེད། བོད་ཡུལ་ལ་སྲིན་ཡུལ་ནག་པོ་དགུ་ཐང་ཟེར། བོད་པ་ལ་སྲིན་པོ་གདོང་དམར་ཟེར། བོད་བྱང་འབྲོག་གི་བོུ་ཚོའི་སྐྲའི་ལན་བུ་ཞིབ་ཞིབ་མང་པོ་བྱས་རྗེས་ལྟག་རྒྱབ་ནས་གཅིག་ཏུ་བསླས་ནས་ཨོང་མདོའི་བར་དཔྱང་ཡོང༌། དེ་ལ་རལ་གཅིག་མ་ཟེར།
ཁོ་རང་གི་ལོ་རྒྱུས་ནང་དུ་ཡང༌། ཨེ་ཀ་ཛ་ཏི་རལ་གཅིག་མ།། དེ་ཡང་བྱང་ཤར་རེ་མ་ཏི།། ཞེས་ཟེར། བྱང་ཤར་ནི་རྒྱ་གར་གི་བྱང་ཤར་བོད་ལ་ཡོད་པའི་དོན་རེད།
བོད་གང་ན་ཡོད་ན་དྭགས་ཀོང་མཚམས་ཀྱི་ལྷ་མོའི་བླ་མཚོ་ཡོད་སའི་ཕྱོགས་དེ་རེད། ཁ་ཤས་ཀྱིས་དེ་འདྲའི་སྲིན་ཡུལ་དེ་ཤྲི་ལངྐ་རེད་ཟེར། ག་ནས་ཡིན། ཡུལ་དེའི་ཁྱད་ཆོས་བཤད་སྐབས། གནམ་ལྕགས་སེར་ཆེན་ཤ་ར་ཤ་ར།། དུང་གི་བུ་ཡུག་ཆི་ལི་ལི༎ ཞེས་བྲིས་འདུག ཤྲི་ལངྐ་ལ་གངས་མི་འབབ་པ་རེད།

བླ་མཚོ་ཡོད་སའི་ཕྱོགས་དེར་སྔར་ཡིན་ན་བོུ་ཚོས་སྐྲ་རལ་གཅིག་མ་ཡིན་འདུག་ཀྱང༌། དེ་རྗེས་བོད་དབུས་པྱོགས་དང་དེ་མིན་ཁམས་ལྷོ་རྒྱུད་པ་དེ་མགོ་བདེ་པོ་ཆགས་ནས་བུ་མོ་ཚོས་སྐྲ་རལ་པ་གཉིས་བྱེད་སྲོལ་དར་བ་དང༌། བོད་མདོ་ཁམས་ཀྱི་བྱང་འབྲོག་རྣམས་ད་དུང་བསམ་རྒྱུ་དྲན་རྒྱུ་གཅིག་རང་ཡིན་པའི་སྐྲ་ཡང་སྔ་མོ་བཞིན་རལ་གཅིག་མ་རང་རེད་འདུག

 
 
ལྷ་སའི་བསང་དུད།
2009.03.28 15:32:08

ཨོ། ད་ཡིན་ན། ནམ་མཁའི་ནོར་བུས་ཨོ་རྒྱན་གྱི་ཡུལ་སྟོད་མངའ་རིས་རེད་ཟེར། ཧོར་འཇིགས་ཀྱིས་བྱང་ཤམ་བྷ་ལ་སྟོད་མངའ་རིས་རེད་ཟེར། ཆབ་མདོ་ཤེས་རབ་ཀྱིས་རིའི་རྒྱལ་པོ་རི་རབ་དེ་སྟོད་མངའ་རིས་སུ་ཡོད་ཟེར། ཁྱོད་ཀྱིས་སྲིན་པོའི་ཡུལ་བོད་ཡུལ་ཡིན་པ་དང་ཨེ་ཀ་ཙཱ་ཏྲི་ནི་བོད་ཀྱི་འབྲོག་མོ་ཞིག་རེད་ཟེར། ཨ་མེ་རི་ཁའི་མཁས་པ་ཞིག་གིས་ད་ལྟའི་བོད་ཀྱི་བོན་འདི་སངས་རྒྱས་འོད་སྲུང་གི་བསྟན་པའི་ལྷག་འཕྲོ་ཞིག་ཡིན་པ་འདྲ་ཟེར་གྱིན་འདུག་ཟེར། དེ་བདེན་ན་ཨ་མྱེ་གཤེན་རབ་དང་འོད་སྲུང་གཉིས་མི་གཅིག་ཡིན་དགོས་པས་སངས་རྒྱས་འོད་སྲུང་ཡང་སྟོད་པ་མི་རྒན་ཞིག་རེད་འདུག ཉིན་གཅིག་ཁྱོད་ཚོས་གཤིན་རྗེ་ཆོས་རྒྱལ་ཡང་ཨ་ཁུ་འབྲོག་པ་ཞིག་རེད་ཟེར་མི་སྲིད་པ་མ་རེད།

