བོད་ཀྱི་བང་ཆེན། ཟིན་བྲིས། berijigme ཀ་རྩོམ་ཐོལ་བྱུང་མ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.04.15 19:51:07
ཀ་རྩོམ་ཐོལ་བྱུང་མ།

ཀ་རྩོམ་བྲིས་ནས་ཡོང་སྒོ་མེད་ན་ཡང༎

ཁ་བ་རི་བའི་རྩོམ་རིག་རྒྱུན་སྐྱོང་ཆེད༎

ག་དུས་ཡིན་ནའང་དྲ་ཚིགས་འདི་ཡི་ནང༌༎

ང་ཚོ་ཀ་རྩོམ་འབྲི་འོ་དྲ་གྲོགས་ཚོ༎


 ཅ་ཅོ་འུར་ཟིང་ཚ་བའི་ཁྱི་ངན་དང༌༎

ཆ་མེད་རྒྱུས་གཏམ་བཤད་མཁན་མྱི་ངན་དག།

ཇ་རྒྱག་ཆང་རྒྱག་བྱེད་མཁན་ལས་མེད་སོགས༎

ཉ་དང་ཉུང་མ་མ་བསྟེན་དྲ་གྲོགས་ཚོ༎

 

ཏཱ་ཐ་གཱ་ཏའི་མདོ་སྔགས་བསྟན་པ་ནས༎

ཐ་སྙད་གཙུག་ལག་རིག་གནས་ཡན་ཆད་དང༌༎

ད་དུང་ཉམ་ཐག་བོད་ཀྱི་རྩ་དོན་ལ༎

ན་ཚའི་ཚོར་བ་སློངས་དང་དྲ་གྲོགས་ཚོ༎

 

པ་སངས་ལྟ་དཀར་ལྷག་བསམ་ཅན་དག་ལ༎

ཕ་བསད་དགྲ་ལྟར་འཛིན་པའི་ཅོལ་ཆུང་འགར༎

བ་ལང་ཇི་བཞིན་སྙིང་རྗེས་སྐྱོང་པ་ལས༎

མ་རབས་མཐོང་ཆུང་མ་གཏོང་དྲ་གྲོགས་ཚོ༎

 

ཙ་རི་སྐོར་བའི་སྙིང་སྟོབས་མེ་ལྟར་འབར༎

ཚ་གྲང་ཁྱད་བསད་བརྩོན་འགྲུས་མཚོ་ལྟར་འཕྱུར༎

ཛ་ཡའི་བསྟན་ལ་དད་པ་རི་ལྟར་བརྟན༎

ཝ་ལེར་གྲོགས་སུ་བསྟེན་དང་དྲ་གྲོགས་ཚོ༎

 

ཞྭ་མདོག་རེས་མེད་འཆང་བའི་ཆོས་ལུགས་དང༌༎

ཟ་བྱེད་སེང་དར་འཕྱར་བའི་སྲིད་གཞུང་ལ༎

འ་འུར་ཙམ་མིན་ལྷག་བསམ་རྣམ་དག་གིས༎

ཡ་ཡུག་གདོང་མཆོང་གནང་དང་དྲ་གྲོགས་ཚོ༎

 

ར་བ་གངས་ཅན་ཞིང་གི་རང་དབང་ཆེད༎

ལ་ལུང་གང་སར་ཡོད་པའི་བོད་རིགས་ཚོ༎

ཤ་ཁྲག་གཅིག་པའི་ལ་རྒྱ་དམ་འཛིན་སླད༎

ས་རྟགས་ཁྲག་གིས་བྲིས་དང་དྲ་གྲོགས་ཚོ༎

 

ཧ་ཅང་འཇོན་པའི་ནུས་པ་མེད་ན་ཡང༌༎

ཨ་མེས་ལ་རྒྱ་སེམས་གཏིང་ཉར་བྱས་ཏེ༎

ཧ་རེ་ཧོ་རེ་དུས་ཚོད་མི་བསྐྱལ་བར༎

ཨཱ་ཀི་ཀཱ་ལའི་རྩོམ་རེ་འབྲི་རོགས་གྱིས༎

སྤྱི་ལོ་ 2009 ཟླ་བ་ 4 ཚེས 16 ཞོགས་པ་ཆུ་ཚོད་ 6.42 ཐོག་དྷ་ས་རང་ཤག་ཏུ་བྲིས།

 




