བོད་ཀྱི་བང་ཆེན། ཟིན་བྲིས། berijigme ཀ་རྩོམ་ཐོལ་རྒྱག་མ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.04.03 11:36:42
ཀ་རྩོམ་ཐོལ་རྒྱག་མ།

ཀ་རྩོམ་ཚིགས་བཅད་གཅིག་ཙམ་མི་ཤེས༎

ཁ་ནས་གཞན་ལ་རྫིག་རྫིག་བཤད་མཁན༎

ག་དུས་ཡིན་ན་སྦོ་ཤོབ་ཚ་བའི༎

ང་ཚོའི་དྲ་གྲོགས་འདི་ཚོ་ཤ་ཚ༎


ཅ་ཅོ་བཤད་ལ་དགའ་བ་ཙམ་ལས༎

ཆ་རྒྱུས་ཡོད་པའི་གནས་ལུགས་མི་ཤེས༎

ཇ་དང་ཁ་ལག་རག་ཙམ་བྱུང་དུས༎

ཉ་བ་བཞིན་དུ་དགའ་ཐག་ཆོད་འགྲོ༎ 

 

ཏ་རེ་མི་ཆེན་གྲས་མ་མི་ཚུད༎

ཐ་ཤལ་སྐྱེ་བོའི་གྲལ་གསེབ་འཚང་ནས༎

ད་དུང་གཞན་སྐྱོན་འཚོལ་ཁུལ་བྱེད་པ༎

ན་གཞོན་འདི་ཚོ་ངོ་མ་ཤ་ཚ༎ 

 

པ་ལོ་བསགས་ནས་གྲྭ་ལོག་ཆགས་རྗེས༎

ཕ་རྒན་ཚོ་དང་མཉམ་དུ་འཛོམས་ནས༎

བ་གླང་ཉོ་ཚོང་ཙམ་རེ་འཇོན་པའི༎

མ་རབས་འདི་ཚོ་ངོ་མ་ཤ་ཚ༎ 

 

ཙ་གི་ཙི་གི་འཚོང་འདྲ་བཤད་ནས༎

ཚ་གི་ཚི་གི་གཡམ་རྒྱུག་བྱེད་བཞིན༎

ཛ་རེ་ཛོ་རེ་མི་ཚེ་སྐྱེལ་བའི༎

ཝ་མོ་འདི་ཚོ་ངོ་མ་ཤ་ཚ༎ 

 

ཞ་ལྟར་འཁྱོགས་པའི་ཕྱོགས་རེས་ཆེ་བ༎

ཟ་འདྲེ་ཇི་བཞིན་གཞན་ལ་གནོད་པ༎

འ་རེ་འི་རེ་བཀྲུགས་ཤིང་རྒྱག་མཁན༎

ཡ་མེད་འདི་ཚོ་ངོ་མ་ཤ་ཚ༎ 

 

ར་དང་ལུག་བཞིན་མགོ་བོ་རྨོངས་ཀྱང༌༎

ལ་ལའི་མདུན་སར་མཁས་པར་བརྫུས་ཏེ༎

ཤ་རུས་གཅིག་པའི་ནང་ཁུལ་བཀྲུགས་མཁན༎

ས་མཐའི་ཁྱི་རྒན་འདི་ཚོ་ཤ་ཚ༎ 

 

ཧ་རེ་ཧོ་རེ་རྩེད་མོའི་ཟོལ་གྱིས༎

ཨ་མ་ཨོ་ལོ་བདེན་གཏམ་རེ་གཉིས༎

ཀ་ཕྲེང་སྒྲིག་པའི་ཕལ་རྩོམ་ནང་དུ༎

ཁ་སྐད་གོ་བདེའི་ཚིག་འགར་ཤོར་སོང༌༎ 

ལྡི་ལི་མ་ཇུག་ཊིག་ལ་པོ་ཏ་ལ་མགྲོན་ཁང་དུ་བྲིས། གྲོགས་པོ་ཚོ་དུས་ཚོད་འདྲ་ཡོད་ན་མུ་མཐུད་རོགས།  

 




2009.04.03 06:51:25
རྟའུ་ཆོས་མཛད་རྟ་རྒོད་ངར་མ་རེད༎
རྒྱུགས་ཤིང་རྒྱུགས་ཤིང་བྱེད་ན་ཇེ་མགྱོགས་རེད༎
ཤེས་བྱའི་ཐང་ལ་ཟད་མཐའ་མ་འཆིས་ན༎
རྟ་རྒོད་འགྲོས་ལ་རྫོགས་མཐའ་ཡོད་ལེ་མིན༎
ར྄ྩེད་མོ་ཡིན།

 
2009.04.11 01:00:14
quest
བེ་རི་འཇིགས་མེད་བེ་ཤིང་སྐམ་པོ་རེད་།ལུང་རིགས་མེ་སྟག་ནམ་མཁའི་དབྱིངས་ནས་མཆེད་།སྙན་པ་དུད་སྤནརིན་ཟོལ་གྱི་བར་སྣང་འཕྱུར་།མཛད་འཕྲིན་ཚལརླབས་ཟོལ་གྱི་ས་གཞིར་་ཁྱབ།

 
2009.04.11 01:39:40
quest
ཁོ་རེ་ཕག་མིག། ཡག་པོ་ལྟོས་དང༌། བསྟོད་མ་ཤེས་མཁན་གྱིས་བསྟོད་པ་ལས། སྨད་མ་ཤེས་མཁན་གྱིས་སྨད་ན་དྲག། ཟེར་བའི་དཔེ་དེ་རིང་མངོན་སུམ་བྱུང༌། ཧ་ཧ་ཧ།

ཁྱོད་ཀྱི་སྙན་ངག་དེས། བསངས་དུད་ཀྱི་ལུང་དང་རིགས་པའི་མེ་སྟག་གིས་བེ་རི་འཇིགས་མེད་བེ་ཤིང་སྐམ་པོ་ལྟར་བསྲེག་པའི་སྙན་གྲགས་དུད་སྤྲིན་ཟོལ་གྱི་བར་སྣང་ལ་འཕྱུར་བ་ཞེས་བསངས་དུད་ལ་བསྟོད་ར་དང་བེ་རི་ལ་དམའ་འབེབས་ཆགས་ཀྱི་ཡོད་རེད། ཨ་བེ་རིའི་སྙན་ངག་དགེ་ཕྲུག་དེ་ཚོ་ངོ་མ་སྐྱོ་ར།

 
2009.04.11 18:21:07
quest
དུ་བ་ནི་བུད་ཤིང་ལ་ལྟོས་ནས་གྲུབ་པ་རྟེན་འབྲེལ་གྱི་གཤིས་ལུགས་ལྟར་ད་ལྟ་འུ་གཉིས་ཀྱི་རྣ་བར་བསང་དུད་ཀྱི་མིང་གོ་རྒྱུ་ཡོད་པདེ་་བེ་རི་བའི་དྲིན་ཁོ་ན་རེད་།