 
 
quest
2009.03.29 04:44:31

ངོས་མ་ཡིན་ཕུལ་དུ་བྱུང་བའི་རྣམ་དཔྱོད་རེ་ཡོད་ན་་་་ཀ་རྩོམ་ལད་བཟླས་ྦྱས་པ་རེའི་མགོར་དུས་ཚོད་བཏང་ལས་་་་རང་གིས་ཁས་བླངས་དང་དམ་བཅའ་བྱས་སྤྱི་འཐུས་ཀྱི་་ལས་རེ་བསྒྱབ་ན་སྲ་རྒྱུ་རེ་་་་རིག་ཚོད་ཟིན་པ་ཞིག་ཡིན་ཕྱིུན་ཁྱེད་ཀྱི་གནས་ཙད་ཡོངས་རྗོགས་དཔགས་ཐུབ་ཙོད་རེད་་་་་་་
ཀ་ཁ་སུམ་བཅུའི་བགོ་སྟངས་ཤིག་ལོག་པ་ལ་་་རྩོམ་པ་པོ་ཟེར་རྒྱུ་མ་རེད་་་་དེ་ལྟར་ཡིན་ན་རྩོམ་པ་པོ་ཡིག་སེར་བ་ཀུན་ལ་རང་ཆས་སུ་ཡོད་རྒྱུ་རེད་་་་་་དོན་དངོས་སུ་བསམ་བློས་སྟོང་ཚིག་རྐང་ཁ་ཤས་བཙན་སྒྲིག་བྱས་ནས་སྤོབས་པ་མཐོན་པོའི་ཐོག་་རྩོམ་པ་ཡིན་མཇུག་སྐྱོང་
ཟེར་སྟངས་ལ་བལྟས་ན་རང་ཉིད་རང་གིས་དོས་མ་ཟིན་པར་མཁས་དབང་དགེ་ཆོས་ལྟ་བུའི་གཟི་ཉམས་ཡོད་ཁུལ་བྱས་པ་འདྲ་་་་་་ངོ་མ་སྟག་མཆོང་ཝ་ཟེར་པའི་དཔེ་བཞིན་རེདྲྲྲྲྲྲ་་་་དེ་རིང་ངས་ཁྱེད་ལ་སྡུག་མོ་བྱེད་པ་མི་་་་རང་གིས་རང་ཤེས་ན་བཟང་གི་ཟེར་ནི་ཡིན་་་་་་་་་་་
བེར་འཇིགས་ལགས་ཁོང་ཁྲོ་མ་བཞེས་རོགས་་་་འདི་ཁྱེད་ལ་གསལ་འདེབས་བྱེད་ཅིག་ཡིན་་པས་ཐུགས་་སྣང་མཛོལ
་་་



 
 
quest
2009.03.28 22:45:28

ངོས་མ་་འགྲོ་སྟངས་་མི་ཤེས་པའི་་ཆེ་མཐོང་དགའ་བའི་བེར་འཇིགས་་ལྟ་བུ་་་་་་་་་ང་ཚོའི་སྤྱི་ཚོགས་ནང་གསོན་ཉམས་་ལྡན་པའི་་ངང་སྐུ་ངོས་ཀྱི་་ཉམས་་སྟོན་་བཞིན་བཞུགས་་པ་ནི་དོན་ངོ་མ་སྐྱོ་འོས་་ཤིག་་དང་་དགོད་བྲོ་ཞིག་རེད་འང།་་་་་ངས་བཤད་འདོད་པ་ནི་རང་གི་རང་མི་ཤེས་་པའི་་མི་དག་ངོ་མ་་ཡ་མཚན་རེད།་་་