2009.04.15 14:58:50
སྙན་པོ་ཆགས་སོང་བསམ་པ་གང་ཡང་མེད༎
ཀ་རྩོམ་འབྲི་རྒྱུའི་དཔེ་ཙམ་བཀོད་པ་ཡིན༎
ཁ་ལྕེ་སྐམ་པོས་མི་ཚེ་མི་སྐྱེལ་བར༎
རིག་པ་དཔེ་ཐོག་འགོད་ལ་ཕན་པར་ཤོག།
དྲ་གྲོགས་ཚོ། མུ་མཐུད་རོགས་གྱིས།

 
2009.04.16 08:19:46
ཀ་རྩོམ་བྲིས་ནས་བྲོད་ཁོག་མི་འགྲང་ཡང་།།
ཁ་བསྟོད་ཙམ་གྱི་མིང་གི་ཐ་སྙད་ལ།།
ག་ལེར་འཇུག་པའི་གཡོ་སྒྱུ་ཡིན་ལས་ཆེ།།
ང་དྲག་བསམ་ནས་བྲིས་པ་མིན་ནམ་ཅི།།

 
2009.04.15 15:31:42
ཀ་ཁ་ག་ང་བོད་ཀྱི་སྐད་ཡིག་རེད།།
ཁ་བ་གངས་ཅན་བོད་ཀྱི་ཕ་ས་རེད།།
ག་པར་སོང་ཡང་སེམས་ནས་མ་བརྗེད་དང།།
ང་ཡི་དྲ་གྲོགས་བོད་རིགས་སྤུན་ཟླ་ཚོ།།

 
2009.04.15 16:34:54
མེག་སི་ཁོའི་གླང་རྫི་ཚོའི་ཞྭ་མོ་འདྲ་བ་ཞིག་གྱོན་ནས་ད་དུང་ཅིག་ཅིག་ཅིག་སེམས་ནས་མ་བརྗེད་ཅེས་ཟེར་ཁུལ་བྱེད་ཀྱིན་འདུག

 
2009.04.16 08:09:43
ཀ་ཁ་ག་ང་བོད་ཀྱི་ཕུང་འདྲེ་ཡིན།།
ཁ་བ་གངས་ཅན་བོད་ཀྱིས་གནའ་ནས་དོར།།
གར་སོང་ས་ན་ཁྱོད་ལ་དོ་སྣང་མེད།།
སྙིང་ན་ཡོད་པ་ཕྱི་གླིང་རིག་པའི་གཞུང་།།

 
2009.04.15 15:43:46
quest
ཅ་ལག་མང་པོ་མེད་ཀྱང་ཆོག་ལེ་རེད༎
ཆ་རྒྱུས་ཆེན་པོ་མེད་ཀྱང་འགྲིགས་ལེ་རེད༎
ཇ་ཆང་དངུལ་དངོས་དཔལ་འབྱོར་ལོངས་སྤྱོད་ཆེད༎
ཉ་རྗེས་རྒྱ་བཞིན་མ་རྒྱུག་དྲ་གྲོགས་ཚོ༎
(མུ་མཐུད་རོགས།)

 
2009.04.15 16:01:11
quest
ཏཱ་ཐ་གཱ་ཏའི་སྐྱེས་ཆེན་ཀུན་ལ་སྨོད༎
ཐ་སྙད་གཙུག་ལག་མཁས་པ་ཀུན་ལ་སྡང༌༎
ད་དུང་དྲང་ཚུགས་ཡིན་མདོག་བྱེད་མཁན་གྱི༎
ན་གཞོན་གྲྭ་ལོག་དེ་ཚོར་དོགས་ཟོན་གྱིས༎
ད་ཁྱོད་ཚོས་བྲིས་ཨ།

 
2009.04.15 16:31:57
བེ་རི་བ་འདི་དངོས་གནས་ནར་སོན་རྒྱུ་མེད་པ་འདྲ། སྤྱིར་བཏང་མི་སུ་ཡིན་ཡང་ལོ་ན་སོན་རིམ་བཞིན་མཐོང་ཐོས་ཀྱི་རྒྱ་ཇེ་ཆེར་གྱུར་ནས་ལྟ་གྲུབ་ཀྱི་འཁོར་ཕྱོགས་ལ་ཡང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་མོད་བེ་རི་བ་འདི་ད་དུང་ཡང་སྔོན་མ་བཞིན་ཀ་རྩོམ་ཀྱག་ཀྱོག་རེ་ཨེ་འཁྱོང་བལྟ་བ་ཙམ་ལས་གང་ཡང་མི་འདུག

 
2009.04.16 08:33:04
དྲ་གྲོགས་ལགས་ཁྱེད་ཀྱི་མིག་ལ་ག་དུས་ཡང་ཀྱག་ཀྱོག་རེ་མ་གཏོགས་མཐོང་རྒྱུ་མེད་པ་ནི་རང་གི་དབང་པོ་ནར་སོན་པ་བརྒྱུད་བེད་སྤྱོད་མེད་པ་ཆགས་པའི་རྟགས་མཚན་རེད། བེ་རིའི་ཀ་རྩོམ་གྱི་ནང་དོན་ཟབ་ཅིང་བརླིང་པ་དང་། གནད་ཐོག་དོན་འཁྱོལ་ཡོད་པ། རྣམ་དཔྱོད་ཡོད་མཁན་ཞིག་ཡིན་ན་ཏག་ཏག་ཤེས་ཀྱི་རེད། འདི་ནི་ཟུར་ཟའི་རི་མོ་མིན་ལ་གཡས་ཀྱོག་གཡོན་ཀྱོག་དེ་བས་ཀྱང་མིན། ཡིད་མ་ཆེས་ན་གཟབ་གཟབ་གྱིས་ཀློག་དང་།

 
2009.04.16 01:02:52
quest
པ་ཊ་བཞིན་དུ་སེམས་པ་བཀྱོགས༎
པ་རྒན་ལས་ཀྱང་སྤྱོིད་པ་ངན༎
བ་ལང་ལྟ་བུའི་རྨོངས་འཐོམ་པ༎
མ་རབས་དུད་ངན་མཱ་ར་ཡ༎
ངའི་སྐལ་བ་དེ་ཡིན། ད་ཁྱོད་ཚོས་བྲིས་ཨ།


 
2009.04.16 18:35:57
quest

ཝར་ཎའི་ཕྱེ་ལེབ་དཀར་པོ།

ར་མདའ།
——–
ཀ་མ་ལ་ཡི་མེ་ཏོག་བཞད་འདྲའི།།
ཁ་འབྲས་མཚར་བའི་བུ་མོ་ཆུང་ཆུང་།།
ག་ནས་འོང་མིན་ཆ་རྒྱུས་མེད་ཀྱང་།།
ང་ཡི་སེམས་པ་ཁྱོད་ལ་ཤོར་སོང་།།

ཅ་ཅོ་བྲལ་པའི་སྐད་ངག་ཁུ་བྱུག།
ཆ་བྱད་མཛེས་པའི་ཞལ་རས་ཟླ་བ།།
ཇ་ཡུན་ཙམ་ཡང་ཁྱེད་ཀྱི་རུམ་ལ།།
ཉ་མོ་བཞིན་དུ་འཁྱུག་ན་འདོད་ཀི།

ཏ་ལའི་ལོ་མའི་གྲིབ་བསིལ་འོག་ཏུ།།
ཐ་མག་བཞིན་དུ་ཁྱོད་ཀྱི་མཆུ་སྒྲོས།།
ད་ལྟ་བརྔུབས་ནས་འདུག་རྒྱུ་བྱུང་ན།།
ན་རག་དམྱལ་བར་ལྷུང་ཡང་མི་འགྱོད།།

པ་ལོ་བཅད་ནས་གྲྭ་པ་བྱས་ཀྱང་།།
ཕ་བཟང་བུ་མོ་ཁྱོད་ལ་ཐུག་དུས།།
བ་གམ་ཅན་གྱི་ཉལ་ཁང་ནང་ནས།།
མ་བསྒོམས་ཁྱོད་ཞལ་མིག་ལ་འཁོར་བྱུང་།།