 
2009.04.12 01:50:41
quest
བསངས་དུད་བེ་རིའི་དགེ་ཕྲུག་མ་རེད། ག་འདྲ་ཟེར་ནས་བེ་རིའི་དྲིན་ཆགས་ཀྱི་རེད། བེ་རི་དང་རྩོད་ནས་བེ་རི་ཕམ་པས་ན་ཁོང་སྐད་གྲགས་བྱུང་བ་རེད་ཟེར་ན། དེ་ཁོ་རང་གི་རྣམ་དཔྱོད་དང་ཤེས་ཡོན་སྦྱང་པའི་བཀའ་དྲིན་ཡིན་པ་ལས་བེ་རིའི་བཀའ་དྲན་མ་རེད། འོ་ན་ད་ལྟ་བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་པ་འདི་རྒྱ་ནག་གི་བཀའ་དྲིན་ཡིན་ནམ། ཤ་ཁོག་ཕར་ཁྱེར་བ་མ་མཐོང་བར་ཏིག་ག་ཟུར་སྤྲད་པ་མཐོང་ཟེར་བ་དེ་རེད། ད་ཐོམ་སངས་དང༌བེ་ཕྲུག།

 
2009.04.12 18:21:29
quest
བསངས་དུད་ཟེར་བའི་མི་ཆུང་དེ་།སྔར་སྤྱི་ཚོགས་ཁྲོད་གྲག་འགུལ་ཅི་ཡང་མེད་ཀྱང་སྙན་གྲགས་བ་དན་དགུང་ལ་གཡོ་བའི་མཁས་དབང་བེ་རི་བ་དང་རྪོད་ཟླ་བྱས་པ་ཙམ་གྱིས་ཁོ་ཡི་མིང་དི་ཁྱབ་པརེད། དཔེར་ན་བདུད་ལྷས་སྦྱིན་གྱི་ཐུབ་པ་གླགས་མ་རྙེད་ཀྱང་།ཁོས་ཐུབ་པ་ལ་འགྲན་པ་ཙམ་ད་ལྟ་ཡང་ང་ཚོའི་རྣ་ལམ་ཁོའི་མིང་དི་ལྷག་ལྟར་རིད་དོ།

 
2009.04.13 02:30:04
quest
དང་པོ་སྐྱེས་དུས་ནས་སྐད་གྲགས་ཡོད་མཁན་སུ་ཡང་ཡོད་མ་རེད། མིང་གོ་བ་དང་སྐད་གྲགས་གཉིས་གཅིག་པ་མ་རེད། བདུད་ལྷས་སྦྱིན་ལ་སྐད་གྲགས་གང་ཡང་ཡོད་མ་རེད། ཁོ་ལ་དགའ་པོ་བྱེད་མཁན་དང་བསྟོད་པ་བྱེད་མཁན་སུ་ཡང་ཡོད་མ་རེད། འོན་ཀྱང་བསངས་དུད་ཀྱི་མིང་ངོ་མ་དང་ལུང་ཚན་གང་ཡིན་ཤེས་ཀྱི་མེད་ཀྱང༌། ཁོང་ལ་དགའ་པོ་དང་བསྟོད་པ་བྱེད་མཁན་མང་པོ་རེད། དེ་གང་ཡིན་ཟེར་ན། གང་ཟག་ལ་མ་རྟོན་ཆོས་ལ་རྟོན་མཁན་གྱི་མི་དེ་ཚོས་ཁོང་གིས་གང་བཤད་པའི་དོན་ལ་བལྟས་ནས་བསྟོད་པ་བྱེད་པ་རེད།
བེ་འཇིགས་འདི་དངོས་གནས་བདུད་ལྷས་སྦྱིན་དང་འདྲ་བའི་མིང་ཙམ་ཞིག་གོ་རྒྱུ་ཡོད་པ་རེད། དེ་ག་རེ་བྱས་ནས་རེད་ཟེར་ན། བླ་ཆེན་མི་ཆེན་ཁག་ལ་སྤྲེ་ལད་ཀྱིས་ཡིག་ཕྱེད་དག་ལ་མ་དག་གི་ངོ་བསྟོད་ཕྱེ་གཏོར་མང་དྲགས་ནས་རང་ཉིད་མི་གཤིས་བརྟན་པོ་ཞིག་མེད་པའི་ཚོར་སྣང་མངོན་ཡོང་བ་དང་གཅིག། ཁ་རྒྱུ་གོ་རྒྱུ་མེད་མའི་སྙན་ངག་ཟེར་བའི་བཙོག་གཏམ་མང་པོས་དྲ་རྒྱ་དང་ཤོག་སྙིགས་ཚང་མ་བརྒྱངས་ཡོང་ནས་རྩ་དོན་དང་དེ་མིན་གྱི་གནད་འགག་ཅན་གྱི་བགྲོ་གླེང་འཐོར་བཅུག་པ་དང་གཉིས། དྲ་རྒྱ་ཚང་མའི་ནང་རྒྱ་ནག་གིས་བཏང་བའི་དྲ་འབུ་ལྟར་འཛུལ་ཀྱང་དོན་གྱི་གནད་འགག་ལ་ལན་འདེབས་ཚིག་གཅིག་བྱེད་རྒྱུ་མེད་པ་དང་གསུམ། རྒྱུ་མཚན་དེ་དག་ལ་བརྟེན་ནས་སུན་སྣང་ཅན་གྱི་བེ་འཇིགས་ཟེར་བའི་མིང་དེ་གོ་རྒྱུ་ཡོད་པ་རེད།
ད་ཤེས་སོང་ངམ།

 
2009.04.14 00:51:29
quest
འཁྲིས་ནད་ཅན་གྱི་མིག་སནངར་གངས་རི་་སེར་པོ་དང་དང་འཁོར་བ་པ་ཡི་མིག་སྔར་མི་ལ་སྨྱོན་པ་ལྟར་ཁྱོད་ཀྱི་མིག་སྔར་བེ་རི་འདི་ལྟར་གྲུབ་ཀྱང་། དོན་ཐོག་ཁོང་ནི་བཙན་བྱོལ་ཁྲོད་རྕོམ་རིག་གི་རྨང་གཞི་བསྐྲུན་པོ་དང་གྲགས་ཅན་སྙན་ངག་པ་ནང་བསྟན་གཞུང་ལུགས་སྨྲ་བའི་རབ་འབྱམས་པ།།ལོ་རྒྱུས་སྨྲ་བ་ཡིན་པ་རང་རེའི་མ་ཟད་ཕྱི་གླིང་པའི་མཁས་པ་ཚུན་གྱིས་གདེངས་འཇོག་བྱེད་ཀྱི་ཡོད་།གྲོག་མས་ས་ཡི་ཚད་མཇལ་མི་ཐུབ་པ་ལྟར་ཁྱེད་རང་ལབེ་རི་བའི་ཡོན་ཏན་ཚད་མཇལ་བྱེད་ཀྱི་མིག་གིའཕོངས་འདུག

