བོད་ཀྱི་བང་ཆེན། ཟིན་བྲིས། berijigme ནུབ་ཕྱོགས་ཨ་རིར་ཐར་བའི་སྨོན་ལམ་བཞུགས་སོ།།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.04.10 20:32:45
ནུབ་ཕྱོགས་ཨ་རིར་ཐར་བའི་སྨོན་ལམ་བཞུགས་སོ།།
 

 འཕགས་པ་བྷུ་ཤི་ལ་ཕྱག་འཚལ་ལོ།།

 

ཛམྦུ་ནཱ་དའི་ལྷོ་གླིང་ཡངས་པོའི་ཁྱོན།།

ཀུན་གྱིས་དག་པ་ལྷ་ཡུལ་བརྩི་བའི་ཞིང༌།།

ཌོ་ལའི་དངོས་གྲུབ་ཆར་ལྟར་འབབ་པའི་གཏེར།།

ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག།


 ཡིག་ཆ་རྫུན་མས་སྟོང་གསུམ་ཀླད་ཡུག་བསྐོར།།

ཝི་ས་རྫུན་མས་གཞུང་ཚབ་མགོ་བསྐོར་བཏང༌།།

གྲྭ་ཆས་རྫུན་མས་སྦྱིན་བདག་སླུ་བྲིད་བྱེད།།

ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག།

 

སྐུ་དྲག་མཐོན་པོས་གཞུང་གི་ལས་ཤོག་བཙོང༌།།

བླ་སྤྲུལ་མཁས་པས་དམ་ཚིག་སྡོམ་པ་བཙོང༌།།

ལྷ་ལྕམ་མཛེས་མས་རང་ལུས་རྗེན་པ་བཙོང༌།།

ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག།

 

ནང་མིའི་བརྩེ་དུང་ནམ་མཁའི་འཇའ་ལྟར་ཡལ།།

ཡ་རབ་སྤྱོད་བཟང་མར་ངོས་ཟླ་བཞིན་འགྲིབ།།

རྒྱལ་ཞེན་ལྷག་བསམ་མར་མེ་བཞིན་དུ་ཤི།།

ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག།

 

མདོར་ན་ཕ་མ་སྤུན་ཉེ་བུ་ཕྲུག་དང༌།།

རྩ་དོན་ལ་རྒྱ་ཆོས་དང་རིག་གཞུང་སོགས།།

གང་ལའང་ཞེ་ཆགས་སྤུ་ཙམ་མི་མངའ་བ།།

ནུབ་ཕྱོགས་ཨརིའི་ཞིང་དུ་ཐར་བར་ཤོག།

 

དགེ་བ་འདི་ཡིས་མྱུར་དུ་བདག།

ཇོ་ཤུ་བྷུ་ཤི་འགྲུབ་གྱུར་ཅིག།

བོད་མི་གཅིག་ཀྱང་མ་ལུས་པ།།

ཨ་མེ་རི་ཁར་ཐར་བར་ཤོག།

 

༢༠༠༥ལོར་༼ནོར་ལྡེ༽ཐོག་བཀོད།

 

 




2009.04.10 19:12:41
ད་དུང་མ་གཅིག་སྤུན་ཟླ་ཆང་ས་བྱས།།
དགོས་དབང་བྱུང་ན་མ་བུའང་ཆང་ས་བྱེད།།
བུ་དང་བུ་མོའི་མིང་ཐོ་ནག་ཚོང་གིས།།
བསག་པའི་དགེ་རྩ་ཌོ་ལོ་ཐོབ་ཕྱིར་བསྔོ།།

ཆབ་སྲིད་དབང་གིས་བཙོན་ཏུ་ཚུད་པ་དང།།
རྒྱ་གར་ཡུལ་དུ་ཐོབ་ཐང་མེད་པར་བཤད།།
བཙན་བྱོལ་གཞུང་གི་གསོ་སྐྱོང་མ་ཐོབ་པའི།།
རྫུན་སྨྲས་དགེ་བས་སྐྱབས་བཅོལ་ལོན་པར་སྨོན།།

