Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.04.15 19:57:21
berijigme

     [ཞབས་བྲོ་ཁང་གི་ཀ་རྩོམ།]

      རེད་ལགས་འདི་ནི་དུས་རབས་གསར་པའི་ཞབས་བྲོ་ཁང༌།།

       སྣ་ལྔའི་ཚོན་མདངས་བཀྲ་བ་འདི་ཀོ་དེང་རབས་གློག།

       ཡིན་ལགས་བདག་ནི་གངས་རིའི་ཡུལ་གྱི་ཕོ་གསར་ཏེ།།

       ངས་ནི་དེང་རབས་ཞབས་བྲོ་འཁྲབ་སྟངས་གང་ཡིན་ཤེས།།


              ཀ་བ་གདུང་མ་མེད་པའི།།

              ཁ་སྦྱོར་ཞབས་བྲོ་ཁང་དུ།།

              ག་ཡིན་འདི་ཡིན་མེད་པར།།

              ང་གཉིས་གྲོགས་པོ་ཆགས་སོང༌།།

 

              ཅ་ཅོ་དེང་རབས་གཞས་ཚིག།

              ཆ་ལུགས་ཧྥེ་ཤོན་སྤྱོད་པས།།

              ཇ་མདོག་ཨ་རག་འཐུང་གིན།།

              ཉ་འཁྱུག་སྒྲན་སེ་འཁྲབ་སོང༌།།

 

              ཏ་ལའི་སྒྲ་སྙན་ཐོགས་པའི།།

              ཐ་གྲུ་མི་སྣ་འཛོམས་ས།།

              ད་ལྟའི་སྒྲན་སེ་ཁང་དུ།།

              ན་གཞོན་འཚང་ཀ་ཤིག་ཤིག།

 

              པ་ལོ་སིལ་ལུ་བྱས་པའི།།

              ཕ་རོལ་ཡིད་ཀྱི་འཆིངས་བས།།

              བ་སོའི་ཚེམས་མདངས་ངོམས་ནས།།

              མ་སྡོད་ཕེབས་ཤོག་གསུངས་བྱུང༌།།

 

              ཙ་ཀྲའི་དབྱིབས་ཀྱི་ལྡིང་ཆར།།

              ཚ་གདུང་ངོ་ཚ་འབར་བཞིན།།

              ཛ་རེ་ཛོ་རེའི་གོམ་སྟབས།།

              ཝ་ལེར་མདུན་ལ་ཕྱོགས་སོང༌།།

 

              ཞ་ཡིག་འཁྱུག་པའི་རྐང་བྲོ།།

              ཟ་ཟིར་གླུ་དང་སྡེབ་སྟེ།།

              འ་འུར་ལྡིང་ཆའི་སྟེང་དུ།།

              ཡ་མེ་ཡོ་མེར་འཁྱོར་སོང༌།།

 

              ར་བཟི་ཕོ་མོའི་གསེབ་ཏུ།།

              ལ་ལུང་བརྒལ་འདྲའི་སྣང་བས།།

              ཤ་རུས་གདོས་བཅས་ལུསབྱའདི།།

              ས་ལ་རེངས་ནས་གཉིད་སོང༌།།

 

              ཧ་ལའི་དུག་དང་འདྲེས་པའི།།

              ཨ་རག་འཐུང་གིན་འཐུང་གིན།།

              ཧ་ཅང་ཐལ་བའི་སྤྱོད་པས།།

              ཨ་མེས་ལ་རྒྱ་བརླགས་སོང༌།།

1995,1,10 ཉིན་མོན་གྷོ་ནས་བྲིས།

 

 


  རང་དབང་ཐམས་ཅད་བདེ་བ་དང་།
 

ལྷ་སྨོན་པ།
2009.04.15 15:21:38

དགེ་བཤེས་ལགས་ས་ཆ་འདི་འདྲ་ལའང་ཕེབས་འདུག སྐྱབས་སུ་མཆི། དུས་རབས་ཉེར་གཅིག་པའི་ཆོས་པ་དང་དུས་རབས་ཉེར་གཅིག་པའི་དགེ་བཤེས་ཟེར་བ་འདི་འདྲ་ཞིག་ལོས་ཡིན་པ་བསམ་པ་ཞིག་དྲན་བྱུང༌།