 
2009.04.14 14:29:31
ངས་བསམ་ན་བེ་རི་འདིའི་ཡོན་ཏན་གྱི་ཕྱོགས་ནས་ལྟ་དགོས་ན་རྩོམ་རིག་དང་ནང་ཆོས་འཆད་སྤེལ་གྱི་ཕྱོགས་དེ་མ་རེད་སྙམ། རྩོམ་རིག་གི་ཕྱོགས་ནས་བེ་རི་པས་རང་གི་ཁྱད་ཆོས་དང་བྱས་རྗེས་གཟེངས་སུ་ཐོན་པ་ཞིག་ཆེར་མེད། བློ་གསལ་གླིང་གི་ཆོས་འབྱུང་དང་གངས་ལྷ་སྒེག་མོའི་ངུ་རྒྱངས་སོགས་ཀྱང་བམ་ཁ་འཐུག་པ་ཙམ་ལས་ལྟ་ཉན་ཆེར་མེད། བེ་རིའི་བྱས་རྗེས་སམ་ཆེ་བའི་ཡོན་ཏན་ངོ་མ་དེ་གླེང་དགོས་ན་ཚུལ་འཆོས་ཀྱི་ཚོན་མདོག་མ་གོས་པའི་རང་གཤིས་དང་། དགེ་རྒན་གྱི་ཕྱག་ལས་རྒྱུནརིང་དུ་གནང་བ་དང་། དྲང་ཚུགས་ཐུབ་པའི་བོད་མི་མང་སྤྱི་འཐུས་ཤིག་ཡིན་ཚུལ་སོགས་ནས་གླེང་ནས་དངོས་གནས་བསྟོད་པར་འགྱུར་སྲིད་སྙམ།

 
2009.04.03 19:11:42
ཀ་བ་བུམ་པ་སྟོང་ཉིད་སྒྲུབ་ཚུལ་དང་། །ཁ་ཏོག་དཀར་དམར་རྩ་བ་ཡན་ལག་སོགས། །ག་ནས་གླེང་ཡང་ངས་ཤེས་ངས་ཤེས་ཞེས། །ང་ང་རང་བསྟོད་ལ་དགྱེས་བེར་འཇིགས་པ། །

 
2009.04.11 06:03:54
quest
ལུང་རིགས་རྡོ་རྗེའི་མེ་ལྕེ་འབར་བ་ཡི། །
ལྷ་སའི་བསངས་དུད་ལགས་དང་ཐུག་པའི་སྐབས། །
བེ་རི་འཇིགས་མེད་བེ་ཤིང་སྐམ་པོ་ལྟར། །
སྐད་ཅིག་ཙམ་གྱིས་ཐལ་བར་བརླག་པར་གྱུར། །

 
2009.04.03 20:25:01
quest
ཀ་མན་སུམ་ཅུའི་འབྲི་ལུགས་ཙམ་ཡང་མ་དག་པ།། ཁ་ནས་མཁས་དབང་ཡིན་མདོག་གཡོ་འཕྲུལ་བརྫུན་གཏམ་སྒྲོག། ག་དུས་ཡིན་ཡང་བེར་འཇིགས་གཙོས་པའི་མཁས་དབང་ལ།། ང་རྒྱལ་གདོན་གྱིས་བཞུགས་ནས་ཕྲག་དོག་ཚིག་མདའ་འཕེན།།

 
2009.04.04 00:25:29
quest
ཀ་ཁ་ག་ངའི་རྩོམ་ཡིག་ཡིན་ཁུལ།།
ཁ་ནས་གང་འཐོན་བེ་རེའི་རྩོམ་བཞིན།།
ག་དུས་ཡིན་ཀྱང་དེ་འདྲ་སྤེལ་ལས།།
ང་ཅག་རྣམས་ཀྱིས་དོན་ཆེན་སྒྲུབ་རན།།
ཅ་ཅོ་མ་མང་ཨ་ཁུ་བེ་རེ།།
ཆ་འཇོག་ཡོད་པའི་ལས་ཤིག་གྱིས་སྟངས།།

 
2009.04.04 04:51:57
ཡ་ཐོགས་བསྐལ་པའི་འཇིག་རྟེན།
ཨ་བ་གླང་མགོར་ཞེད་པའི་སྡིག་པ་མེད། ༢༠ །ཨ་ཕོ་ཁྱོ་ག་ཡིན་ཞེས་ང་རྒྱལ་མེད། །
ཧ་ནུ་མན་ཐས་རྫུ་འཕྲུལ་ངར་མ་བསླབས། །ཧ་ལ྄ཱ་ཧ་ལས་བྱིན་རླབས་བདག་ལ་མཆིས། །
ས་སྐྱོང་ཆེན་པོས་མགོན་སྐྱབས་ངས་མ་འཚོལ། །ཤ་འཁོན་གནག་པའི་སེམས་ཀྱང་བདག་ལ་མེད། །
ལ་ཡོགས་ངན་འབྲས་སྨིན་པའི་ལས་མ་བསགས། །ར་ཀྵར་བགྲངས་པའི་དགེ་བ་བདག་ལ་མཆིས། །
ཡ་ཐོགས་བསྐལ་པའི་འཇིག་རྟེན་ངས་མ་རྟོགས། །འ་མོ་ཉིད་ཀྱི་ཆོས་དོན་ངས་མི་ཤེས། །
ཟ་རྒྱན་ཤོ་སྦག་རིགས་ཀྱང་ངས་མ་བརྩིས། །ཞ་འཐེང་སྐྱོང་པའི་བྱམས་སེམས་བདག་ལ་མཆིས། །
ཝ་ར་ཎ་སིའི་མཐོ་སློབ་ངས་མ་འགྲིམས། །ཛ་ལང་སྤྱོད་པས་ཁྲལ་བའི་ལས་མ་བྱས། །
ཚ་འདེད་བུ་ལོན་སློང་མཁན་ང་ལ་མེད། །ཙ་རྟགས་སྤང་བླང་དག་ཆ་བདག་ལ་མཆིས། །
མ་ཡིན་ཡིན་མདོག་གཡོ་འཕྲུལ་ངས་མི་ཤེས། །བ་གམ་ཁང་བཟང་བསྡད་པའི་རྒྱས་སྤྲོས་མེད། །
ཕ་བླ་བཙོངས་པའི་ཞབས་འདྲེན་ངས་མ་ཞུས། །པ་ཊུ་མཁས་པའི་རྣམ་དཔྱོད་བདག་ལ་མཆིས། །
ན་ཆུང་བུ་མོར་དགའ་རོག་ངས་མ་བསྒྲིགས། །ད་ཞག་ཕོ་མོའི་ལད་ཟློས་ངས་མ་བྱས། །
ཐ་མ་ཁ་ཡི་ཉེས་པ་ངར་མ་གོས༌། །ཏ་ཐཱ་ག་ཏར་དད་པ་བདག་ལ་མཆིས། །
ཉ་བསད་ཁྱི་སྟེར་སྡིག་ལས་ངས་མ་བྱས། །ཇ་ཁང་གཏམ་འཆལ་བཤད་པར་ངས་མ་སོང༌། །
ཆ་སྒམ་མཆོད་བཤམ་གསེར་སྐུ་ངས་མ་བརྐུས། །ཅ་ཅོ་ལབ་གླེང་སྤངས་སེམས་བདག་ལ་མཆིས། །
ང་མིན་སུ་ཡིན་སྤོབས་པ་བདག་ལ་མེད། །ག་ཆད་འུ་ཐུག་ངན་ལས་བདག་ལ་མེད། །
ཁ་མཁས་འདྲ་ཆགས་བཤད་པའང་བདག་ལ་མེད། །ཀ་དག་སྙིང་རྗེ་སྦྱང་འདོད་བདག་ལ་མཆིས། །
༢༠༠༨ ཟླ་ ༧ ཚེས་ ༢༩ དགོང་དྲོར།