མ་རབ་ཁོ་ན་བསག་པ་ཡིས།།
གསང་སྤྱོད་འཁྲིད་པའི་བཀྲིས་ཤོག།
མགོ་སྐོར་ཁོ་ན་བཏང་བ་ཡིས།།
ངལ་གསོ་མེད་པའི་བཀྲིས་ཤོག།

 
2009.04.10 21:16:34
ཆེས་མཆོག་ཏུ་བཀུར་འོས་བེ་རི་འཇིག་མེད་ལགས། ཁ་སང་ངས་འདི་ནས བེ་རི་གནམ་གྱི་སྐར་ཆེན་དེ།། ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་མཆོད་བརྗོད་ཅིག་ཞུས་ཡོད་ལ། དེ་རིང་ཡང་སྐྱར་ནགས་ཕྲན་པ་ལྷན་དུ་ངོ་སོ་བསྟོད་ཡ། རྣམ་པ་གཉིས་ཀྱིས་དེང་གི་བོད་མིའི་རང་གཤིས་མཚོན་པའི་བསླབ་བྱ་དེ་ཚོ་ཉན་ཤེས་ན་ལམ་སྟོན་གོང་ན་མེད་པ་ཞིག་དང་དམིགས་བསལ་བ་ཞིག་རེད། ལྷན་རྒྱས་ཀྱི་ཞལ་ཚ་བའི་བཀའ་དེས་ཁོང་ཚོའི་རྣ་བ་གཟན་གྱི་ཡོད་རུང་དོན་ལ་ཤ་ཚ་བའི་ལམ་སྟོན་ཞིག་ཅིས་ཀྱང་མིན། གཅམ་བུ་ཁོ་ནའི་ངག་གིས་མགུ་ལ་ལྷུར་ལེན་པ་ནི་དེ་ཙམ་གྱིས་རིན་ཐང་ཞིག་གང་ནས་ཡོང་། ཨ་ལེ་གཞུགས་ཨཱ། མ་གཞི་ནས་ནགས་ཕྲན་པ་ཟེར་བ་དེ་ལད་མོ་ལ་མཁས་པ་ཞིག་འདུག། འོ་ན་བོད་ཀྱི་ཁ་དཔེ་ལ། བྱ་བ་ཐམས་ཅད་ལད་མོ་ཡིན།། ལད་མོའི་ནང་ནས་སུ་མཁས་ཡིན།། ཟེར་བ་མ་རེད་པས་ཟེར་ན་དེ་ཡང་བདེ་པ་འདུག་ཡ།

 
2009.04.12 02:26:53
quest
སེམས་དཔའ་ཆེན་པོ་དྲུག་གི་མཛད་རྗེས་སེམས་གཏིང་ནས་དྲན་བཞིན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཨོ་བྷག་མ་ལ་ཕྱག་འཚལ་ལོ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྷུ་ཤི་ལ་ཕྱག་འཚལ་ལོ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁེ་ན་ཌ་ལ་ཕྱག་འཚལ་ལོ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལིང་ཁེན་ལ་ཕྱག་འཚལ་ལོ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རོ་སི་ཝས་ལ་ཕྱག་འཚལ་ལོ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཝ་ཤིང་ཊོན་ལ་ཕྱག་འཚལ་ལོ།
ཁྱེད་རྣམས་མཆོད་ཅིང་གསོལ་བ་བཏབས་པའི་མཐུས༎
བདག་སོགས་གང་ན་གནས་པའི་ས་ཕྱོགས་དེར༎
ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌༎
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ༎

ཨ་རིའི་ཕོ་བྲང་དཀར་པོའི་ནང༎
འཕགས་པ་བྷི་རག་ཨོ་བྷ་མ།།
ནག་རིལ་མང་པོའི་འཁོར་གྱིས་བསྐོར༎
ཐེར་འབུམ་བདུན་བརྒྱ་པྱག་ན་འཛིན༎
འགྲོ་བའི་དབུལ་ཕོངས་སེལ་བ་དང༌༎
བསྟན་པ་རྒྱས་པར་བྱིན་གྱིས་རློབས༎

