The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.04.06 20:28:58
སྡིག་མཛུབ།


    རེད་ལགས་འདི་ནི་ཆོས་སྡེ་ཆེན་པོའི་བསྟི་གནས་ཏེ།།

    ཀྲོང་ངེར་འགྱིངས་པའི་ཁང་བཟང་འདི་ཀོ་གནྡྷོ་ལ།།

    ཡིན་ལགས་བདག་ནི་ཆོས་སྡེ་ཆེན་པོའི་གྲྭ་གཟུགས་སྟེ།།

    ངས་ནི་དེང་གི་ཆོས་འབག་སྣ་ཚོགས་གོན་སྟངས་ཤེས།།


        ཀ་བ་བུམ་པའི་རྩོད་པ།།

       ཁ་ལ་བྱང་ཐག་ཆོད་ནས།།

       ག་ཡིན་འདི་ཡིན་མེད་པར།།

       ང་རྒྱལ་རི་ལས་ཆེ་སོང༌།།

 

       ཅ་ཅོ་རྟགས་དང་ཐལ་འགྱུར།།

       ཆ་མེད་རྒྱུས་བཤད་བྱས་ཏེ།།

       ཇ་ཐུག་སྐུ་འགྱེད་ཡོད་དུས།།

       ཉ་རྗེས་རྒྱ་བཞིན་རྒྱུག་སོང༌།།

 

       ཏ་རེའི་ཚོགས་འདོན་ཕར་ཞོག།

       ཐ་ན་སྦྱོར་ཀློག་མི་ཤེས།།

       ད་ལྟའི་ཆོས་སྡེ་ཕལ་ཆེར།།

       ན་གཞོན་གྲྭ་གཟུགས་གང་སོང༌།།

 

       པ་ལོ་མགོ་ནས་བཅད་ཀྱང༌།།

       ཕ་རྟགས་ཁོག་ནས་འཛུམ་པའི།།

       བ་རྒན་ཡ་སོ་ཅན་གྱིས།།

       མ་རབས་རང་མཚང་སྟོན་སོང༌།།

 

       ཙ་རིའི་དྲ་རྒྱ་མ་ཆོད།།

       ཚ་གྲང་ཁྱད་བསད་མ་ནུས།།

       ཛ་ཡའི་ངུར་སྨྲིག་སེང་ལྤགས།།

       ཝ་མོའི་རྒྱབ་ལ་གོན་སོང༌།།

 

       ཞྭ་མོ་ཆོས་ཞྭ་གོན་ནས།།

       ཟ་མ་ཞིམ་པོའི་དོན་དུ།།

       འ་འུར་ཁྱི་བཞིན་བྲེལ་བའི།།

       ཡ་ཡུག་གདོང་མཆོང་རྒྱབ་སོང༌།།

 

       རྭ་བ་གངས་རིའི་ཡུལ་ནས།།

       ལ་ལུང་དུ་མ་བརྒལ་ཏེ།།

       ཤ་ཚུགས་མི་དང་འདྲ་བའི།།

       ས་མཐའི་ཁྱི་ལྡོམ་གྱུར་སོང༌།།

 

       ཧ་ཅང་སྤྱོད་པ་རྩུབ་པས།།

       ཨ་མའི་ཐུགས་སེམས་དཀྲུག་སོང༌།།

       ཧ་གོ་མེད་པའི་གླེན་པས།།

       ཨ་མྱེས་ལ་རྒྱ་བརླགས་སོང༌།།

 

 

 