 
2009.04.10 07:36:51
ཀ་ནས་ྲྩོམ་ཏེ་རྙོག་དྲ་སློང་མཁན།། ཁ་ཡི་ཚིག་ལ་ས་མཚམས་མེད་མཁན།། ང་པར་ཡོད་ཀྱང་ཀུ་ཙོ་འདོན་མཁན།། ང་ཁྱོད་རྴོད་པས་ལུང་པ་དཀྲོགས་མཁན།། ང་ཡི་བརྩེ་བའི་དྲ་གྲོགས་རྣམ་པ།།
ཅ་ཅོ་ཟིང་འུར་རྒྱུན་ཆད་མེད་མཁན།། ཆ་རྒྱུས་མེད་ཀྱང་སེམས་ཐག་ཉེ་བ།། ཇ་ཡུན་ཙམ་ཡང་སྡོད་བཟོད་མེད་མཁན།། ཉ་ཉུང་འདྲེས་པའི་བཙོག་གཏམ་བཤད་མཁན།། ང་ཡི་པརྩེ་བའི་དྲ་གྲོགས་ྲྣམ་པ།། མུ་འགོད།

 
2009.04.04 05:02:33
quest
ཅ་ཅོ་རྩོད་དུས་ནམ་ལངས་ཉི་ཤར་རེད༎
ཆ་མེད་རྒྱུས་གཏམ་ལུང་ཁུག་བྲག་ཆ་རེད༎
ཇ་ཆང་རག་ན་ཁ་བདེ་ལྕེ་བདེ་རེད༎
ཉ་ཉུག་མཉམ་བསྲེ་མཁས་པའི་དུད་ནག་པ༎
དཔེ་མཚོན་རང་གི་ཆེད་དུ་ཡིན། མུ་མཐུད་རོགས་གྱིས། བཀའ་ཁྲི་འདེམ་པ་དང༌། བཀའ་ལུང་ཞུ་བ་ལས། རང་གི་ནུས་ཚོད་འདི་རང་དུ་ངེས་འདུག་པས་འདི་འདྲ་རེ་བྲིས་སྡོད་ན་དགའ་འོང་། གཞན་ག་ཡང་འཇོན་མི་འོང༌། འཇོན་མཁན་ཞÔག་ཡིན་ན་སྤྱི་ཚོགས་ནང་འཐོན་རན་ཚོད་རེད། ཡིན་ན་འང་འཐོན་ཡོང་མཁན་མི་འདུག དེ་བས་ཀ་རྩོམ་འདྲ་འབྲི་རོགས་གྱིས།། བེ་རི་བ།

 
2009.04.05 01:25:47
རྟའུ་ནས་ཏེའུ་ཕྱུག་མོ། །ནས་མེད་སྒྲོ་སྟོང་ཁུར་ས།

 
2009.04.05 18:27:33
quest
ཏ་ཐ་ག་ཏའི་བསྟན་པ་ཁ་ལ་འཁྱེར༎
ཐ་སྙད་སྡུག་རིགས་ངན་ཚད་སྤྱོད་མཁས་པའི༎
ད་ལྟའི་ཆ་ལ་ལྷ་སའི་དུད་ནག་འདིར༎
ན་གཞོན་བསླུ་བྲིད་བྱེད་པའི་ནད་ངན་ཞིག །

 
2009.04.05 19:18:45
ཏྲེ་ཧོར་བ་ཞིག་ངེད་ཚོའི་ལུང་པར་སླེབས་ནས་དཀར་མཛེས་པས་ལོ་གསར་རྒྱས་སྤྲོས་ཅན་གཏོང་ཚུལ་འདི་ལྟར་བཤད་པ་རེད། ཀ་ཛེ་བ་གིས་ལོ་སར་ཤིད་པོ་གཏོང་གི་རེད། ཡོས་འཆའ་མི་གིས་ཡོས་འཆའ། ཡུང་འཆའ་མི་གིས་ཡུང་འཆའ། སྒེའུ་ཁུང་ནུང་ལྟ་མི་གིས་སྒེའུ་ཁུང་ནུང་ལྟ། ཞེས་བཤད་པ་རེད། དེའི་དོན་ག་རེ་ཡིན་པ་བཤད་ཤེས་མཁན་ཡོད་དམ། དེ་ཚོ་ལ་ཧོར་སྐད་ཟེར་བ་རེད། གལ་སྲིད་ཁྱེད་ཚོས་དེའི་དོན་མ་གོ་ན་ངས་སང་ཉིན་ཁྱོད་ཚོར་བོད་སྐད་དུ་བསྒྱུར་ནས་བཤད་ཆོག ཧོར་པ་འདི་ཚོའི་སྐད་ངས་ཅུང་ཟད་རེ་ཤེས་ཀྱིན་ཡོད།

 
2009.04.05 22:43:46
དེའི་དོན་ཆ་ཚང་ངས་ཧ་གོ་ཡི་རེད། དཀར་མཛེས་པས་ལོ་གསར་སྐྱིད་པོ་གཏོང་གི་རེད། ཡོས་ཟ་མཁན་ཚོས་ཡོས་ཟོས། ཞོ་ཁོག་ཟ་མཁན་ཚོས་ཞོ་ཁོག་ཟོས། སྒེའུ་ཁུང་ནང་ནས་ལྟ་མཁན་ཚོས་སྒེའུ་ཁུང་ནང་ནས་བལྟས་ཟེར་བ་རེད། འོན་ཀྱང་སྐད་ཆ་དེ་ཏྲེ་ཧོར་ཡུལ་གྱི་མི་དབུལ་པོ་ཞིག་གི་སྐད་ཆ་ཡིན་ངེས་རེད། དེང་དུས་ཏྲེ་ཧོར་ཁུལ་དུ་ལོ་གསར་ལ་རྒྱས་སྤྲོས་ཧ་ཅང་ཡོད་པ་རེད། དེའི་སྐོར་ང་ལ་རྒྱུས་ཆེན་པོ་ཡོད།