ཊ་སི་སི་ཡི་གླིང་ན་ནི༎
འཕགས་པ་ཇོར་ཇི་བྷུ་ཤི་ཞབས༎
མུ་མཐུད་རོགས།

 
2009.04.12 10:54:01
quest

ཨ་རིར་སྡོད་མཁན་ང་ཡིས་ཉིན་དང་མཚན༎
ལས་པའི་ཟླ་ཕོགས་སུམ་སྟོང་ལྔ་བརྒྱ་དང༌༎
རྒྱ་ནག་གཞུང་ཚབ་མཉམ་འབྲེལ་རྒྱལ་ཚོགས་སོགས༎
གནད་ཡོད་གང་སར་ངོ་རྒོལ་བྱས་པའི་དགེ༎
ཨ་རིར་ཆང་ས་རྒྱག་མཁན་ཨི་འདུག་དང༌༎
ཨ་རིར་གཏོང་མཁན་ཚོང་པ་ཨི་འདུག་སོགས།།
བལྟས་བལྟས་ཉིད་ཀྱིས་མིག་རྩ་སྦྲིད་པ་ཡི༎
ཨ་རིར་མ་ཐར་བ་རྣམས་ཐར་ཕྱིར་བསྔོ༎

ཨ་རིའི་བོད་མི་རྒྱ་གར་སླེབས་པ་ན༎
ཤིང་ཏོག་ཕྲན་བུ་ཁུར་ནས་འདུར་རྒྱུག་གིས༎
ཨ་ཕ་ན་ཞིང་ཨ་མ་ཤི་བ་དང༌།
ཕྲུ་གུ་སློབ་ཡོན་མེད་དང་སྨན་ཡོན་མེད༎
བཙན་བྱོལ་གཞུང་གི་རོགས་རམ་མེད་ལུགས་དང༌༎
དགེ་བཤེས་སྟོན་མགོ་མ་ཕོག་ལུས་ལུགས་སོགས༎
མེད་མེད་མུག་མུག་ལུང་པ་གང་བ་ཡི༎
རྫུན་སྨས་དགེ་བས་རོགས་དངུལ་ལོན་པར་སྨོན༎

གཞན་གྱི་རོགས་དངུལ་ཁོ་ན་རྔམ༎
རང་དངུལ་མེད་པའི་བཀྲ་ཤིས་ཤོག།
སྤྱིན་བདག་ཐམས་ཅད་མགོ་སྐོར་གཏོང༌༎
རང་མགོ་འཁོར་བའི་བཀྲ་ཤིས་ཤོག།


 
2009.04.12 15:44:45
quest
མཁས་དབང་ཕལ་ཆེར་ཨ་རིའི་ཡུལ་ལ་སླེབས༎
ཕྱུག་པོ་ཕལ་ཆེར་ཨ་རིའི་ཡུལ་ལ་སླེབས༎
སྤྱང་པོ་ཕལ་ཆེར་ཨ་རིའི་ཡུལ་ལ་སླེབས༎
འཇོན་སྟངས་ཅན་རྣམས་ཨ་རིའི་ཡུལ་ལ་སླེབས༎

བརྩོན་འགྲུས་ཅན་རྣམས་ཨ་རིའི་ཡུལ་དུ་ཡོད༎
བློ་རྒྱ་ཅན་རྣམས་ཨ་རིའི་ཡུལ་ལ་ཡོད༎
ཕན་སེམས་ཅན་རྣམས་ཨ་རིའི་ཡུལ་དུ་ཡོད༎
ལྷག་བསམ་ཅན་རྣམས་ཨ་རིའི་ཡུལ་ལ་ཡོད༎

ཕྲག་དོག་ཆེ་ཚད་རྒྱ་བལ་ཡུལ་དུ་ལུས༎
ལེ་ལོ་ཆེ་ཚད་རྒྱ་བལ་ཡུལ་དུ་ལུས༎
ཤེས་ཡོན་མེད་ཚད་རྒྱ་བལ་ཡུལ་དུ་ལུས༎
རྣམ་པ་མེད་ཚད་རྒྱ་བལ་ཡུལ་དུ་ལུས༎

ཉུལ་མ་ཐམས་ཅད་རྡ་རམ་ས་ལ་ཡོད༎
ནག་ཆེན་ཚོང་པ་ལྡི་ལི་ནང་ལ་ཡོད༎
མགོ་གཉིས་མ་རྣམས་བལ་ཡུལ་ནང་ལ་ཡོད༎
རྨོངས་འཐོམ་ཐམས་ཅད་རྒྱ་གར་ལྷོ་པྱོགས་ཡོད༎


 
2009.04.12 20:42:27
ནགས་ཕྲན་པ་ཡི་ནག་འཐོམ་འཐོམ།། ལེ་ལོས་མྱོས་པའི་བྱ་འགུལ་རྣམས།། མི་ཉག་འབྲོག་པའི་འདུན་ལམ་གྱི།། རྡོ་བའི་ཁ་སོ་ཡར་རྒྱས་ཤོག

 
2009.04.11 00:44:19
ལོ་ཤས་སྔོན་ཧོར་ཁོགས་ཤིག་ནས་ཧོར་སྐད་རང་གི་སྟེང་དུ་བྲིས་པའི་གླིང་གེ་སར་གྱི་སྒྲུང་དཔེ་ཞིག་རྙེད་ཚུལ་རྒྱ་གཞུང་གི་དེབ་ཅིག་གི་སྟེང་དུ་བཀོད་འདུག བེར་འཇིགས་སོགས་ཧོར་པ་ཚོས་དེའི་སྐོར་གསལ་པོར་གོ་ཡོད་ན་འདིར་ངོ་སྤྲོད་ཅིག་གྱིས་དང་། ཧོར་སྐད་འདི་ཡིག་ཐོག་ཏུ་ག་འདྲ་བྱས་ནས་བྲིས་ཡོད་དམ་སྙམ།

 
2009.04.11 09:07:33
གྲྭ་ཆས་གོན་ནས་གྲྭ་པ་ཚོ་ལ་སྨད།།
དགེ་བཤེས་བཞག་ནས་དགེ་བའི་བཤེས་ལ་འཕྱ།།
དཔེ་ཆ་སྦྱངས་ནས་དཔེ་ཆའི་དོན་ལ་སྐུར།།
དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན།།
ཝ་སྐྱེས་བུ་ལ་ཅི་ཕྱིར་སུ་མི་རྟོན།།

 
2009.04.12 08:27:34
quest
འཕགས་པ་བྷིརག་ཨོ་བྷག་མ་ལ་ཕྱག་འཚལ་ལོ།།

གཞིས་ལུས་བོད་དང་རྒྱ་བལ་བཙན་བྱོལ་ཁྲོད༎
དབུལ་སྐྱོབ་རྒན་གསོ་སྨན་ཁང་བརྒྱབ་པའི་ཆེད།།
ཉིན་མཚན་མེད་པར་ལས་ཀ་བྱེད་པ་ཡི༎
ཨ་རིའི་བོད་མི་རྣམས་ལ་བསྐྱབ་སུ་མཆི༎

ནང་མིའི་བརྩེ་དུང་མ་ཡལ་ཟླ་བསྒྲིལ་བྱེད།།
ཡ་རབ་སྤྱོད་བཟང་ཡུལ་མིས་བསྟོད་བསྔགས་ཐོབ༎
རྒྱལ་ཞེན་འཐབ་རྩོད་རྒྱལ་སྤྱིའི་སྒོ་ཁར་བསྐྱེལ༎
ཨ་རིའི་བོད་མི་རྣམས་ལ་བསྐྱབ་སུ་མཆི༎

མདོར་ན་གཞིས་བྱེས་ཕ་མ་སྤུན་ཉེ་དང༌།།
རྩ་དོན་ལ་རྒྱ་ཆོས་དང་རིག་གཞུང་ལ།།
ཁ་ཡོད་ལག་ཡོད་རོགས་ཕན་བྱེད་པ་ཡི༎
ཨ་རིའི་བོད་མི་རྣམས་ལ་བསྐྱབ་སུ་མཆི༎

ཁོག་ནང་འདོད་རྔམ་མེ་ལྟར་འབར་བ་དང༌།།
ཁ་ནང་དཀོར་ཟས་ཌོ་ལ་འགམ་བཞིན་དུ།།
སྐྱོན་བརྗོད་ཁོ་ནའི་མི་ཚེ་བསྐྱེལ་བ་ཡི༎
རྒྱ་བལ་བོད་མི་དེ་དག་སྙིང་རྗེའི་ཡུལ༎

མགྲོན་ཤོག་རྫུན་མ་བཟོ་མཁན་རྒྱ་གར་འདུག།
ཝིས་ཟ་རྫུན་མ་ཞུ་མཁན་བལ་ཡུལ་འདུག།
ཨ་རིར་ཡོང་མཁན་མི་རེའི་ལག་པ་ནས༎
སྒོར་མོ་འབུམ་ཕྲག་འཕྲོག་མཁན་དེ་ན་འདུག།

ཨ་རིར་རྫུན་དང་ལྐོག་རྔན་འགྲོ་ས་མེད༎
མི་རིགས་དཀར་ནག་ཕོ་མོ་ཁྱད་པར་མེད༎
དཔོན་གཡོག་དབུལ་ཕྱུག་གྲལ་རིམ་ཁྱད་པར་མེད༎
རྒྱལ་ཁབ་གཞན་གྱིས་གནོན་ཤུགས་སྤྲོད་ས་མེད༎

དགེ་བ་འདི་ཡིས་མྱུར་དུ་བདག།
ལྟོགས་པ་ཟས་ལ་ལྟ་བ་བཞིན༎
ཨ་རི་སྒུགས་ནས་སྡོད་པ་ཡི༎
མ་ཐར་བ་རྣམས་ཐར་བ་ཤོག
ཐར་ནས་ཁྱི་ཁ་ཟུམ་པར་ཤོག།

 
2009.04.12 09:15:00
quest

 
2009.04.12 20:50:34
བེ་རི་འཇིག་མེད་དབང་རྒྱལ་གྱིས།། ཉ་ཉུང་བསྲེས་པའི་ལས་ངན་འདིས།། མ་གྱུར་ཧོར་པ་ཐམས་ཅད་ཀྱི།། མར་འགྲོ་ཐོབ་པའི་རྒྱུར་རུ་བསྔོའོ།།

 
2009.04.13 01:47:59
བེ་རི་འདིས་ག་དུས་ཡིན་ན་ཡང་དགོས་པ་མེད་ལ་དགག་བྱ་ཆེ་བའི་གཏམ་ཉོག་ཤ་སྟག་ཤོད་ཀྱིན་འདུག ད་ཁྱོད་ཚོ་བེ་རིའི་རྗེས་སུ་འབྲངས་ནས་འདིའི་སྐོར་མང་པོ་མ་གླེང་རོགས། སྐད་ཆ་འདི་ཚོས་རྒྱ་གར་གྱི་བོད་མི་དང་ཨ་རིའི་བོད་མི་ཟེར་ནས་ཕན་ཚུལ་མཐོང་ཆུང་བྱེད་པའི་ལྟ་ཚུལ་འཇགས་པའི་རྐྱེན་བྱེད་མི་སྲིད་པ་མ་རེད། གསར་འབྱོར་དང་རྙིང་འབྱོར་ཟེར་བའི་བཤད་རྒྱུ་ངན་པ་དེ་བྱུང་བ་བཞིན་ཡོང་མི་སྲིད་པ་མ་རེད།

 
2009.04.17 01:03:17
quest
གངས་ཅན་བོད་པ་ཡོངས་དང་ལྷག་པར་དུ་བོད་ནང་དུ་ཡོད་པའི་སྤུན་ཟླ་རྣམས་ལ་བཀྲིསས་བེད་ལེགས་ཞུ་རྒྱུ་དང་སྙིང་སྟོབས་ཤེས་ཡོན་ལྡན་པའི་བོད་ཀྱི་བང་ཆེན་གྱི་ལས་ཀྱི་སྣེ་མོ་པ་ཡོང་ལ་བཀྲིསས་བདེ་ལེགས་དང་།