 
 
quest
2009.03.29 18:10:34

དེ་ལས་ཡ་མཚན་པ་ཞིག་ལ།་་་་་་་་་་་་་་་་་་་་་་་་་་་་་་་ཡོན་ཏན་དང་།་ལྷག་བསམ།བསྟན་སྲིད་ལ་འཁུར་བཞེས་མི་སྣ་དག་ལ་ཚིག་རྩུབ་མཚོན་གྱིས་གོ་ཆ་དང་།་སྲ་འཁྲེགས་ལྕགས་ཀྱིས་གདོངས་ཁེབ་གྱོན་ཏེ་འཕྱ་སྨོད་བྱེད་པ་དག་རེད།

 
 
quest
2009.03.29 06:58:44




 
 
quest
2009.03.29 15:47:15

དྲ་གྲོགས་ཚོ། དེ་རིང་ཁ་རྩངས་ང་ལ་དུས་ཚོད་མེད། ཁྱོད་ཚོའི་གོང་གི་འཕྲོ་མཐུད་ཀྱི་ཀ་རྩོམ་མུ་མཐུད་རོགས། ཁྱི་ཁ་རྩེ་བ་ལས་ཀ་རྩོམ་རེ་གཉིས་བྲིས་ན་འབྲི་མཁན་དང་ཀློག་མཁན་མང་པོ་ཡར་རྒྱས་འགྲོ་ལེ་རེད། ཤེས་མཁན་ཚོས་མི་ཤེས་པ་ཚོའི་ཆེད་དུ་འབྲི་རོགས། མི་ཤེས་མཁན་ཚོས་རང་གི་ཡང་རྒྱས་ཀྱི་ཆེད་དུ་འབྲི་རོགས། ང་རང་ཡང་དུས་ཚོད་ཡོད་དུས་འབྲི་རྒྱུ་ཡིན།

 
 
ལྷ་སའི་བསང་དུད།
2009.03.29 15:52:15

དགེ་བཤེས་ལགས། ཁྱི་ཞེས་པ་དེ་སུ་ལ་གསུང་གིན་ཡོད། ང་ལ་ཁྱི་ཞེས་བརྗོད་པས་གནོད་པ་གང་ཡང་མེད་མོད་ཁྱེད་རང་ཆོས་སྲིད་གཉིས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པའི་མི་ཆེན་པོ་ཞིག་གི་སྐད་ཆ་བཤད་སྟངས་དེ་འདྲ་རེད་དམ། མདོ་སྡེ་ལས་བརྒྱ་བ་ལས་གསུངས་པའི་རྣམ་སྨིན་དེ་ཚོར་ཡང་དགོང་པ་རེ་བཞེས་མི་དགོས་སམ།

 
 