 
2009.04.06 02:04:59
quest
ཡུང་ནི་ཡུང་མ་སྟེ་ཁ་ཤས་ཀྱིས་ཉུང་མ་ཞེས་བྲིས་ཡོད། འོན་ཀྱང་ཡུང་མ་ཞེས་དག་པ་འདྲ། འདི་ལ་ཡི་གེ་བྲི་སྐབས་སམ་དབུས་སྐད་ཡིན་ནམ་ཡུང་མ་ཞེས་བརྗོད་པ་ལས། ཁམས་ཁུལ་ཕལ་མོ་ཆེར་ཡུང་ཞེས་པ་ལས་ཡུང་མ་ཞེས་མི་ཟེར། ཕྱུག་པོ་རྣམས་ཀྱི་ཁམ་ཟས། དབུལ་པོ་རྣམས་ཀྱི་སྲོག་བཟུང༌། ལོ་མ་འབྲི་གིས་ཟ། པགས་པ་ར་གིས་ཟ། རྔ་མ་ལུག་གིས་ཟ། ཆེ་བ་མི་གིས་ཟ། ལྷག་མ་ཁྱི་ལ་བླུད། ཆུང་བ་རྟ་ལ་སྤྲད། ཡག་པོ་ཡོད་པ་རེད།
གཏམ་དཔེ་ལ། གཡག་ངན་དེ་ར་སྦོམ། ཡུང་ངན་དེ་རྔ་མ་སྦོམ། མི་ངན་དེ་མཇེ་སྦོམ་ཟེར་སྲོལ་ཡོད་པ་རེད། ཡུང་རྔ་མ་སྦོམ་པོ་དེ་ཚོ་ཞིམ་པོ་ཡོད་པ་མ་རེད།

 
2009.04.08 01:34:44
ཧོར་པ་འདི་ཚོ་དངོས་གནས་རྫིགས་རྫིགས་བྱ་རྒྱུར་ཅང་དགའ། འདི་ཚོས་ལོ་གསར་རྒྱས་སྤྲོས་ཅན་གཏོང་གི་ལུགས་དེ་བདེན་ཐག་ཆོད་ཡིན། སྔོན་མ་ཞིག་ལ་དཀར་མཛེས་ལམ་གྲགས་སྤྲུལ་སྐུ་ངེད་ཚོའི་སྡེ་དེ་དང་ཐག་ཉེ་སར་གཞི་བདག་ཅིག་གསོལ་མཆོད་བྱེད་ཏུ་སླེབས། ངེད་ཚོས་ཞི་བདག་དེའི་གཤམ་དུ་གུར་ཕུབས་ནས་སྣེ་ལེན་གྲ་སྒྲིག་འདྲ་ཞིག་བྱས། ལམ་གྲགས་རྟ་ཞོན་རྒྱུར་མཉེས་པོ་ཡོད་སྟབས་ངེད་ཚོའི་སྡེ་ནང་གི་རྟ་དྲག་གྲས་ཁ་ཤས་ཤིག་ཁོང་གི་བཞོན་པར་གྲ་སྒྲིག་བྱས་ཡོད། ཁོང་གི་རྟ་དེ་ཚོ་རེས་མོས་ཀྱིས་ཞོན་ནས་རྟ་རྒྱུག་ཤ་སྟག་བཏང་ནས་སླེབས་བྱུང་།
མེ་མཐའ་དངུལ་ཤུབ་ཅན་ཞིག་གཡས་ལ་གཟར། །
གྲི་ཐུང་གསེར་ཚགས་ཅན་ཞིག་གཡོན་ལ་གཟར། །
གའུ་ཇ་སྒམ་ཙམ་ཞིག་མཆན་ལ་གཟར། །
ཝྭ་ཞྭ་མེ་ལྕེ་འཁྱུགས་པ་འདྲ་ཞིག་གྱོན། །
མཛེས་མ་ལྷ་མོ་འདྲ་ཞིག་རྗེས་སུ་འབྲངས། །
སྤྱན་མིག་ཨ་སྔོན་དགུང་ལ་གཏད། །
གོམ་པ་བར་སྣང་ཁམས་སུ་སྤོས། །
ཨོ་དེ་ལྟར་བྱས་ནས་སླེབས་བྱུང་། གུར་གྱི་ནང་དུ་ཡར་འཛུལ་སྐབས་ཀྱང་མགོ་མར་གཏན་ནས་མི་སྒུར་བར་བཙན་ཚུགས་བྱས་ནས་མགོ་བཀྱག ཁོགས་སྟོད་དགྱེ་ནས་ཤོར་ཡོང་གིན་འདུག ངའི་གྲོགས་པོ་ཞིག་ཕར་བརྒྱུགས་ནས་གུར་གྱི་སྒོའི་ཐོད་ནས་བཟུངས་ཏེ་ཡར་བཀྱགས་སོང་མ་གཏོགས་ལམ་གྲགས་གུར་ནང་དུ་ཐར་ཐབས་མི་འདུག ལམ་གྲགས་ཕེབས་ཚར་རྗེས་ངེད་ཚོས་དེའི་སྐོར་གླེང་ནས་གད་མོ་གྲོད་པ་གཟེར་གཟེར་བར་དུ་བགད་པ་ཡིན། དེ་ཚོ་ལོ་བཅོ་ལྔ་བཅུ་དྲུག་གི་ཡར་སྔོན་དུ་བྱུང་བ་ཞིག་རེད། ད་དུང་ཡིན་ན་ཡང་ངས་མིག་བཙུམས་ནས་བསམ་བློ་བཏང་དུས་ཡིན་ན་ཡང་དེ་དུས་ཀྱི་ལམ་གྲགས་སྤྲུལ་སྐུའི་སྣང་བརྙན་འདི་ཅི་མ་ཅི་བཞིན་མིག་ལམ་ལ་ཤར་ཡོང་གིན་འདུག ཕ་ཡུལ་རི་ལུང་གི་མཛེས་སྡུག་དང་། དགའ་ཉེ་སྤུན་གྲོགས་ཚོའི་མཛའ་བརྩེ། གཞོན་ནུའི་དུས་ཀྱི་དགའ་སྤྲོའི་སྣང་བ་བཅས་མཉམ་དུ་འཛོམ་པའི་དུས་ཚོད་དེ་ནི་ངའི་མི་ཚེའི་ནང་གི་ཆེས་མཛེས་སྡུག་ལྡན་པའི་ཆ་ཤས་ཤིག་ཡིན།

 
2009.04.05 20:02:16
ཁར་སང་དེ་རིང་ཧོར་སྐད་རྒྱག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདྲ་བས་ངས་ལོ་ཙཱ་བ་བྱེད་དགོས་ཐུག་ས་རེད།