 
 
quest
2009.04.16 23:32:54

གང་ཟག་སྒེར་གཞིར་བཞག་གིས་སྤྱི་ལ་ཁྱད་བསོད་དང་།་མཐོང་ཆུང་སྨྲ་འབེབས་བྱེད་པ་ནི་བོད་པའི་ཡ་རབས་མ་རེད།་་་་་་་་་་་་་་་དགེ་བཤེས་ལགས་གཟིགས་རྒྱ་ཆེ་བས་གཟུགས་མཐོང་བརྙན་འཕྲིན་ནང་མཐོང་བ་ཡིན་འགྲོ།་དེ་མིན་དངོས་སུ་ཞབས་བྲོ་ཁང་དུ་ཕེབས་ཡོད་ཀྱི་མ་རེད།

 
 
lobgawa
2009.04.16 08:42:51

གྲོགས་པོ་ལགས། དེ་འདྲའི་རང་གསུང་རྒྱུ་ཨེ་ཡོད་ན། སོ་སོའི་རྩོམ་ཡིག་གི་ནང་དོན་གང་ཡིན་ལ་དོ་བདག་ཉམས་མྱོང་དགོས་ཅེས་པ།
ཁྱོད་ཀྱི་ལྐུག་པ་ཨུ་ཚུགས་ཤིག་མ་རེད་པས།
འགྲིག་གི་རེད་དཔར་འདིའི་འོག་ནས་སུས་ཧ་གོ་བསམ་གྱི་ཡོད་འགྲོ།

 
 
sonamtsering
2009.04.16 15:56:09

གང་ཤེས། ད་བླ་མ་དགེ་བཤེས་ཚོས་མ་མཁྱེན་པ་ག་ལ་ཡོད། སྐྱབས་སུ་མཆི།

 
 
lobgawa
2009.04.17 04:56:23

ད་རུང་བླ་མ་དགེ་བཤེས་ལ་དད་པ་ཡོད་པ་ཡག་པོ་རེད། མ་གཞི་ནས་ཁྱོད་རང་མི་བརྟན་པོ་ཞིག་ཡིན་པར་ཡིད་ཆེས་ཡོད།

 
 
ལྷ་སའི་བསང་དུད།
2009.04.16 16:22:27

བེར་འཇིགས་ཞབས་བྲོ་ཁང་ལ་སོང་མ་སོང་ལ་ཁྱོད་ཚོས་ཇུས་གཏོགས་བྱེད་དགོས་ཀྱི་མ་རེད། ཁོ་རང་གི་ཐོབ་ཐང་རེད། རི་བོ་དགེ་ལྡན་པ་ཚང་ལ་འགྲིགས་ནས་སྤྱི་འཐུས་ལ་བདམས་ཡོད་རེད། དེ་ལས་ཁོ་པའི་རྩོམ་ཡིག་གི་སྐོར་ནས་གླེང་དང་། ཁོ་པས་སྤྱི་པའི་དོན་དུ་ཕྱག་ལས་གནང་སྟངས་ནས་གླེང་དང་། དེ་ཚོས་ང་ཚོ་ལ་ཕན་གནོད་ཡོད་རེད།

 
 