quest
2009.03.29 16:00:44

ཁྱོད་རང་ལ་ཁྱི་ཞུ་གི་མེད། ཁྱོད་རང་མི་ག་འདྲ་ཞིག་ཡིན་པ་ཁྱོད་རང་གིས་མཁྱེན་རྒྱུ་རེད། ཁྱོད་རང་གིས་པད་ནོར་རིན་པོ་ཆེ་ལ་བྲིས་པའི་ཚིགས་བཅད་དེའི་ཐོག་ནས་ངས་ཁྱོད་རང་ལ་གདེངས་འཇོག་བྱེད་ཐུབ་སོང༌། གོང་གི་དྲ་ཞུགས་གཅིག་གིས། ཛཱ་ཊི་མིག་ལ་ཟེར་བ་རེད་ཟེར་མཁན་དེ་ཚོ་དངོས་གནས་ཤ་ཚ། དེ་ཚོ་ཁ་རྩེ་རྒྱུ་མི་འདུག དངོས་གནས་དྲི་བ་འདྲ་གཏོང་ན་ལན་ཕུལ་ལོས་དགོས། གཞན་སྤྱང་ཀི་ལ་རྩྭ་སྟེར་ནས་ཕན་ཐོགས་གང་ཡང་མེད། ང་ཁྱོད་རང་ལ་ཡིད་སྨོན་ཤོར་གི་ཡོད། ལས་ཀ་མེད། འགན་མེད། ང་ཡང་ཁྱོད་ནང་བཞིན་ཞིག་ཡིན་ན། དྲ་འཛིངས་འདྲ་བགོ་ནས་བསྡད་ས་རེད། ཡིན་ནའང་སྤྱི་སྒེར་གྱི་ལས་ཀ་ཡིན་ལ་མིན་ལ་མང་པོ་ཞིག་གིས་དུས་ཚོད་ཡོངས་རྫོགས་གཅོད་འགྲོ་གི་འདུག ཨེ་ཀ་ཛཱ་ཊི་བོད་ཀྱི་འབྲོག་མོ་ཡིན་སྐོར་གསུང་མཁན་དེ་དགོངས་པ་བཞེས་མཁན་ཞིག་རེད་འདུག དེ་རིང་དུས་ཚོད་མེད། རྗེས་ནས་དེའི་སྐོར་ཞུ་རྒྱུ་ཡིན། དྲ་ཚིགས་ནང་ཕན་ཐོགས་ཡོད་རེ་འདྲ་བྱུང་ན་ལན་རེ་གནང་ན་དྲན་གི་ཡོད། དེ་མིན་རང་གི་མུད་པ་ལ་མིས་མཛུབ་མོ་བཅུག་ཚོད་ལ་སྐྱུགས་པ་རེ་སྐྱུགས་ན་མི་སླ་བོ་ཆགས་རྒྱུ་ལས་ཕན་ཐོགས་མེད་ལེ་རེད། ཁྱོད་མིའི་རྒྱུ་བདག་ངས་གསལ་བཤད་མ་བྱས་ནའང་དྲ་ཞུགས་མང་པོས་ཤེས་ཚར་ལེ་རེད། ཡིན་ནའང་གནས་ལུགས་མཁྱེན་མཁན་ཞིག་ཡིན་པའང་དྲ་རྩོམ་ཐོག་ནས་ཤེས་ཀྱི་ཡོད་ཙང་གསལ་བཤད་རིང་མིན་ཐུང་མིན་འདི་ཞུས་པ་ཡིན། བེ་རི་བས།

 
 
quest
2009.04.01 02:57:13


 
 
quest
2009.04.01 07:11:17

ཨ་ཁ། ཡང་བོང་མཇེ་ཚང་གིས་ཟིན་བྲིས་ཅིག་ནག་བས྄ུབས་བཏང་ཚར་འདུག

 
 
quest
2009.04.01 07:24:35

རྩམ་ཁུག་སྟོང་པ་ཞིག་བང་ཆེན་ནང་འཛུལ་འདུག གོས་ཆེན་རྩམ་ཁུག་ཅིག་ཡིན་པ་འདྲ་ ཁ་རྒྱུག་ལ་བལྟས་ན། གོས་ཆེན་རྩམ་ཁུག་རྫིག་པ༎ མིག་ལ་ལྟད་མོ་ཆེ་བ༎
ནང་ལ་རྩམ་པ་མེད་པས༎ ལྟོ་ལ་ཕན་ཐོགས་མི་འདུག ། རྩེད་མོའི་ཚིག་གི་ནང་ལ༎
བདེན་པའི་དོན་ཞིག་ཤོར་སོང༌༎ དྲ་གྲོགས་དགོངས་པ་མ་འཚང༌༎ བདེན་གཏམ་ཁ་ནས་ཤོར་སོང༌༎


 
 
ཕུན་ཚོགས།
2009.04.01 16:58:06

པང་མགོ་པང་ཤང་ཁྱོད་ཀྱིས༎ རང་མིང་ཕུན་ཚོགས་ཡིན་ཟེར༎ ཕུན་ཚོགས་ང་ཡི་རྩོམ་ལ༎ ཟུར་ཟ་ཚིག་རྒྱག་བྱེད་མདོག། ནང་ལ་ལྟོ་ལ་ཕན་པའི༎ རྩམ་པ་བླུག་རྒྱུ་མེད་ཀྱང༌༎ ཕྱི་ལ་གོས་ཆེན་ཡག་པས༎ མིག་ལ་ལྟད་མོ་ཆེ་བྱུང༌༎ ཁྱོད་རང་རས་ཕེ་རལ་ཏོ༎ ཕྱི་ལ་ལྟ་སོ་མེད་པ།། ནང་ལ་ཆག་རྩེ་མེད་པ༎ ཕྱི་ནང་གཉིས་ཀ་མེད་པ༎