2009.04.06 15:40:26
དུས་ཚོད་ཡོད་ན་ཀ་རྩོམ་རེ་གཉིས་འབྲི་རོགས། བཀའ་བློན་འཁྲི་བ་དང༌དགའ་ལྡན་ཁྲི་བ་ང་ཚོས་འདེམས་པ་ཆ་བཞག་ནའང་། མིས་ཨེ་ཉན་མི་ཤེས། དེ་བས་ཚིགས་བཅད་རེ་གཉིས་འདིར་བྲིས་ན་ཀློག་མཁན་མང་པོ་ཞིག་ཡོང་གི་ཡོད་པ་འདྲ། དེས་བོད་ཀྱི་སྐད་ཡིག་ལ་ཕན་ཐོགས་ཅུང་ཟད་རེ་ཡོང་གི་ཡོད་པ་རེད། དེ་བས་གཞན། བསད་རབས་གཏུབས་རབས་དང༌། འཛིངས་རབས་སྒྲིལ་རབས། རྐུ་རབས་འཕྲོག་རབས། འཛག་རབས་ཕུགས་རབས་འདྲ་བྲིས་ནའང་། བོད་པའི་སྐད་ཡིག་ལ་ཅུང་ཟད་རེ་ཕན་རྒྱུ་རེད་དེ། བརྗོད་གཞི་དེ་དག་ག་དུས་ཡིན་ནའང་བྲིས་བྲིས་པ་བྱས་ན་བག་ཆགས་ངན་པ་འདྲ་བཞག་ས་རེད་དྲན་གྱི་འདུག ཀ་རྩོམ་འབྲི་མཁན་ལ་ཁ་རྡུང་གཏོང་མི་ཉན། ལང་མ་གོག་བྱས་ནས་ཨུ་ཚུགས་རྒྱག་མཁན་ལ་རྡང་ལྕག་བྱུགས་ན་ནམ་ཡང་ལོང་མི་ཐུབ།

 
2009.04.08 01:09:46
ཧོར་སྐད་ཀྱི་སྐོར་འདི་དཀའ་ངལ་ཞིག་རེད་འདུག་པས་ཡོས་དང་ཡུང་མ་མཆོད་རྒྱུ་མང་དྲགས་ནས་མ་འགྲིགས་པ་འདྲ་མིན་ནམ་ཡང་སྙམ། ཁར་སང་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ཀྱང་ཧོར་སྐད་ཡག་པོ་མཁྱེན་གྱི་ཡོད་གསུངས་བྱུང་། བསོད་ནམས་ཚེ་རིང་འདི་ཡང་ཧོར་སྐད་རྒྱག་མཁན་དང་ཐག་ཉེ་སེ་ཞིག་ནས་ཡིན་ཚུལ་འདུག་པས་དེས་ཀྱང་ཧོར་སྐད་ཤེས་ཀྱིན་ཡོད་པ་འདྲ་བས་ཁོང་ཚོ་ཡང་ཧོར་སྐད་འདི་ལ་ཐུགས་མཉེས་ཀྱིན་ཡོད་པ་འདྲ། ང་ཚོས་ཧོར་སྐད་ཀྱི་བཙན་འཛུལ་འདི་མཐར་སྐྲོད་ཐུབ་པའི་རེ་བ་མེད་པ་འདྲ།

 
2009.04.06 19:29:49
quest
ཀ་བ་ཇི་བཞིན་གྱེན་དུ་བསླངས་ཀྱང༌༎
ཁ་བ་བཞིན་དུ་ཐུར་ལ་འབབ་མཁན༎
ག་བསྒྱུར་གོ་ལོག་བྱེད་མཁན་དེ་ཚོ༎
ང་ཚོའི་གྲོགས་སུ་བསྟེན་རྒྱུ་མི་འདུག།
མུ་མཐུད་རོགས།

 
2009.04.06 20:39:22
quest
ཅ་ཅོ་མང་བའི་བེ་རེ་འཇིགས་མེད།།
ཆ་ལུགས་མི་མཐུན་ཉག་ཉོག་མ་ཤོད།།
ཇ་ཤིང་མཐུག་པོའི་ནང་གི་སྙིང་གཏམ།།
ཉ་ཆུང་དེས་ཀྱང་གསལ་བར་གོ་ཡོད།།