quest
2009.04.19 23:33:41

སྤོབས་པ་མཐའ་ཡས་ཟེར་བ་འདི་སྐྱེས་སར་ཀླུ་སྒྲུབ་ཡིན་མིན་དང༌། ལྷ་སའི་བསང་དུད་ཟེར་བ་དེ་སེར་རྟ་ཚུལ་ཁྲིམས་རེད་ཟེར་བར་བཤད་ཚོད་དཀའ་ཡང༌། སྤོབས་པ་མཐའ་ཡས་དང་ལྷ་སའི་བསང་དུད་གཉིས་ནི་མི་གཅིག་རང་རེད། ཡིན་པའི་རྒྱུ་མཚན་ཁ་ཤས་བགྲངས་ན། ཡིག་སྒམ་གྱི་ཁ་བྱང་གཅིག་པ་དང༌། ཁོས་སྐད་ཆ་འགའ་ཞིག་འགོ་འཛུགས་དུས། ཁ་སང་ཅིག་ཅིག་མིག་མིག་མང་པོ་ཡོད་པ་རྣམས་དེ་རིང་ག་བར་ཕྱིན་སོང་ཟེར་བ་དང༌། སྨོད་བྱའི་གང་ཟག་རྣམས་ལ་ཨ་ཁུ་ཚང་དང་ཨ་བོ་རྟ་བཞོན་ཟེར་བ་དང༌། གསལ་ཆ་ཆེ་ཤོས་ནི་ཁོང་གཉིས་ཀས་ཡི་གེ་བཏགས་དུས་ཅི་ཞིག་མི་འགྲིག་པ་ཡིན་ནམ། ཀ་ལ་བཏགས་ཀླ་འབྲི་སྐབས་ཡིག་འབྲུ་བར་ཐོར་དུ་གྱུར་པ་གཉིས་ཀ་ལ་འདུག ཁོས་སྨོད་བྱའི་མི་སྣ་ངོས་བཟུང་ན་བེ་རི་འཇིགས་མེད་དབང་རྒྱལ་དང༌། ཆབ་མདོ་ཤེས་རབ། སྨོན་ལམ་མཐར་ཕྱིན་གསུམ་རེད་འདུག དེ་དག་ལ་བརྟེན་ནས་ཡིན་ནམ་གང་ཤེས་ཏྲེ་ཧོར་ཁམས་པ་དང༌། ཆབ་མདོའི་སྲུང་མ། བོན་པོའི་ཆོས་ལུགས་ལའང་ངན་སྨོད་ཧ་ལས་པ་བྱས་ཤག ད་དུང་ཡིན་གྱི་རེད་ཟེར་བ་ལ་ཡིན་རྒྱུ་རེད། ཡོད་ཀྱི་རེད་ལ་ཡོད་རྒྱུ་རེད་ཅེས་པ་སོགས་ཀྱི་འགྲོས་ལའང་བརྟགས་ན་ཤེས། ཁོས་མིང་རྫུན་ཁུར་ནས་ཆོས་ལུགས་ལ་སྨད་པ་རྣམས་བོན་རྒྱ་བསྟན་རབ་ཀྱིས་ཚགས་པར་དུ་བཀོད་ཡོད་ཟེར་བ་རྣམས་མ་འོངས་པར་ཆོས་ལུགས་བར་ལ་འགལ་བ་བྱུང་མི་སྲིད་པ་མིན་པས་བསྟན་རབ་པས་འགན་གཙང་བཞེས་དགོས་ལ། ཁུངས་མེད་ལུང་མེད་ཀྱི་ཆོས་ལུགས་ལ་སྨད་པ་འདི་ཚོ་འགག་སླ་ཡང་བཤད་པ་པོའི་མིང་སྦེད་བྱས་ན་འགན་ཁུར་མཁན་མེད་པས་ལས་ཐབས་དཀའ། འཛམ་གླིང་འདིར