 
 
ཕུན་ཚོགས།
2009.04.01 17:03:08

འདིའི་ནང་ཡི་གེ་ན་གཅིག་མེད་པའི་ཐོག་ནས་ས་སྟོང་མང་པོ་ཞིག་འཕྲོ་བརླག་བཏང་འདུག བསུབ་ཤེསན་བསུབ་རོགས་གནང༌། ཕལ་ཆེར་དྲ་རྒྱ་ནང་འཛུལ་སྐབས་མ་ཤེས་ནས་ནོར་འཁྲུལ་ཤོར་ཡིན་རྒྱུ་རེད།

 
 
quest
2009.04.03 01:13:07

བེ་རུ་འཇིགས་མེད་རྒྱང་ནས་སྙན་ན་ཡང་། །
སྨྱོན་པའི་མཛད་སྤྱོད་ཡིན་ནམ་ཉེར་དྲུང་ན། །
ལས་དང་འབྲས་བུ་ལྡོག་པའི་གཏམ་རྒྱུད་རེ། །
གླེན་པའི་རྣ་བར་ཡང་ཡང་ལྷུང་ནས་འོང་། །

 
 
quest
2009.04.03 08:31:19

ཧཧཧཧཧཧ ་་་་མཁས་པ་འདི་ཚོ་ཟིང་འདུག བླུན་པོ་ང་ཚོར་ལྟད་མོ་ཆེ

 
 
རྟའུ་ཆོས་མཛད
2009.04.04 04:46:44

༡༡༽ དཔལ་དགྱེས་པ་རྡོ་རྗེ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༤ གི་ཆུ་ཚོད་ ༤ སྐར་མ་ ༣༠

༄༅། །དྲང་བདེན་རིས་མེད་ཀྱི་དྭོགས་བསལ་རིག་པའི་མེ་ལོང་། །

ན་མོ་མ་ཧྰ་གུ་རུ་བྷྱ། །

དཀོན་མཆོག་གསུམ་དངོས་ཏྰ་ལའི་བླ་མ་དང་། །
རྩ་གསུམ་ཀུན་འདུས་གྲུབ་དབང་ཡིད་བཞིན་ནོར། །
སྐུ་གསུམ་བདག་ཉིད་རང་རིག་བླ་མ་ལ། །
དབྱེར་མེད་སྒོ་གསུམ་གུས་པས་རྟག་ཏུ་འདུད། །

སྔོན་དུས་གངས་ཅན་དམ་ཆོས་དར་བའི་གནས། །
མཁས་གྲུབ་རིག་འཛིན་བྱེ་བའི་ཚང་ཆེན་རྡོལ། །
སོར་བྱང་སྔགས་ཀྱི་སྡོམ་ལྡན་དགེ་འདུན་ཚོ། །
དྲང་བདེན་བྱམས་བརྩེའི་སྤུན་ཟླ་ས་ཡ་དྲུག། །

དེང་དུང་ཆོས་མེད་སྨྲ་བའི་ཀླ་ཀློས་བཟུང་། །
བླུན་བཤད་རང་མགོ་སྐོར་བའི་དྲྭ་རྒྱའི་གནས། །
བླ་མགོ་དཔོན་མགོ་སྐོར་བའི་སྤྲུལ་རྫུན་ཚོ། །
དམ་སྲི་རྐུན་ཇག་ཆོས་མེད་སྨྲ་བས་གང། །

དམ་པའི་སྙིང་ནོར་ཐང་མར་བརྡལ་ན་ཡང་། །
དམ་སྲིའི་ཚོགས་ཀྱིས་སྙིང་ནད་དྲག་ཏུ་འཕར་། །
སྙིང་གཏམ་སྙིང་དམར་ཕར་ལ་སྟོན་ན་ཡང་། །
རྗུན་གཏམ་རྐུབ་དམར་ཚུར་ལ་ངོམས་བཞིན་འདུག །

སྙན་སྙན་སུས་མཛེས་ལྟ་སའི་སྒེར་དོན་མིན། །
ལྡོག་མེད་རིགས་པ་སྨྲ་སའི་སྤྱི་དོན་ཡིན། །
དོན་མེད་ཉི་མ་བསྐྱེད་སའི་དོ་ར་མིན། །
དོན་ལྡན་སྙིང་པོ་ལེན་པའི་དུས་ཚོད་ཡིན། །