ཙ་རིའི་འཕྲང་ལམ་རྡོག་པས་མནན་ནས།།
ཚ་བ་ཆེ་བའི་རྒྱ་གར་སླེབས་དུས།།
ཛ་ཡས་ཆོས་འཁོར་བསྐོར་བའི་གནས་མཆོག།
ཝ་ར་ཎ་སིར་ཁྱོད་ལ་མཇལ་བྱུང་།།

ཞ་སྙུག་བྲིས་འདྲའི་ཟུར་མིག་འཁྱོག་པོས།།
ཟ་འཕྲུག་ཚོར་བ་སེམས་ལ་སྤྲད་སོང་།།
འ་ཅག་བར་ན་ལས་དབང་ཡོད་ན།།
ཡ་གིའི་ལྷ་ཡིས་བཀག་ཀྱང་མི་ཁོག།

ར་ཚང་ཕག་ཚང་ཉལ་ས་བྱས་ནས།།
ལ་ཕུག་ལོ་མ་ཟ་དགོས་བྱུང་ཡང་།།
ཤ་ཁྲག་ལུས་སེམས་འདྲེས་རྒྱུ་བྱུང་ན།།
ས་མཐའི་འཚོ་བར་སྐྱོ་སྣང་མི་འདུག།

ཧ་ལོ་ཟེར་ནས་ཁ་པར་གཏོང་ཚུལ།།
ཧ་ཅང་སེམས་ལ་འབབ་ནི་ཞིག་རེད།།
ཨ་མྲ་སྨིན་འདྲའི་མཆུ་འདབ་ཞིམ་པོ།།
ཨ་ཁུ་ང་ཡིས་འཇིབ་ན་འདོད་ཀི།

ཨ་ཏི་ཤ་ཡི་ཚོགས་ཁང་འཁྲིས་ནས།།
ཧ་ཅང་མཛེས་པའི་རི་དྭགས་མིག་ཅན།།
ཨ་རེ་སྐྱིད་ཀི་ཁྱོད་དང་མཇལ་བས།།
ཧ་ལམ་སྣང་བ་ལྷ་ཡུལ་ཁམས་རེད།།

ས་སྟེང་འདི་ན་ཁྱོད་ཀྱི་ཆེད་དུ།།
ཤ་རུས་སོ་སོར་མ་ཐོར་བར་དུ།།
ལ་ལུང་འགྲིམས་ནས་འཚོ་དགོས་བྱུང་ཡང་།།
ར་མདའི་སེམས་ལ་དཀའ་སྣང་མི་འདུག།

ཡ་ཁོག་སེམས་འདི་ཁྱོད་ལ་དགའ་བ།།
འ་ན་མ་ན་ཡིག་ཐོག་ཕབ་པས།།
ཟྭ་ལོ་ལྟ་བུའི་མི་ཁའི་ཚེར་ནང་།།
ཞ་བོ་བཞིན་དུ་ལྷུང་ཡང་མི་འགྱོད།།

ཝ་ལེར་སེམས་ཀྱི་མིག་གི་ལྟ་ས།།
ཛ་ཏིའི་དྲི་ཞིམ་བྲོ་བའི་བུ་མོ།།
ཚ་བའི་ནང་ནས་དྲན་པའི་གདུང་བ།།
ཙ་ར་བཅད་ལས་ལྡབ་ལོག་ཆེ་ཀི།

མ་བསམས་ལས་ཀྱིས་ཁྱོད་དང་ཕྲད་ཉིན།།
བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཐལ།།
ཕ་རྒན་ང་ཡི་བྱ་སྤྱོད་འདི་འདྲ།།
པ་ཕས་མཐོང་ན་སེམས་པ་ལོས་སྐྱོ།།

ན་ནིང་འུ་གཉིས་ཐུག་མྱོང་མེད་ཀྱང་།།
ད་ལོ་ལས་ཀྱིས་འདི་ནས་ཐུག་སོང་།།
ཐ་དད་སེམས་གཉིས་གཅིག་ཏུ་འདྲེས་པའི།།
ཏྰ་རེ་ལྷ་མོས་མགོན་སྐྱབས་གནང་རོགས།

ཉ་བཞིན་ཁྱོད་ཀྱི་ལང་ཚོའི་རྫིང་བུར།།
ཇ་ཡུན་ཙམ་ཡང་འབྲལ་དགོས་མེད་ན།།
ཆ་རྒྱུས་མེད་པའི་ས་མཐའི་ཡུལ་ན།།
ཅ་ལག་མེད་ཀྱང་སྐྱོ་སྣང་མི་འདུག།

ང་རང་དགའ་བའི་ཕྱེ་ལེབ་དཀར་པོ།།
ག་ལེར་ང་ཡི་སེམས་ལ་འཕུར་ཤོག།
ཁ་བཏགས་ལྟ་བུའི་ལྷད་མེད་བརྩེ་བ།།
ཀ་ར་བཞིན་དུ་མཉམ་ཟ་བྱེད་ཆོག།

དགེ་རབ་ཀྱིས་སྤྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༣ ལ་ སྙན་ངག་​གི་གྲས་སུ་བཀོད། |

རྗེས་འདེད། URI | མཆན་བུ། RSS
ཝར་ཎའི་ཕྱེ་ལེབ་དཀར་པོ་ཞེས་པའི་སྐོར་ལ་མཆན་ ༤ བཀོད་འདུག

1. ༡༽ རིག་འབྱུང་དོན་གྲུབ་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༣ གི་ཆུ་ཚོད་ ༢༠ སྐར་མ་ ༤༢

ཨ་ རོ། ཡང་ཁྱོས་བྐླག་བྱའི་དེབ་མ་བྐླགས། དགོས་རྒྱུའི་སློབ་སྦྱོང་མ་བྱས། མགོ་ཞི་མོ་ལ་འཁོར་ནས་བསྡད། གཟབ་གཟབ་བྱོས་མ་གཏོགས་ཡང་ཐང་ལ་བརྒྱབ་ཡོང་།
ཨ་ལ་། ཀུ་རེ་ཡིན།
2. ༢༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༣ གི་ཆུ་ཚོད་ ༢༡ སྐར་མ་ ༡༢

ལོ་ མང་སྔོན་ང་ཡང་འབྲུག་པའི་ན་ཆུང་མ་ཞིག་གི་བསླུ་བྲིད་ཀྱིས་གསང་སྔགས་ལུགས་ལ་ དངོས་གྲུབ་དང་སོ་ཐར་ལུགས་ལ་ལྟུང་བ་གཉིས་ཀྱི་འདྲེས་མཚམས་ཤིག་ཏུ་བསྐྱལ་མྱོང་། དེར་ཕྱིར་དྲན་ཞིག་བྱས་ན་འདི་ལྟ་སྟེ།
ཀ་ཤི་མཛེས་དགའི་སྐྱེས་ཡུལ་རྒྱ་གར་དུ། །
ཁ་བའི་ཡུལ་ནས་འཁྱར་བའི་ལྡོམ་པོ་ང་། །
ག་ལེར་རྒྱལ་པོའི་ཁབ་ཏུ་བསྐྱོད་པའི་རིང་། །
ང་ཡི་མི་ཚེར་མི་བརྗེད་འབྲུག་མོར་འཕྲད། །
ཅ་ལ་ནག་པོའི་དབུ་སྐྲའི་རྦབ་ཆུ་དང་། །
ཆ་ཤས་ཡོངས་རྫོགས་ཟླ་བའི་ཞལ་རས་མཛེས། །
ཇ་ཡུན་ཙམ་ལ་མིག་གི་བདུད་རྩི་རུ། །
ཉ་མོ་ལྕགས་ཀྱུར་འཁོན་ལྟར་དེ་རིང་སྨིན། །
ཏ་ལའི་འདབ་འདྲའི་འབྲུག་པའི་ཕྱུ་པའི་འོག །
ཐ་མལ་མ་ཡིན་ལྷ་ཡི་ན་ཆུང་གཟུགས། །
ད་ལྟ་སྒེག་པའི་ཉམས་ཀྱིས་རྒྱུ་བ་འདི། །
ན་མེད་མིག་གིས་མཇལ་འདི་སྐལ་བ་སྦོམ། །
པ་ལགས་མ་ལགས་བསྐྱུར་ནས་ས་མཐའ་འགྲིམ། །
ཕ་མིང་མ་མིང་མི་ཤེས་ཁྱོད་དང་འཕྲད། །
བ་ལང་ལྟ་བུའི་གྲྭ་གཟུགས་བདག་འདྲ་བའི། །
མ་དག་འཁོར་བར་འཁྱམ་པའི་སྐྱོ་གྲོགས་ཞུ། །
ཙ་རི་བསྐོར་ཀྱང་ཁྱོད་འདྲ་མ་མཐོང་ལ། །
ཚ་བའི་ཡུལ་འདིར་ཁྱོད་འདྲར་མ་ཐུག་པས། །
ཛ་དྲག་བརྩེ་དུང་ཡིན་མིན་མི་ཤེས་ཀྱང་། །
ཝ་རྒན་ང་ནི་ཁྱོད་ཀྱི་རྙི་ལ་ཐེབས། །
ཞྭ་སེར་གྲྭ་སའི་སློབ་གཉེར་བརྗེད་ནས་ཐལ། །
ཟ་འཐུང་འཁོར་བའི་འདུག་ཆུས་སྒྲུབ་ཏུ་ཆུགས། །
འ་འུར་མེད་པའི་གནས་སྐོར་ལམ་ཁ་འདིར། །
ཡ་མཚན་འབྲུག་པའི་ན་ཆུང་ཁྱོད་ལ་འཕྲད། །
ར་ཕོའི་འདོད་ཆགས་སྒྱེ་མོ་རྒྱབ་ཏུ་ཁུར། །
ལ་ལུང་འགྲིམ་སྟེ་གནས་སྐོར་ངལ་བས་དུབ། །
ཤ་ཁྲག་མི་ལུས་ཤིག་ལ་ཁྱོད་ལྟ་བུ། །
ས་མཐའ་སྐོར་མཁན་ང་ཡིས་མཐོང་མ་མྱོང་། །
ཧ་ཅང་སྐྱེ་གཟུགས་མཛེས་པའི་འབྲུག་མོ་ཞིག །
ཨ་མདོའི་གྲྭ་གཟུགས་བདག་གིས་མཐོང་བའི་ཚུལ། །
ཨ་ལི་ཀྰ་ལིའི་གདངས་སུ་སྤེལ་བ་འདིར། །
ཧ་ལས་མ་བྱེད་འཁོར་བའི་གཤིས་ཀ་ལགས། །
ཀ་རྩོམ་འདོ་ཚོ་ཁ་བརྡ་ནས་བཏོན་པ་ཡིན། ག་འདྲ་ཡག་པོ་བྲིས་འདུག ང་འབྲི་ཤེས་མཁན་ཞིག་མིན་ཡང་ཀློག་ཤེས་མཁན་ཞིག་ཡིན། འདི་དཔེ་ལྟ་སའི་ཆེད་དུ་ཡིན། བརྗོད་བྱ་ག་རེ་ཡིན་ན་ཡང་ཡིན། ཚིག་སྦྱོར་གོ་བདེ་བ། སྡེ་སྦྱོར་ཆ་སྒྲིག་པ་འདི་འདྲ་ཞིག་འདུག དཔེ་ལྟ་ནས་འབྲི་རོགས་གྱིས། བེ་རི་ལ་ལས་ཀ་མང་པོ་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་རྩོམ་འབྲིའི་དོ་སྣང་འདི་འདྲ་གནང་དུས་ང་ཚོས་ཁ་མིག་ཡར་ལྟ་བྱེད་དགོས།

 
2009.04.29 06:18:14
quest
ཙ་ཡིག་བྲིས་པའི་ཀ་རྩོམ་མ་རྙེད་ནས༎
ཚ་མེད་ཇ་བཞིན་བདུན་ཕྲག་གཅིག་ལ་ལུས༎
ཛ་དྲག་མིན་ཡང་གལ་ཆེན་ཉིད་མཐོང་ནས༎
ཝ་བཞིན་མ་བྲོས་རྩོམ་འཕྲི་སྐྱོང་རོགས་གྱིས༎
གྲོགས་པོ་ཚོ། མུ་མཐུད་རོགས།