 
2009.04.06 20:48:08
quest
ཏཱ་ལའི་བླ་མ་ཁ་ལ་ཁྱེར་ནས༎
ཐ་ཆད་བྱ་བ་ལྐོག་ཏུ་ལས་མཁན༎
དེ་དག་ལས་ཀྱང་བེ་རི་འཇིགས་མེད༎
བསྟོད་པར་འོས་པའི་མི་ཞིག་མིན་ནམ༎

 
2009.04.07 00:58:46
quest
པ་ལོ་བྲེག་ནས་རབ་ཏུ་བྱུང་ཡང༌༎
ཕ་རྒན་ཞིག་ལས་ཁོག་རྒྱ་ཆུང་བ༎
བ་སྤུ་གཡོ་བའི་ནུས་པ་མེད་ཀྱང༌༎
མ་ལུས་ཐམས་ཅད་ཡོད་མདོག་བྱེད་མཁན༎

 
2009.04.07 07:33:12
quest
ཙ་རི་ཙི་རི་སྨྲ་མཁན་ཁྱོད་ཀྱིས༎
ཚ་པོའི་ལན་ཞིག་མ་ཕོག་ན་ཡང༌༎
ཛ་དྲག་ཡིན་མདོག་ཁ་པོ་བྱས་ནས༎
ཝ་མོ་ཞིག་གི་གདོང་རིས་མངོན་བྱུང༌༎

 
2009.04.07 18:08:50
quest
ཞ་སེར་བསྟན་པར་སྲིད་ཞུ་དགོས་པ་ལས།་
ཟ་འདྲེ་འགོང་པོར་ཡིད་སྨོན་མི་བྱེད་པར།
འུ་ཅག་བོད་མིའི་ཡིད་བཞཱིན་ནོར་བུ་ཡི།
ཡ་མེད་བཀའ་ལ་བརྯི་བཀུར་ཞུས་ན་ལེགས།

 
2009.04.07 02:05:19
quest
soryy. here no tibet language. so is BERI JIKMEY no't gheshe???

 
2009.04.07 09:17:44
quest
ཀ་སོགས་སོ་བཞིའི་འདབ་མ་ལྷུག་པར་འབྱེད།།
ཁ་དོག་དཀར་དམར་མེ་ཏོག་གཟི་གདངས་བཀྲ།།
ག་ནས་ལྟས་ཀྱང་མཁས་པའི་འབྲས་བུ་སྨིན།།
ང་ཡི་གནས་མཆོག་འབྲས་སྤུངས་ཆོས་སྡེ་ཆེ།།

ཅ་ག་རྒྱུ་ནོར་མི་རྟག་རང་བཞིན་རྟོགས།།
ཆ་རྐྱེན་དམ་པའི་ཆོས་ཀྱི་ཉམས་ལེན་གནང་།།
ཇ་རྩམ་ལོངས་སྤྱོད་དམན་ཡང་ས་མཐོར་སོན།།
ཉ་གང་ཟླ་བ་རྒྱས་འདྲའི་བཤེས་གཉེན་མང་།།

ཏྰ་ལི་སྐྱབས་མགོན་བཀའ་དགོངས་སྲོག་ལྟར་འཛིན།།
ཐ་དག་འགྲོ་བ་ཀུན་ལ་བུ་རུ་བལྟ།།
ད་དུང་ཆོས་དབྱིངས་ཟབ་མོ་ཁོངས་སུ་ཆོད།།
ནྰ་ལེན་དྲ་ཡི་རྒྱུད་འཛིན་དགེ་འདུན་ཚོགས།།

 
2009.04.07 09:28:31
མུ་མཐུད་རོགས

 
2009.04.07 20:35:06
quest
མུ་མཐུད་སྙིང་བྲོ་མ་སོང༌། སྙན་པོ་མི་འདུག

 
2009.04.07 21:32:49
དགོངས་ཚུལ་གསུངས་པ་བཀའ་དྲིན་ཆེ། རྗེས་སུ་སྙན་པོ་ཞིག་ཡོང་བར་འབོད་བརྩོན་གང་ཐུབ་བྱས་ཀྱི་ཡིན། སྐབས་དེར་མུ་མཐུད་སྙིང་བྲོ་བར་རེ་བ་དང་བཅས