ཞྭ་ལ་སྙིང་པོ་འཛིན་ན་ཕྱག་ཆེན་མིན། །
སྲོག་གཅོད་བསྟན་པ་བསམ་ན་དགེ་ལུགས་མིན། །
རྒྱུ་ནོར་སྙིང་པོར་རྩིས་ན་རྙིང་མ་མིན། །
ས་ཐམ་རྐུན་མས་སྤྱོད་ན་ས་སྐྱ་མིན། །

གྲུབ་དབང་ཉི་མ་དགོངས་པ་ཆོས་དབྱིངས་བཏད། །
གདོང་དམར་ཇག་པས་མཚན་བྱས་གད་རྒྱང་བྱས། །
སྐྱིད་པོ་ཨེ་བྱུང་གདོང་དམར་རྒྱ་དམར་སྙིང་། །
སྡིག་ལུགས་རྐུབ་གཙུག་ཁྱེད་ཚོ་སྙིང་རེ་རྗེ། །

གཟིགས་དང་རྣམ་དཔྱོད་གཟུར་གནས་དོན་གཉེར་ཚོ། །
ཆོས་པ་ཡིན་མིན་བཤད་སའི་གནས་མ་བྱུང་། །
སྐྱག་པ་ཟོ་དང་ཐོ་བ་དབྱུག་པ་ལས། །
ལུང་རིགས་མེད་པའི་ཏང་ཡན་ཁྲམ་པས་སྡིག །
སྙོམ་ཆུང་ང་རང་རང་ཚོད་བཟུང་ན་སྙམས། །

དང་པོ་མཁའ་འགྲོ་ཟེར་ནས་རྫུན་ལུང་བསྟན། །
བར་དུ་མཁས་ཉམས་སྟོན་ནས་སྒྲོ་བཀུར་བཏབ། །
ཐ་མར་སྐྱག་པ་ཐོ་བས་གསད་དགོས་ཟེར། །
ཡང་ཐ་ཁྱི་མོ་ཟེར་དངོས་སུ་སྨོད། །
དོན་གྱིས་དོལ་རྒྱལ་དཔུང་གི་རུ་འདྲེན་གོ །

ཁ་བ་དཀར་པོའི་མིང་གིས་ཁ་ངན་གཏོང་། །
ཤྭ་བ་ཚེ་རིང་ཟེར་ནས་ཅོ་འདྲི་གནང་། །
བོད་པ་མ་རེད་ཟེར་ནས་གཤེ་གཤེད་གཏོང་། །
ཕུང་རྒན་དངོས་རེད་ཟེར་ནས་གདོང་ལ་ལིངས། །
རྐུན་མ་མིང་མེད་རྒྱ་བོའི་རྒྱལ་ཚབ་བམ། །

དགྱ་དམར་ཁྲམ་པས་བླ་མས་རྫུན་རེད་ཟེར། །
ཀརྨ་རྐུན་མས་བླ་མས་གསུངས་སོང་ཟེར། །
དོལ་རྒྱལ་ཇག་པས་བླ་མས་དཀྲུག་འདུག་ཟེར། །
ཆོས་མེད་ཚོགས་པས་ལྷ་མེད་དོན་མེད་ཟེར། །
ཟེར་ཟེར་མིན་རབས་བཤད་ཀྱང་གོ་མཁན་དཀོན། །

སེང་རྡོར་གྲོགས་པོ་མགུ་བའི་ཐབས་ཙམ་བྱུང་། །
སྤྲིན་བྲལ་དྭངས་བས་དངོས་སུ་ལེགས་འདུག་དང་། །
འོད་དཀར་མཁས་པས་དེ་འདྲ་དགོས་རེད་གསུངས། །
མེ་སྟག་དགའ་བའི་རྣམ་འགྱུར་གཡོ་བ་ཙམ། །
ད་ནི་ཤྲྰིཿ་མིང་ཉལ་བའི་དུས་སུ་བབས། །

ཀུན་ཏུ་རྒྱུ་ནི་གྲུབ་མཐའ་སྒེར་ལ་ཆགས།
དུག་གྲི་དཔའ་བོ་རིས་མེད་ཀུན་ལ་སྡང་། །
ཁ་བཏགས་མཁན་པོ་འཁྲུལ་ལས་གཞན་དབང་རྨོངས། །
གསེར་ཉས་རྩེད་མོས་ལམ་ནས་མོས་སྟོན་མོད། །
དགྱེས་རྡོར་ང་ནི་ཞེན་པ་གཏིང་ནས་ལོག །