་རྒྱལ་ཁབ་ནང་གཏོར་མང་ཤོས་དེ་ཆོས་ལུགས་ཀྱིས་བཟོས་པར་མཁྱེན་དགོས། འཇིགས་སྐུལ་རིང་ལུགས་པ་མང་ཤོས་དེའང་ཆོས་ལུགས་ཕན་ཚུན་བརྙས་རེས་ལས་བྱུང་བ་མིན་ནམ། དེ་མིན་ལོ་རྒྱུས་གླེང་ཁུལ་དུ་ཞོར་ལ་བོན་གྱི་ཆོས་ལུགས་ལ་སྨད་པ་ངག་དབང་བྱམས་པ་ལྟ་བུ་ཡིན་ན་མིང་དངོས་སུ་བྲིས་ཡོད་པས་དེ་ནི་བང་ཆེན་རྩོམ་སྒྲིག་ཁང་དང་ཁོ་རང་ལ་འགན་ཡོད་པ་གསལ་པོ་ཡིན་པས་འགྲིག་འདུག གཞན་མིང་བརྫུས་དེ་ཚོའི་ལས་ཀ་དེ་སུས་འགན་ཁུར་དགོས་སམ། དེ་འདྲ་སུས་ཀྱང་ལས་ཤེས་པ་ཞིག་རེད། མི་འདི་ཚོ་རྩད་ཆོད་རྒྱུ་གལ་ཆེ། ད་དུང་མཐུན་སྣང་མང་པོ་འདུག་ལྟོས་དང༌།
དཔེར་ན། བསང་དུད་ཀྱིས་བང་ཆེན་ནང་འདི་ལྟར་བཤད་ཡོད།
སྨོན་ལམ་མཐར་ཕྱིན་གྱིས་སྔོན་མ་ཞིག་ལ་བོན་གྱི་ངོ་སྤྲོད་ཅིག་དྲྭ་ངོས་འདིར་བཀོད་སྐབས་སུ་ཡང་ངས་ཁྱོད་ཚོའི་སྟོན་པ་གཤེན་རབ་ཟེར་བ་ཞིག་ཡོད་པ་དེ་གང་དུ་འཁྲུངས་པ་གསལ་པོ་ཞིག་ཤོད་ཤོག དེ་ནས་ངོ་སྤྲོད་རྫིགས་པོ་དེ་ཚོ་རྗེས་སུ་བྲིས་ཤོག་ཅེས་བཤད་ཡོད། ཅེས་པ་འདི་དང་དུས་བབ་ནང་དུ་སྤོབས་པས་བྲིས་པ་དཔེར་ན།
ང་ཚོས་གླིང་གེ་སར་རྒྱལ་པོ་ཟེར་བ་ཞིག་བྱུང་མྱོང་ཡོད་མེད་སྐོར་ལ་དོགས་སློང་བྱེད་མཁན་ཡོད་པ་ལ་བལྟས་ན་གཤེན་རབ་ཟེར་བ་འདི་བྱུང་མྱོང་ཡོད་མེད་ལ་དོགས་པ་དེ་ལས་ཀྱང་སྐྱེས་དགོས་པ་ཞིག་རེད། ད་དུང༌། གཤེན་རབ་ཟེར་བ་འདི་སྐྱེས་པའི་ཡུལ་གང་ཡིན་ངོས་འཛིན་བྱེད་ཐུབ་ཀྱིན་མེད་པ་རེད།
ཟེར་བ་ལྟ་བུ་ལ་བལྟས་ན་ཁོང་གཉིས་ལྟ་ཚུལ་གཅིག་པ་མང་པོ་འདུག
ད་དུང་ལྷོད་ལྷོད་བྱས་ནས་རྒྱུ་མཚན་མང་པོ་བགྲངས་རྒྱུ་འདུག ག་ལེར་ཡིན། ཁྱེད་ཚོས་ཀྱང་གཟིགས།