 
2009.04.07 22:01:45
kdjhfahdfpfjf

 
2009.04.08 20:33:03
quest
ཨ་རོ། ཨ་མདོ་བ། ཨོ་མདུད་མེད་མཁན་ཁ་ཁར་སྡོད་ན་དགའ་ཨེ་འོང༌། བེ་རི་འཇིགས་མེད་ལ་ཁོངས་བསྐྱེལ་བཟོ་རྒྱུ་ག་རེ་ཡོད། ཁྱོད་ཚོས་གནས་ལུགས་ཡོད་མཁན་ག་རེ་བཤད་ན་འང་འགྲིག་གི་འདུག ཉེ་རིང་ཆགས་སྡང་དང་། ཆོལ་ཁ་ཕྱོགས་རེས་ཞེ་དྲག་བྱེད་ན་། ང་ཚོས་བང་ཆེན་ནང་བརྩད་བཅད་ནས་ངོ་གཏུགས་རྒྱག་དགོས་བྱུང་ན། དེ་དུས་སྔོ་ལོ་འཕྱརའོངས། གོ་བ་གྱིས། དྲ་རྩོམ་འབྲི་མཁན་དང༌། དྲ་རྩོམ་འགན་ཁུར་པ་གཉིས་ཀས་གོ་བ་བྱིས།

 
2009.04.08 20:41:31
ཀ་ཁ་ག་ངའི་གོ་རིམ་མ་ངེས་གོང་།།
ཁ་གསོའི་དོན་དུ་སྙན་ངག་མཁན་རློམ་པ།།
ག་དུས་ཡིན་ཡང་རྩོམ་ཡིག་རྐུ་མཁན་རྣམས།།
ང་ཚོའི་དྲ་རྒྱ་འདིའི་ནང་མ་ཕེབས་རོགས།།

 
2009.04.08 21:09:30
ཅི་སྟེ་ཕེབས་བྱུང་ན་མིང་མ་བཏོན།།
ཆུ་བཞིན་བྲིས་དགོས་བསམ་ན་རྐུ་མ་རྒྱབ།
ཇེ་སྙད་ཡ་རབས་བཟང་སྤྱོད་དོར་འདོད་ན།
ཉོ་ཤིག་དུད་འགྲོའི་གོ་འཕང་ཡག་མོ་དེ།

 
2009.04.08 21:41:04
ཏོག་ཙམ་གོ་རྒྱུ་ཡོད་པའི་རྩོམ་བྲིས་ཚེ།།
ཐོག་མ་ཉིད་ནས་ཁ་རྡུང་གིས་གནོན་གི།
དོག་སེམས་ཁབ་མིག་ལྟ་བུའི་ཀ་རྩོམ་གྱིས།།
ནོག་ཅན་གླིང་གི་རིགས་ལ་བརྡའ་མི་འཕྲོད།།

 
2009.04.08 23:42:23
quest
པ་སངས་ལྟ་བའི་ལྷག་བསམ་ཅན་ལ༎
ཕ་བསད་དགྲ་བཞིན་སྡང་ཟུག་བྱེད་མཁན༎
བ་གླང་ལས་ཀྱང་རྨོངས་པ་དེ་ཚོ༎
མ་རྒན་གྲས་ལ་རྩིས་ཐབས་བྲལ་སོང༌༎

 
2009.04.09 02:38:54
ཙ་རི་ཡུལ་ཁམས་དབེན་པའི་རི་སུལ་ན།།
ཚ་གྲང་གདུང་བས་མནར་བའི་སྤུན་ཟླ་ཚོ།།
ཛ་དྲག་དུས་ལ་མ་ཞུམ་ཡར་ལ་ལོངས།།
ཝ་སྐྱེས་ཕ་མཐར་སྐྲོད་ལ་ཐག་མི་རིང།།

 
2009.04.10 01:25:14
ཞ་མོ་གོན་པའི་དཔར་གཅིག་ཚུར་བསྟན་ནས།
ཟ་ཁང་ནང་དུ་ཧབ་ཐུག་འཐུང་ཞོར་དུ།
འ་ཛི་ང་ཡང་མཁས་དབང་ཡིན་ཟེར་བའི།
ཡ་མེད་དེ་ཚོར་ཡང་ཡང་དོགས་ཟོན་དགོས།[IMG][/IMG]

 
2009.04.10 01:30:23
hello anyone, if you need tape here tibetan first you need download and install himalaya tibetan, than you have to go control panel, then language, then detail, then add, then chinese prc, then tibetan prc, done. i hope you that will help. from RASA PHONYA

 
2009.04.10 14:03:31
quest
Rapsaphonya, thank you for instructing us how to download and install in our computer.But it does't
work out in my computer, I tried very hard to download Himalaya Tibetan and Melom Bodyig3
but, it does't show me what instructedit be illegible. Anyway I have to by a new computer with windows visata, because I am exiting to post my
opoin on this web

 
2009.04.10 05:57:54
ར་ལྟར་གྱོང་བའི་རང་གཤིས་དེ་ངོམ་ནས།།
ལ་ལུང་ཀུན་གྱི་མི་ལ་ཁ་ཞིག་བརྡར།།
ཤ་ཁང་ཆང་ཁང་ཁོ་ན་ཉུལ་མཁན་གྱི།།
ས་མཐའི་འཁྱམ་པོ་འདི་ཚོའང་དོགས་ཟོན་གནས།།

 
2009.04.10 14:44:20
quest
གོང་གི་དབྱིན་ཡིག་འབྲི་མཁན་དེར་ཞུ་རྒྱུ། ཁྱོད་ཀྱི་གློག་ཀླད་ནང་བོད་ཡིག་སྒྲིག་འཇུག་གནང་འདོད་ན། བང་ཆེན་ལ་ཐད་ཀར་གློག་འཕྲིན་ཐོངས། ཡང་མིན་ན་ཁྱོད་ཀྱི་གློག་འཕྲིན་ཁ་བྱང་དེ་འདིར་བྲིས་དང༌། ངས་ཁྱོད་ལ་གློག་འཕྲིན་རྒྱུད་ནས་བོད་ཡིག་གཉེན་ཆས་རྣམས་ཕར་བསྐུར་ཆོག་

 
2009.04.14 13:42:52
quest
Dear, Rabsaphanya, Thank you so much for trying help peopl who lack of computer technique like me,but can't
put my E-mail address in this public web. because some people would send me a rubbish things.
I am not much learned man, so I would like to learn from educated people through this web. But some people who make
me so sade because some people think this web is a bar or snooker hall. They don't know this web spreads alover the world.

 
2009.04.10 15:54:44
quest
ད་ཡིན་ན། ལྷ་སའི་དུད་ནག་གིས་ཁམས་པགས་གོན་པ་མ་ཟད། ཧོར་པགས་འདྲ་ཡང་གོན་རྩིས་བྱེད་ཀྱི་འདུག སྐྱུགས་བྲོ་བའི་ལྟད་མོ་འདི་ཡ་མཚན་པ་ཞིག ཁྱོད་ཧོར་པ་ཡིན་ནའང་ཧ་ལས་རྒྱུ་མི་འདུག ཝ་ཉིད་ཝ་ཡི་རིགས་ལ་སྡང་མཁན་ཧོར་པ་དེ་འདྲ་ང་ཚོ་ལ་མི་དགོས་ཐག་གཅོད་ཡིན།

 
2009.04.11 00:38:38
ང་ཧོར་པ་ཡིན་ལབ་ཀྱིན་མེད། ཡིན་ན་ཡང་ཧོར་ཁོགས་ཡས་མས་ལ་ཆ་རྒྱུས་ང་ཆེ་ཞེས་ལབ་ཀྱིན་ཡོད། ཀ་མཛེ་དམར་ར་ཐང་དང་རྒྱ་རྗེ་ཤྭ་རྭ་ཐང་དེ་ཚོའི་ས་འབུར་འབུར་དང་རྡོ་འཇོང་འཇོང་དེ་ཚོ་ཡན་ཆད་མིག་ལམ་ལ་ཤར་ཡོང་གིན་འདུག ཀ་མཛེ་གྲོང་བརྡལ་ནས་མཐོང་བའི་རྒྱང་རིང་ལྷོ་ཕྱོགས་ཀྱི་གངས་རིའི་མུ་ཁྱུད་དེ་ཚོ་དངོས་གནས་བརྗིད་ཉམས་ཆེ། ཉག་སྟོད་ཁ་བ་ལབ་རི་ཞེས་པའི་རི་བོ་དེ་ཨེ་ཡིན་ནམ། འདིར་ཧོར་པ་རེ་ཡོད་ན་གངས་རི་དེ་ཚོ་ངོ་སྤྲོད་རེ་གྱིས་དང་། ཧོར་མོ་དེ་ཚོས་སྐུད་པ་དམར་པོ་དང་མཉམ་དུ་བསླས་པའི་སྐྲའི་ལན་བུ་དེ་མགོར་དཀྲིས་པའི་འོག་གི་ཟུར་མིག་དེ་ཚོས་ངའི་སེམས་པ་དཀྲོག་པ་ཐེངས་གཅིག་ག་ལ་ཡིན།

 
2009.04.11 10:10:15
གྲོགས་པོ་ཚོ། ཁྱེད་ཀྱིས་གཤམ་ཀྱི་དྲ་རྒྱའི་ནང་ཕེབས་ནས་ཧི་མ་ལ་ཡ་བོད་ཡིག་གློག་ཀླད་ནང་བླུགས་དགོས།http://www.tibettimes.net/index.php?id=115&type=p དེ་ནས་ངས་ལམ་བཞིན་དབྱིན་ཡིག་ཐོག་བསྣོན་རོགས།

1 start>>2 control panel>>3 regional and language>>>4 languages>>>5 detail>>6 add>>དེ་ནས་སྟོང་པ་གོང་མའི་ནང་chinese (PRC)སྟོང་པ་འོག་མའི་ནང་tibetan(PRC)འདེམས་དགོས། >>0Kབསྣོན། ཁྱོད་བོད་དང་པོར་བཞག་ན་བོད་ཡིག་དང་པོ་ཡོང་གི་རེད།

དེ་ནས་ཁྱེད་རང་ཨང་༥པའི་ནང་སླེབས་ཀྱི་རེད། དེར་ཁྱེད་ཀྱིས་key setting བསྣོན་དགོས། swich to chinese (prc)ཞེས་པ་དེ་འདེམས་ནས་change key sequenceཞེས་པ་བསྣོན། enable key sequence ལ་འགྲིགས་རྟགས་རྒྱོབ། དེ་ནས་oKཔསྣོན། ལེགས་པར་ཚར་སོང་། དེ་ཁྱོད་ཀྱིས་བོད་ག་དུས་བཀྱོན་དགོས་ན་altདང་shiftདང་ཨང་0བསྣོན་དགོས། སྐྱ་རེངས་རྩོམ་སྒྲིག་ཁང་ནས།

 
2009.04.14 07:05:15
འཇིགས་བྲལ་རིགས་ཞེན་གོ་ཆ་ལ་རྟེན་ནས།།
མགོན་མེད་ཁ་བའི་ལྗོངས་ཀྱི་རྩོམ་རིག་གཞུང་།།
དབང་ཤུགས་མཁྲེགས་འཛིན་ལྟ་བའི་ཅོང་རོང་ནས།།
མི་ནུབ་རྒྱལ་མཚན་སྒྲེང་མཛད་བེ་རི་བ།།

 
2009.04.15 00:48:06
quest
Dear Tanam la,

thank you very much for your reply, first i got problem to type himalaya font, and there is not detail imfomation in tibetan. So, i wish to help peole who had got the problem like mine. i hope you that imformation could help. if got some problem write here, i will try to help.