རྨི་ལམ་བཟང་ཡང་འཁྲུལ་བའི་རང་བཞིན་རེད། །
དམ་བཅའ་བྱས་ཀྱང་རྣམ་རྟོག་མདུད་པ་རེད། །
གྲོགས་པོ་མི་དགོས་གཡོ་སྒྱུས་མཁན་པོ་རེད། །
དམ་ཆོས་མི་བཤད་དམ་ཉམས་ནང་དཀྲུག་རེད། །
ཁྱོད་རྣམས་ཀུན་ལ་བཀྲ་ཤིས་བདེ་ལེགས་སྨོན། །

རིག་འཛིན་དཔལ་དགྱེས་པ་རྡོ་རྗེས ༢༠༠༩ ༣ ༤གདོང་དམར་ལ་ཕུལ་ལོ། །དཔལ་དགྱེས་ཀྱི་རྩོམ་ཡིག་འདི་སྙན་ཐག་ཆོད་ནས་འདིར་དཔེ་བཤུས་བྱས་པ་ཡིན། ཁ་བརྡ་དྲ་རྒྱ་ནང་འདུག རྩོམ་ཡིག་འདི་འདྲ་བོ་འབྲི་མཁན་ཚོ་བེ་རི་ཁ་གཏོད་ལཅོགས་ས་རེད།

 
 
ལྷ་སའི་བསང་དུད།
2009.04.05 01:24:20

འདི་ལ་སྙན་རྒྱུ་ག་རེ་འདུག ངས་ནི་རྡོ་ཆག་ལྷུ་བསྒྲིགས་པ་ལྟ་བུ་ཞིག་རེད་བསམ་བྱུང་།

 
 
quest
2009.04.05 18:34:48

ད་སྐུ་མཁྱེན། ཐུགས་རྗེས་གཟིགས། མི་གཞན་ཞིག་ལ་ཁ་གཏད་བཅོག་པའི་ཆེད་དུ་གཞན་གྱི་རྩོམ་ཡིག་དཔེ་བཤུ་བྱས་ནས་འདིར་བཀོད་པ་ངོ་མ་ཐབས་སྐྱོ་ཐག་ཆོད་པ་རེད། དེ་ལས་ཁྱོད་རང་གི་རྣམ་དཔྱོད་ཀྱིས་བེ་རི་ལ་དགག་བཞག་ཐེར་འདོན་གྱིས་དང༌། ལྟད་མོ་ངས་ལྟ་ཆོག



 
 
quest
2009.06.27 16:16:09

ཀ་ལིའི་འགོ་འཇུག་མི་ཤེས་ཞབས་འདྲེན་པོ༎
ཁ་ལ་ཐ་མག་འཁྱེར་བའི་ལྟས་ངན་པོ༎
ག་ནས་བལྟས་ཀྱང་བོད་ཀྱི་བླ་བཙོང་མཁན༎
ང་ཡིན་ཟེར་བའི་བོད་པའི་ཕོ་སར་མང་༎
མ་བཟང་བུ་མོ་རྣམས་ཅ་ནས་མཇུག་སྐྱོང་རོགས་གནང་།

 
 
9816387411
2009.06.30 18:15:52

ཏ་ཐ་གོ་རིམ་ལེགས་ཚོགས་འཛོམས་པའི་དུས།
ཐ་མལ་ངན་སེམས་ཁོག་ནས་འབར་གྱུར་ན།
ད་ཡོད་གཅིག་གྱུར་འོ་དཀར་ཞིམ་མངར་དེ།
ན་ཚ་བད་ཀན་འཕེལ་གཞིར་འགྱུར་ཉེན་འདུག།

ང་རང་མ་བཟང་བོའི་བུ་མོ་ཡིན་ཁུལ་གྱིས་མཇུག་སྐྱོང་ཡོད་དོ། ཧཧཧ་།

 
 
ལན་གྱི་ལན་འདེབས།
སྤྱོད་མཁན་གྱི་མིང༌།:

E-mail:

  Enter text shown in left: