བོད་ཀྱི་བང་ཆེན། ཟིན་བྲིས། berijigme མན་ཇུག་ཊི་ལའི་ལྟད་མོ་སླར་ཡང་མཐོང༌།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.04.10 20:33:55
མན་ཇུག་ཊི་ལའི་ལྟད་མོ་སླར་ཡང་མཐོང༌།

ཁ་རྩངས་དགུང་མོར་དྷ་རམ་ས་ནས་ཡོང༌།།

ད་ནངས་ཞོགས་པར་མ་ཇུག་ཊི་ལར་སླེབས།།

སང་ཉིན་ཉིན་གུང་ལྷོ་ཕྱོགས་འགྲོ་དགོས་ཀྱང༌།།

དེ་རིང་འདི་ན་མི་འདུག་ཀ་མེད་རེད།།


 མྱི་མང་སྣ་འདུས་མ་ཇུག་ཊི་ལའི་ཁྲོམ།།

ཡུན་རིང་བསྡད་འདོད་སེམས་ལ་མེད་ན་ཡང༌།།

མེ་འཁོར་འཛིན་བྱང་དུས་ཐོག་མ་རག་པས།།

ད་དུང་ཉིན་ཤས་མ་བསྡད་རང་བསྡད་རེད།།

 

དེ་སྔོན་ནུབ་ཕྱོགས་ཨ་རིར་འཕུར་སྐབས་དང༌།།

དྷ་རམ་ས་ལར་ཐེངས་མང་བསྐྱོད་པའི་སྐབས།།

ལྷ་འདྲེའི་ཆོ་འཕྲུལ་འདྲ་བའི་གྲོང་ཚོ་འདིར།།

ཐེངས་གཅིག་མིན་པར་ཡང་ཡང་འགྲིམས་ནས་སོང༌།།

 

སྟོན་མཇུག་རླུང་ལྟར་འཚུབ་པའི་ཁོར་ཡུག་འདིར།།

ཇི་ཙམ་སླེབས་ཀྱང་རྫོགས་མཐའ་མི་མངོན་པའི།།

ཡ་མཚན་ལྟད་མོ་འདྲ་མིན་མང་དྲགས་ནས།།

ཐམས་ཅད་བྲིས་ན་རྫོགས་མཐའ་ག་ལ་ཡོད།།

 

དེ་རིང་གསར་དུ་མཐོང་བའི་ལྟད་མོ་འགའ།།

དོན་གྱི་སྙིང་པོར་སྒྲོ་བཏགས་མ་བྱས་ཤིང༌།།

ཚིག་གི་ལོ་མས་བརྗོད་དོན་མ་སྒྲིབ་པར།།

བདེན་པའི་གཏམ་གྱི་ཉིན་ཐོ་འབྲི་འདོད་སྐྱེས།།

 

ཆང་ཁང་བཀག་ནས་ཞག་གསུམ་མ་ལོན་གོང༌།།

ཨ་ཁང་སྒོ་འབྱེད་བྱས་པའི་མཛད་སྒོ་མཐོང༌།།

བྱམས་བརྩེ་དཀར་སྐྱོང་ཚོགས་མིའི་ཟ་ཁང་ནང༌།།

ར་ཤ་གླང་ཤའི་རྒྱས་སྤྲོས་སྔར་བས་ཆེ།།

 

གཉེན་སྒྲིགས་རྟེན་འབྲེལ་བྱས་པའི་སྔར་ནུབ་ཏུ།།

བཟའ་ཟླའི་ཕང་ནས་ཕྲུ་གུ་སྐྱེས་པ་ཐོས།།

བུ་དགུ་ཨ་མས་པ་ཇ་བྷ་ཛའི་ཁྲོམ།།

འཇའ་མ་བརྫིས་ནས་སྟུ་བཙོང་རྒྱབ་པ་ཐོས།།

 

གྲྭ་ཆས་གོན་ནས་ཨེ་སིང་མགྲོན་ཁང་ནང༌།།

ན་གཞོན་བུ་མོ་རུམ་པའི་ལྟད་མོ་མཐོང༌།།

ཨེ་བྷི་སི་ཌི་ཡིག་ངོ་མི་ཤེས་པར།།

ཡིག་ཆ་རྫུན་མའི་ནག་འཚོང་རྒྱག་མཁན་མང༌།།

 

གཞང་འཚོང་བུ་མོ་བཀག་པའི་ཁྱབ་བསྒྲགས་འོག།

མོ་བྷེལ་ཨང་གྲངས་འཁོད་པའི་འཛིན་བྱང་གསལ།།

ཚོང་པ་རྒན་པོ་བསྡད་སའི་མགྲོན་ཁང་ནང༌།།

སྨད་ཚོང་བུ་མོའི་དགོད་སྒྲ་གཞན་ལས་སྙན།།

 

རྒྱབ་ལྕོག་གྲུ་བཞི་བསྒྲིགས་པའི་སྦག་ཁང་ནང༌།།

ཁྲི་ཕྲག་འབུམ་ཕྲག་འཛུགས་པའི་རྒྱན་རྩེད་མཐོང༌།།

ཁྱོ་ག་ཆང་གིས་བཟི་ནས་གཉིད་པའི་རྗེས།།

བཟའ་ཟླ་གཡོག་པོས་རུམ་པའི་གཏམ་རྒྱུད་མང༌།།

 

མན་ཇུག་ཊི་ལའི་ཡ་མཚན་ལྟད་མོ་ཀུན།།

ཤོག་ཐོག་ཕབ་ན་རྫོགས་མཐའ་མི་འདུག་ཀྱང༌།།

དེ་རིང་ཁ་རྩངས་མཐོང་ཐོས་བྱུང་བ་རྣམས།།

ཉིན་ཐོ་གྲུ་བཞིའི་ནང་དུ་བཀོད་པ་ལགས།།

 

༢༠༠༥།༦།༦།ཉིན་ལྡི་ལི་ནས་བྲིས།

 




2009.04.11 00:53:40
ཚིགས་བཅད་འདི་ཚོའི་ནང་དུ་ཧོར་སྐད་མང་ཙམ་བསྲེས་ཡོད་པ་འདྲ། འཇའ་མ་བརྫིས་ནས་སྟུ་བཙོང་རྒྱབ་པ་ཐོས། ཞེས་པ་དེས་ག་རེ་ཤོད་ཀྱིན་ཡོད་པ་ཡིན་ནམ། བོད་སྐད་ཀྱི་དབང་དུ་བྱས་ན་རྒྱབ་ཅེས་པ་ནི་ལུས་ཀྱི་རྒྱབ་སོགས་ཀྱི་དོན་ཡིན། ཚོང་བྱེད་པའི་དོན་ལ་ནི་ཚོང་རྒྱག ཚོང་བརྒྱབ། ཚོང་བརྒྱབས། ཚོང་རྒྱོབས་ཤིག ཅེས་པ་སྟེ་དུས་གསུམ་གྱི་ནང་ནས་དུས་གསུམ་བྱེ་བྲག་པའི་ཁོངས་སུ་གཏོགས དེ་བཞིན་ཨ་ཁང་སྒོ་འབྱེད་ཅེས་པའི་ཨ་ཁང་དེ་ཡང་གང་ཡིན་ནམ།

 
2009.04.11 11:31:33
quest
ཨ་(ཨར)ཁང་སྒོ་འབྱེད་བྱས་(བྱེད)པའི་མཛད་སྒོ་མཐོང༌།། བྱས་པའི་མཛད་སྒོ་མིག་གིས་མི་མཐོང༌སྟེ། འདས་ཟིན་པ་མིག་གིས་མི་མཐོང་པས་སོ། འདི་འདྲའི་སྐབས་དུས་གསུམ་གྱི་འགྲོ་སྟངས་ཤེས་དགོས་པ་གལ་ཆེན་པོ་རེད།

 
2009.04.11 02:13:08
quest
ཁོ་རེ། ཨ་རོ། སངས་དུད། ཁྱོད་རང་ཅོ་རང་མིན་པ་འདྲ། ཚོང་བྱེད་པའི་དོན་ལ་ནི་ཚོང་རྒྱག ཚོང་བརྒྱབ། ཚོང་བརྒྱབས། ཚོང་རྒྱོབས་ཤིག ལྟ་བུ་འདས་པ་ལ་བརྒྱབས་ཞེས་ཡང་འཇུག་འབྲི་སྲོལ་ཡོད་མེད་ཡག་པོ་ལྟོས་ཞིག སྐབས་རེ་སྔོན་འཇུག་ཕོས་བུལ་བ་ལ་འདས་མ་འོངས་དག་གཅིག་པ་མང་པོ་ཡོང་གི་རེད། རྡ་སྤྲོད་རིག་པའི་ནང་རིགས་འདེད་མང་པོ་བྱེད་རྒྱུ་མེད་པ་འདྲ།

དེ་ལས་ཚིག་གི་འགྲོ་སྟངས་ཀྱི་ཐད་ནས་སྐྱོན་ཆེ་ཤོས་ཤིག་ནི། འཇའ་མ་བརྫིས་(བརྫེས)ནས་སྟུ་བཙོང་རྒྱབ་(བརྒྱབ)པ་ཐོས། ཞེས་བཙོང་དང་བརྒྱབ་གཉིས་མཉམ་དུ་སྦྱར་ཡོང་བ་དེ་རེད། གལ་སྲིད་བརྒྱབ་ཅེས་བྱ་ཚིག་ལྗིད་པོ་དེ་ངེས་པར་དགོས་ཀྱི་ཡོད་ན། སྟུ་ཚོང་བརྒྱབ་པ་ཐོས། ཞེས་བཙོང་གི་ཚབ་ལ་ཚོང་བྲིས་ནས་མིང་ཚིག་གི་རྣམ་པ་སྟོན་ཐབས་བྱེད་དགོས་ཀྱི་རེད། དེ་ཚོ་དངོས་གནས་བརྡ་སྤྲོད་ཀྱི་འགྲོ་སྟངས་དང༌། ལྷག་པར་སྙན་ངག་གི་ཉམས་ཐོན་པ་ལ་གནད་འགག་ཆེན་པོ་ཡོད་རེད།

 
2009.04.11 03:32:15

 
2009.04.11 04:01:57
quest
དགེ་ཤེས་ལགས་མི་མཐོང་དགུ་མཐོང་འདུག་་དེ་དགེ་ཤེས་ལགས་ཀྱི་མཛད་པ་འཕྲིན་ལས་ཡག་ག་ལ་

 
2009.04.11 16:12:15
quest
གྲ་པ་ཐམས་ཅད་དྲ་རྒྱ་ནང་དུ་འཛུལ༎
གྲ་རྒན་ཆགས་དུས་མིག་ལ་གནོད་འོང༌ངོ༎
མི་ནག་ཐམས་ཅད་གྲ་པའི་སྟེང་ལ་གཤེ།
མི་ཡུལ་བྲལ་དུས་རྣམ་སྨིན་འཁོར་འོང་ངོ༎

 
2009.04.11 08:50:46
མན་ཇུ་ཏི་ལར་མཐོང་ཆུང་མ་བྱེད་རོགས།།
བཙན་བྱོལ་བོད་མིའི་རྒྱལ་ས་གཉིས་པ་ཡིན།།
བླ་མ་ཆེན་པོའི་འགྲོན་ཁང་གཉེར་ས་ཡིན།།
ཚོང་པ་ཆེན་པོའི་ཁེ་བཟང་ཟ་ས་ཡིན།།
རྐུན་མ་ཆེན་པོའི་ལག་པ་བསྐྱང་ས་ཡིན།།
དཔོན་པོ་ཆེན་པོའི་རྐུབ་རྐྱག་བཙོང་ས་ཡིན།།
སྙན་མཁན་ཆེན་པོའི་སྙིང་གཏམ་འབྲི་ས་ཡིན།།

 
2009.04.11 15:09:08
དགེ་བཤེས་མ་མཐོང་གཅིག་ཀྱང་མེད།།
དགེ་བཤེས་མཐོང་བ་ཧ་མི་ལས།།
དགེ་བཤེས་གང་བྱས་འགྲོ་དོན་དང་།།
འགྲོ་བ་ཀུན་གཟིགས་དགེ་བཤེས་མཆོག།

 
2009.04.12 03:11:17
quest
᩶ᨓᩏᨋᨨ᪠᫥ᨋᨱᨕ᩶ᨋ᨜ᨑᨋᫀᨕ᪱ᨋ᩶ᩏᨋᩏᨋ᫗᫕ᨑᨋᩩᨋ᫙ᨑᨋ᫥ᨋᩰᨓᩏᨋᨮᨓᩏ᫥ᨋ
᫙ᨑ᪄ᨋ᪱ᨓ᩶ᨋ᪙᪄ᨋ᪱ᨓ᩶ᨋ᩼ᨑᨋᩏ᪄ᨋ᪱ᨑ᫕ᨑᨋ᫡ᩏᨋ᪇᫥ᨋᫍᨑᨋ᫕ᩜᨕ᪱᫥ᨋ
᪂ᨑᨵᨋ᪠᫥ᨵ᫥ᨋ᪄ᨵᨋᩤᨕᨵᨋ᪱ᩏᨋ᪍ᨕ᫕ᨑᨋ᪳ᨕᨋᨵᩧ᪱ᨋ᩶ᨓᨋᫍᨵᨋ᪄᫥ᨋ
᪱ᩚᨕᨵᨋᨵ᫦᪱ᨋᪧᨋ᪱᫙ᨋ᪠ᩰᨕ᩶ᨋ᫄ᨑᨵ᫥ᨋ᫞᪄ᨋᩖᨑᨵᨋ᪚᫞ᨋ᪄ᨋ᪠᫐ᩏᨋ


 
2009.04.12 05:22:51
quest
᩶ᨓᩏᨋᨨ᪠᫥ᨋᨱᨕ᩶ᨋ᨜ᨑᨋᫀᨕ᪱ᨋ᩶ᩏᨋᩏᨋ᫗ᨑᨋᩩᨋ᫙ᨑᨋ᫥ᨋᩰᨓᩏᨋᨮᨓᩏ᫥ᨋ
᫙ᨑ᪄ᨋ᪱ᨓ᩶ᨋ᪙᪄ᨋ᪱ᨓ᩶ᨋ᩼ᨑᨋᩏ᪄ᨋ᪱ᨑᨋ᫗ᨑᨋ᫡ᩏᨋ᪇᫥ᨋᫍᨑᨋ᪠᩶ᨓᨋ᫕ᩜᨕ᪱᫥ᨋ
᫞᫥ᨋᩏ᪄ᨋ᪂ᨑᨵᨋ᪠᫥ᨵ᫥ᨋ᪄ᨵᨋᩥᨕᨵᨋ᪱ᩏᨋ᪍ᨕ᫕ᨑᨋ᪳ᨕᨋᨵᩧ᪱ᨋ᩶ᨓᨋᫍᨵᨋ᪄᫥ᨋ
᪱ᩚᨕᨵᨋᨵ᫦᪱ᨋᪧᨋ᪱᫙ᨋ᩶᩶ᨋ᪍᫕ᨑᨋ᪠ᩰᨕ᩶ᨋ᫄ᨑᨵᨋ᫞᪄ᨋᩖᨑᨵᨋ᪚᫞ᨋ᪄ᨋ᪠᫐ᩏᨋ



 
2009.04.12 08:00:40
འདིར་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་རྩོམ་ཐུང་ཞིག་བཞག་འདུག་པ་ངའི་རྩིས་འཕྲུལ་ལས་མཐོང་ཐུབ་མི་འདུག་པས། ཧི་གཟུགས་བོད་ཡིག་ཐོག་ཕབས་པ་གཤམ་གྱི་ཙིག་བཅད་དེ་ག་རང་རེད། དེང་སྐབས་ཁྱོད་ཀྱི་རྩོམ་དང་ང་ཡི་ཏུ་རི་ས་སྟེང་ཁེངས རིན་མེད་ཕན་མེད་དྲི་ངན་མི་ཡི་ཤང་རྣས་ཞི་བདེ་འཇོམས་ ལས་ངན་སྡིག་བསགས་ནག་སྙོག་མང་པོའི་མྱོ་གཏམ་དེ་ཞག་ནས མཆོག་གསུམ་བླ་མར་དད་པའི་བསྟོད་ཚིག་ལན་གཅིག་ཕུལ་ན་བཟང

 
2009.04.12 20:40:55
quest
᩶ᨓᨋ᫙ᨑᩏᨋ᫙ᨓᨋ᪠᫐᫕ᨋ᫓ᨋ᪠᫕ᨑᨋᨶᩏᨋ᫥ᨓᩏᨋ᩶ᨓᨋ᪠ᩱ᪄ᨋ᪄᫥ᨎᨎ
ᨻᨕᩏᨋ᪂ᨓᨋᨵ᫦᪱ᨋ᪍᫕ᨑᨋᩲ᫞ᨋ᫕᫅᪠ᨋᨳᨕ᪱ᨋ᫙ᨋ᫚ᨋ᪠ᨪᨕ᩶ᨋ᩹᫥ᨎᨎ
᫄ᩏ᫥ᨋ᫨᫥ᨋ᫱ᨋ᪱ᨕᨋ᩶ᩏᨕ᫥ᨋ᫕᩼᫕ᨑᨋ᪄ᨋᩛᩏᨋᨵᨑᨋ᪢ᨋ᪱ᨕᨎᨎ
᩶ᨓᩏᨋᨨ᪠᫥ᨋ᩶᪍ᨓᨋᨵ᫥᫙ᨋᩖ᪄ᨋᨹᨑᨋᨵᨕ᫥ᨋᩂ᪄ᨋᫍᨑᨵᨋ᪗᫥ᨋ᪄᫥ᨎᨎ
ᩡ᪱᫥ᨋᩌ᫙ᨋᨵᨕ᪱ᨋᩰ᪠᫥ᨋᩌᨋᫀ᫞ᨋᩏᨕ᪱ᨋ᪠ᫍᨑ᪄ᨋ᩹ᨋ᫕ᨻᨕᨋᨨ᪠᫥ᨎᨎ
᫖ᨋᩖᨵᨋᨳᨑ᪱᫥ᨋ᪀᪄ᨋ᪠᪾᪄ᨋ᪍᫕ᨑᨋᩤᨑᩏᨋᫀᨋ᩶ᨓᨋ᫕ᨴᨵᨋ᪄᫥ᨋ
ᩚᨵ᫥ᨋ᪍᫕ᨑᨋᫍ᫞ᨋ᫙᫥ᨋ᩶᪱᫙ᨋᨤᩏᨋ᪱᩶ᩏ᫥ᨋ᫦ᨋ᫕᪙ᨕ᫥ᨋ᪍᫕ᨑᨋ᫄ᨓᨎᨎ
ᨳᨕ᪱ᨋ᫙᫥ᨋ᪱ᨑᨋ᫗ᨑ᫥ᨋ᪱ᩲᨕᩏᨋ᫄ᨓᨋ᩾ᨋ᫥᫕ᨑᨋ᪗ᨓᨋ᫖ᨋᨣ᪠ᨎᨎ
ᩏᨕᨋ᩶᪱᫙ᨋᨵ᫐᪄ᨋ᫕ᨕᨵᨋ᪬᫥ᨋ᪠ᫍᨑ᪄ᨋ᫙ᩏᨋ᫡ᨵᨋ᫞ᨕᨵᨋ᪄ᨋ᪱᫇ᨓ᫥ᨎᨎ


 
2009.04.20 01:12:25
quest
བེ་རེས་མཐོང་ཚད་བྲིས་པ་མང་དྲག་ན།།
དགེ་བཤེས་རྫུན་མའི་མིང་ཆད་ཡོང་ཉེན་ཆེ།།
ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་མ་གནོད་ན།།
སེང་གེར་ཁྱི་ཞེས་བཏགས་ཀྱང་སྐྱོན་ཅི་ཡོད།།