 
2009.04.05 21:07:22
quest
སྨྱོན་པ་འདིསག་རེ་ལབ་བསྡད་པ་རེད། འདི་ཨ་རག་གིས་གཟི་བ་ཡིན་འགྲོ། རྩོམ་འབྲི་སྙིང་བྲོ་ན་ཚིགས་བཅད་རེ་བྲིས་དང༌། ཨམ་ཙམ་འབྲི་གི་འདུག་ག་ཡིན་འང་མང་མོ་འབྲི་དགོས་ན་འབྲི་མི་ཤེས་པ་ཐག་ཆད་འདུག

 
2009.04.05 22:29:38
quest
ཡིག་ནོར་ཉུང་ཙམ་འབྲི་རོགས། དྲ་གྲོགས་ཚང་མས་ཐུགས་སྣང་གནང་རོགས། ཡིག་ནོར་མང་དྲག་ན་ནང་དོན་ཤེས་ཀྱི་མི་འདུག།

 
2009.04.05 23:13:01
རེད། དངོས་གནས་ཡིག་ནོར་ཉུང་ཙམ་འབྲི་ཐུབ་ན་ཧ་ཅང་ཡག་པོ་རེད།

 
2009.04.06 03:38:29
quest
ཀ་རྩོམ་ཚིགས་བཅད་གཅིག་གཉིས་ཤེས་པས༎ཁ་ནས་གཞན་ལ་རྫིག་རྫིག་བཤད་དེ༎ག་དུས་ཡིན་ན་སྦོ་ཤོབ་ཚ་བའི༎ང་ཚོའི་དྲ་གྲོགས་བེ་རི་ཤ་ཚ༎
ཅ་ཅོ་བཤད་ལ་དགའ་བ་ཙམ་ལས༎ཆ་རྒྱུས་ཡོད་པའི་གནས་ལུགས་མི་ཤེས༎ཇ་དང་ཁ་ལག་རག་ཙམ་བྱུང་དུས༎ཉ་པ་བཞིན་དུ་དགའ་ཐག་ཆོད་འགྲོ༎ ཏ་རེ་མི་ཆེན་གྲས་ལ་མ་ཚུད༎ཐ་ཤལ་གྲལ་ལ་སྡོད་ཉེན་མ་བྲོ༎ད་དུང་ཡར་མར་ངོ་བསྟོད་བྱེད་ནས༎ན་ན་བར་དུ་རྒྱུག་འདི་ཤ་ཚ༎ པ་ལོ་བྲེག་ཀྱང་འདོད་རྔམ་ཇེ་སྐྱེ༎ཕ་རྒན་མིན་ཀྱང་མ་རྒན་བཀུག་མཁན༎བ་གླང་ཉོ་ཚོང་ཙམ་ཡང་མི་འཇོན༎མ་རབས་གྲྭ་གཟུགས་འདི་ཚོ་ཤ་ཚ༎ ཙ་གི་ཙི་གི་སྲིད་འདྲ་བཤད་ནས༎ཚ་གི་ཚི་གི་གཡམ་རྒྱུག་བྱེད་བཞིན༎ཛ་རེ་ཛོ་རེ་མི་ཚེ་སྐྱེལ་བའི༎ཝ་སྔོན་འདི་འདྲ་ངོ་མ་ཤ་ཚ༎ ཞ་ལྟར་འཁྱོགས་པའི་ཕྱོགས་རེས་ཆེ་བ༎ཟ་འདྲེ་ཇི་བཞིན་གཞན་ལ་གནོད་པ༎འ་རེ་འུ་རེ་བཀྲུགས་ཤིང་རྒྱག་མཁན༎ཡ་མེད་འདི་འདྲ་ངོ་མ་ཤ་ཚ༎ ར་དང་ལུག་བཞིན་མགོ་བོ་རྨོངས་ཀྱང༌༎ལ་ལའི་མདུན་སར་མཁས་པར་བརྫུས་ཏེ༎ཤ་རུས་གཅིག་པའི་ནང་ཁུལ་བཀྲུགས་མཁན༎ས་མཐའི་ཁྱི་རྒན་འདི་ཚོ་ཤ་ཚ༎ ཧ་རེ་ཧོ་རེ་རྩེད་མོའི་ཟོལ་གྱིས༎ཨ་མ་ཨོ་ལོ་བདེན་གཏམ་རེ་གཉིས༎ཀ་ཕྲེང་སྒྲིག་པའི་ཕལ་རྩོམ་ནང་དུ༎ཁ་སྐད་གོ་བདེའི་ཚིག་འགར་ཤོར་སོང༌༎ གངས་སྐྱིད་ནས་གྲོགས་པོའི་སྙན་ངག་ཀློག་རྗེས་ཀ་རྩོམ་དེ་རང་ལ་འཁོར་འདུག་སྙམ་སྟེ་བྲིས།

 
2009.04.06 14:49:56
quest
ཏཱ་ཐ་གཱ་ཏའི་སྐྱེས་ཆེན་མན་ཆད་དང༌༎
ཐ་སྙད་གཙུག་ལག་མཁས་པ་ཡན་ཆད་དང༌༎
ད་དུང་སྲིད་ཀྱི་མི་སྣ་ཆེ་ཁག་ཀུན༎
ན་ཚ་ཞེ་འཁོན་འཛིན་པའི་དུད་ནག་པ༎

པ་རེ་པུ་རེ་འཆར་གཏམ་གང་བྱུང་སྨྲ༎
ཕ་རེ་ཕེ་རེ་སྐྱོན་འཛུགས་འདྲ་མིན་བྱེད༎
བ་རེ་བེ་རེ་དཀྲུགས་ཤིང་འདྲ་ཡང་སློང༌༎
མ་རབས་བརྒྱ་ཡི་སྣེ་འཁྲིད་དུད་ནག་པ༎

ཙ་གེ་ཙི་གེར་རྩོད་ནས་རྫིག་རྫིག་བྱེད༎
ཚ་བོ་ཚ་རྐཡང་ཐུག་ན་ཕྱིར་གཤིབས་བརྒྱབ༎
ཛ་དྲག་འགག་ལ་ཐུག་ན་ཁུ་སིམ་མེར༎
ཝ་མོའི་གྲ་ལོ་འཛུམ་མཁན་དུད་ནག་པ༎

ཞ་ར་ལོང་བའི་སྒང་ལ་རྫིག་ཉམས་བསྟན༎
ཟ་མ་ཞིམ་པོ་རག་ན་ཁ་རྒྱག་བཤད༎
འ་འུར་འགག་ལ་ཐུག་ན་ཅི་དྲན་མེད༎
ཡ་མཚན་གཞན་ལས་ཆེ་བའི་དུད་ནག་པ༎

ར་མགོ་ལ་མགོ་ཤེས་ཚད་མཁས་པ་མིན༎
ལ་མོ་རེ་གཉིས་བརྒལ་ཚད་རྒྱུས་ཡོད་མིན༎
ཤ་རུས་གཅིག་པ་རྡང་ཚད་ཤ་ཞེན་མིན༎
ས་མཐར་ནང་ཟིངས་མ་སློང་དུད་ནག་པ༎

ཧ་ཧ་ཟེར་ཚད་དགའ་ནས་རྒོད་པ་མིན༎
ཨ་ཨ་ཟེར་ཚད་ཧ་ལས་ཧང་སང་མིན༎
ཧ་རེ་ཧོ་རེ་བཤད་རྒྱུ་མང་དྲགས་ནས༎
ཨ་སྡུག་ང་ཡང་འཁོན་སོང་དུད་ནག་པ༎

ཀ་རྩོམ་འབྲི་སྟངས་ཡར་རྒྱས་ཆེད་དུ་ཡིན།།
དུད་ནག་པ་ལསྐྱོན་འཛུགས་གང་ཡང་མིན༎
གལ་ཏེ་དོན་དག་འདྲ་བོ་བྱུང་ཡོད་ན༎
ཕག་མགོ་མཁྱེན་པའི་མོ་ལུང་ཙམ་དུ་ཟད༎


 
2009.04.06 15:10:13
quest
ཕོ་ལོ་ལོའི་མིང་པགས་གོན་མཁན་དེ་དེ་རིང་རོ་ལངས་རྒྱག་འདུག ཀླུ་ཚང་བློ་བཟང་ཡེ་ཤེས་ཤི་ནས་ལོ་ཁ་ཤས་རེད། ཕལ་ཆེར་ཁོའི་རྣམ་ཤེས་ཞུགས་པ་ཡིན་འགྲོ། ཀླུ་ཚང་བློ་བཟང་ཡེ་ཤེས་ཟེར་བ་དེས། བུད་ལེན་ཁ་ལུད་བརྒྱབ་པའི་སྐྱིན་ཚབ་ལ། བུད་བདག་གིས་རང་གི་ཁ་གཏོད་ཚེར་སྡུག་རིགས་ངན་ཚད་འབྲི་བཅུག་དུས་དགའ་དགའ་བྱས་ནས་བྲིས་ཏེ། སྤྱི་ཚོགས་ནང་སྙོག་གྲ་ག་ཚད་བསླངས་སོང་། ཁྱོད་རང་ལ་སྟབས་ཡག་ནས་ཤེས་ཚད་དེ་ཙམ་མེད་པ་རེད་མ་གཏོགས། མིའི་བེད་སྤྱོད་གཏོང་རྒྱུ་ཡག་ཐག་ཆོད་ཅིག་ཆགས་རྒྱུ་ཐེ་ཚོམ་མི་འདུག ཁྱོད་རང་ལྷ་སའི་བསངས་དུད་ལ་དཔེ་མ་བལྟ། བསང་དུད་གནས་ལུགས་ཤེས་མཁན་དང༌། ཤེས་ཚད་ཡོད་མཁན་ཞིག་རེད། ཁ་རྒྱག་པ་བཤད་ནའང་ཁོག་དྲང་པོ་ཡོད་མཁན་ཞིག་རེད། ཁྱོད་རང་དང་པོ་གློག་ཀླད་མཛུབ་གནོན་དེ་ཡག་པོ་ཨེ་ཤེས་ལྟོས། དེའི་ཐོག་ནད་ཁྱོད་རང་ལྟོ་རག་བྱུང་ན་འགྲིགས་པ་རེད། ཁྱོད་རང་ལ་མིའི་བེད་སྤྱོད་ཀྱི་ཤེས་ཚད་མེད་པས། དེའི་ཐོག་ནས་ལྟོ་རག་གི་མ་རེད། སྟབས་ཉེས་ན་བེ་རིའི་དགེ་ཕྲུག་སྤྲོ་ཐུང་བ་འགའ་རེ་ནས་ཉོ་ཆ་རེ་རག་འོང་ན་ཐང༌། གཞན་རག་རྒྱུ་གང་ཡང་ཡོད་པ་མ་རེད། གོ་ཨེ་ཐལ། ངས་བཟང་ཡིན། ཤ་ཚའི་གཏམ་ཡིན།

 
2009.04.06 15:45:28
ཀ་རྩོམ་སྣོན་འཕྲི་བྱས་ནས༎
ཁ་རྒྱག་ཚིག་རྒྱག་བཤད་མཁན༎
ག་ག་ཆུང་ཆུང་འདི་འདྲ༎
ང་ཚོའི་དྲ་གྲོགས་ལོས་ཡིན༎
རྩེད་མོ་ཡིན། ཀ་རྩོམ་རྐུ་བཅོས་བཤུས་བཅོས་ག་རེ་ཡི་ནའང་ཁྱད་མི་འདུག དོ་སྣང་གནང་བ་ཙམ་གྱིས་འགྲིགས་སོང་། ཐུགས་རྗེ་ཆེ། དུས་ཚོད་ཡོད་ན་གང་དྲན་དྲན་ཞིག་འབྲི་རོགས།

 
2009.04.08 17:46:54
quest
ཀ་བ་བཞིན་གཡོ་འགུལ་མེད་པའི་སྤྱོད་ངན་འཁྲེག་པོ་འདིས།་་་ཁ་སྔོན་ནས་བཟུང་གདོན་འདྲེ་རྒྱལ་གོང་རང་ལ་ཞེན་ཆགས་དང་།་་་་་་ག་དུས་ཡིན་ཡང་ངོ་ཚ་ཁྲེལ་མེད་ཀྱི་གོ་ཆ་གྱོན་ཏེ།་་་་ང་ཚོའི་བོད་ལ་དོན་མེད་གྱོང་ཁ་སྦྱིན་པའི་སྐྱག་ལྐུགས་ཚོ།།

 
2009.04.08 17:48:01
quest
ཀ་བ་བཞིན་གཡོ་འགུལ་མེད་པའི་སྤྱོད་ངན་འཁྲེག་པོ་འདིས།
ཁ་སྔོན་ནས་བཟུང་གདོན་འདྲེ་རྒྱལ་གོང་རང་ལ་ཞེན་ཆགས་དང་།
ག་དུས་ཡིན་ཡང་ངོ་ཚ་ཁྲེལ་མེད་ཀྱི་གོ་ཆ་གྱོན་ཏེ།
ང་ཚོའི་བོད་ལ་དོན་མེད་གྱོང་ཁ་སྦྱིན་པའི་སྐྱག་ལྐུགས་ཚོ།།

 
2009.04.08 19:58:18
quest
ཁྱེད་ཀྱིས་བྲིས་པ་དེ་ཚིགས་བཅད་རེད་དམ་ཚིགས་ལྷུག་རེད། འབྲི་སྙིང་འདོད་ན་གྲ་འགྲིག་ཙམ་བྲིས་བར་འབད་བརྩོན་བྱིས།

 
2009.04.10 07:16:48
རེད། དངོས་གནས་རྐང་པ་ཆ་སྙོམ་པ་ཙམ་ལ་འབད་རོགས་གནང་།

 
2009.04.08 20:00:04
quest
ཁྱེད་ཀྱིས་བྲིས་པ་དེ་ཚིགས་བཅད་རེད་དམ་ཚིགས་ལྷུག་རེད། འབྲི་སྙིང་འདོད་ན་གྲ་འགྲིག་ཙམ་འབྲི་བར་འབད་བརྩོན་བྱིས།

 
2009.04.09 23:56:09
quest
ཚིག་བཅད་ཡིན་ན་ཚིག་ལྷག་མིན་དགོས་པ་དང་།་་་་་ཚིག་ལྷག་ཡིན་ན་ཚིག་བཅད་ཡིན་དགོ་པ་གང་ཡང་བཤད་རྒྱུ་མེད།་་་་གལ་སྲིད་རང་རྒྱལ་གོང་ཕྱོགས་སུ་གཏོགས་པས་ཡིན་ངས་བྲིས་པས་ཕན་ཐོགས་བྱུང་སོང་སྙམ་ནས་ཡོད།

 
2009.04.10 01:29:05
quest
ཀ་རྩོམ་ཚད་ལྡན་འབྲི་བའི་གནས་དེ་དགོས་ན། །ཁ་བཤད་སྟོང་བཤད་མིན་པའི་བརྡ་སྤྲཽད་་ཀྱི་གཞུང་ལ་། །ག་ནས་དྲིས་ཀྱང་ཐོགས་་མེད་ཤོད་མཁན་ཞིག་དགོས་སོ། །ང་ཡི་སྐད་ཆར་ཅུང་ཞིག་མནོ་བསམ་ཞིག་ཐོངས་དང༌། །

 
2009.04.10 01:45:43
ཅ་ཅོའི་ཚིག་གིས་མགོ་སྐོར་མ་བཏང་།།
ཆ་རྒྱུས་མེད་པའི་སློབ་གྲའི་བུ་ལ།།
ཇ་ཆང་འཐུང་བའི་གྲོགས་པོ་ཚོ་ལའང་།།
ཉ་ཤ་སྐམ་པོ་བཙོང་པ་མ་གནང་།།

 
2009.04.10 07:40:01
quest
བེ་རི་གནམ་གྱི་སྐར་ཆེན་དེ།།
ཨ་སྔོན་དགུང་ནས་མཆེད་པའི་ཚེ།།
དགུ་ཚིགས་སྐྱ་མོའི་འཕྲང་ལམ་གྱི།།
ལོག་སྨྲ་ར་དེད་ལུག་དེད་རེད།།
བེ་རིར་སྦིར་གཏམ་མ་མཆིས་ཏེ།།
བེ་རི་འབེལ་འབེལ་ལྷུག་ལྷུག་ཡིན།།
བེ་རིའི་ཚིག་གི་སྦོ་ལུག་ན།།
བེར་ཀའི་བདག་མོ་དབྱངས་ཅན་མའོ།།

 
2009.04.10 13:46:47
སྐྱོ་བ་ལ། བེར་འཇིགས་འདིས་ང་ཚོའི་གླེང་སྟེགས་ཀྱི་བགྲོ་གླེང་གི་ལམ་ཁ་དེ་འདི་འདྲ་ཐབས་སྡུག་པོ་ཞིག་ལ་ཁྲིད་འགྲོ་བཞིན་འདུག བཀའ་ཁྲི་འདེམས་སྟངས་སོགས་ཆབ་སྲིད་གླེང་ན་ནི་བག་ཆགས་ངན་པ་འཇོག་གིན་རེད་ཟེར། དེ་ཡིན་ན་ཁོ་རང་དངོས་སུ་ཆབ་སྲིད་ཀྱི་སྟེགས་བུའི་སྟེང་དུ་བསྡད་ནས་ག་རེ་བྱེད་བསམ་པ་ཡིན་ནམ། མི་འདི་འདྲ་ཚོ་གང་དུ་སླེབས་ན་ཡང་ལམ་ཁ་འཁྱོག་པོ་ཞིག་ལས་སྟོན་གྱི་མ་རེད།

 
2009.04.11 00:52:47
quest
བརྗིད་ཉམས་ཆི་བའི་མིང་བྱང་རེ་འཁུར་ནས་།བྱིས་པ་ལོ་གསུམ་པའི་སྐད་ཆ་རྐྱང་བཤད་ནས་མ་སྡོད་།ས་མིག་འཕྲོག་ལག་རེད་

 
2009.04.11 00:58:20
འབའ་པའི་མིག་ལགས་ཀྱིས་འབའ་གཞས་སྙན་པོ་ཞིག་གཏོང་ཐུབ་ན་བཟང་།

 
2009.04.11 02:04:35
འདི་ནི་མི་རིགས་ཤིག་གི རྩོམ་ཡིག་གི་གར་སྟེགས་ཤིག་རེད། ང་ཚོས་ཟིན་འདི་དག་ལ་སྙིང་པོ་ཅི་འདུག་གམ།

 
2009.04.11 18:37:21
quest
ཟིན་བྲིས་བྱིས་པའི་ལྡུམ་ར་རེད། མཁན་པོ་ལོ་གསུམ་བྱིས་པ་རེད། བརྗོད་བྱ་སེའུ་བཅུ་ལབ་གླེང་རེད་།བལྟས་ན་བལྟ་རིན་མ་མེད་ལེ་རེད་། འབའ་གཞས་དེ་ག་ཙམ་བཏང་པ་ཡིན།ཧཧཧཧཧཧཧཧ

 
2009.04.11 08:31:32
རེད། འོན་ཀྱང་ད་ལྟ་ཚང་མས་སྦྱོང་བརྡར་བྱེད་ཀྱི་ཡོད་རེད།

མ་གཞི་དྲ་རྒྱ་འདིའི་ནང་ཡི་གེ་ཀློག་པར་ཆེ་ཤེལ་ཞིག་ཀྱང་དགོས་ཀྱི་འདུག་ག།

 
2009.04.12 20:53:34
quest
བེ་རེས་སྙན་ངག་སྒྲེན་པོ་རེ་དང༌། ཀ་རྩོམ་བྲོ་མེད་རེ། འདོད་གཏམ་ཉག་ཉོག་རེ་བཤད་ནས། སློབ་གྲྭ་བ་དང༌། དུས་ཚོད་མི་འཁྱོལ་བ་རྣམས་ལ་མགོ་སྐོར་རེ་གཏོང་གི་འདུག
དེ་ལས་དུས་ཚོད་ཡོད་དུས་དག་ཆ་རེ་སྦྱང་ན་ཕན་ཐོགས་ཆེ། དེ་མིན་བེ་རེ་བཞིན་ཡིག་ནོར་གྱིས་ཁེངས་པའི་ཚིག་དུམ་རེ་འབྲི་མཁན་ཞིག་ལས། ཅི་ཡང་མི་འཁྱོངས།།