 
 
quest
2009.04.20 02:12:26

སྤོབས་པ་ཁོ་རང་པན་ཇབ་གསེར་གྱི་ལྷ་ཁང་ནང་གུ་རུ་ན་ནར་གྱི་འཁྲུངས་སྐར་ཉིན་སོང་བ་ཡིན་ཟེར་བྲིས་འདུག གཅིག་བྱས་ན་བདེན་པ་ཡིན་སྲིད། ངཚོའིརྩོམ་སྒྲིག་པ་དགུན་དུས་རྡོ་རྗེ་གདན་ལ་གནས་སྐོར་སོང་བ་རེད། ཕལ་ཆེར་དེ་དུས་མིན་འགྲོ། དེ་ཚོ་ལ་བལྟ་རྒྱུ་ཡོད་པ་རེད། སྤོབས་པ་ཁོ་རང་གི་ཨ་མས་ངའི་བུ་འདིས་ལྷ་གཅག་དགོན་གཏོར་བྱེད་ས་རེད་ཅེས་ཡང་ཡང་བཤད་ཀྱི་ཡོད་ཚུལ་ཁོ་རང་གི་ཟིན་བྲིས་ཆེད་བརྗོད་ནང་བཀོད་འདུག

 
 
quest
2009.04.20 18:04:49

གལ་ཆེ་དྲི་ཚིག
རྩོམ་པ་པོ་སྐུ་ཞབས་བེར་རེ་འཇིགས་མེད་ལགས་སུ་བཀའ་འདྲི་ཞུ་རྒྱུར། རྩོམ་པ་པོ་ཧོར་གཙང་ལགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་མཇུག་རྫོགས་ཡོད་དམ་མེད།
ཉེ་ཆར་རང་ཐོས་གསལ་སྐུ་སྒེར་ཡིག་ཚང་ནས་མདོ་སྨད་ལོ་རྒྱུས་ཆེན་མོ་འདིའི་བརྒྱུད་རིམ་ལ་བསྔགས་བརྗོད་དང་འབྲེལ། གནས་སྐབས་འཚམས་འཇོག་དགོས་པའི་ཕྱག་ཡིག་ཅིག་མར་གནང་ཡོད་སྐད་འདུག་ན།
དེ་བདེན་པ་རེད་དམ་མ་རེད། ཡིན་ན་རྒྱུ་མཚན་ཇི་ལྟར་ཡིན་ནམ།


 
 
berijigme
2009.04.20 18:44:06

དྲ་གྲོགས་ལགས། ཧོར་གཙང་གི་ལོ་རྒྱུས་དེ་དངོས་གཞི་མཇུག་རྫོགས་ཚར་བ་རེད། ཡིན་ནའང་དེའི་ཟུར་རྒྱན་ལོ་ཚིགས་ཀྱི་སྐོར་ཞིག་ཡོད་པ་རེད། དུས་ཚོད་མ་ལྕོགས་ནས་སྔོན་ལ་དེབ་དངོས་གཞི་དྲུག་དེ་པར་སྐྲུན་བྱས་པ་རེད། ཟུར་རྒྱན་དེ་ཡང་པར་སྐྲུན་ཞུ་ངེས་རེད། གཞན་སྐུ་སྒེར་གྱིས་གནས་སྐབས་མཚམས་འཇོག་ཟེར་བ་དེ་འདྲ་གོ་མ་བྱུང༌། ཆོལ་ཁ་གསུམ་གྱི་ལོ་རྒྱུས་རྩོམ་འབྲི་མཚམས་འཇོག་གནང་པ་རེད་ཟེར་བ་འདྲ་བོ་ཞིག་ཁ་པར་ཞིག་ནས་གོ་བྱུང་གཅིག་བྱས་ན་དེ་དང་འཁྲུལ་བ་ཡིན་རྒྱུ་ཨེ་རེད། གསལ་པོ་ཞིག་ཤེས་ཀྱི་མེད། དེབ་དངོས་གཞི་དྲུག་པོ་དེ་དག་ཀྱང་། པར་བརྒྱབ་པ་ཙམ་ལས། དེབ་བཟོ་གྲངས་ཀ་ཁ་ཤས་མ་གཏོགས་ཚར་མི་འདུག ལྷག་མ་རྣམ་ལྡི་ལི་ཨར་ཆ་ན་པར་ཁང་ནས་དེབ་བཟོ་རྒྱུར་བརྩེགས་ནས་བཞག་འདུག ང་རང་ཉེ་ཆར་དེབ་གསར་པ་ཞིག་པར་སྐྲུན་གྱི་ཆེད་དུ་ཨར་ཆ་ན་པར་ཁང་དུ་ཉིན་མང་སོང་སྐབས་ཡངཡང་མཐོང་བྱུང༌།

 
 
quest
2009.04.20 19:02:29

ཐུགས་རྗེ་ཆེ་བེར་འཇིགས་ལགས། ཆོལ་གསུམ་གྱི་ལོ་རྒྱུས་དེ་ཧོར་གཙང་གིས་འབྲི་གི་ཡོད་དམ།
འོ་ན་དེ་གནས་སྐབས་འཇོག་དགོས་པའི་ཁ་པར་བརྒྱུད་པའི་གསར་འགྱུར་དེར། དགོངས་ཚུལ་ཇི་ལྟར་ཡོད།


 
 
berijigme
2009.04.20 20:07:54

དེ་ཨ་ཁུ་དམ་ཆོས་དཔལ་བཟང་གིས་གནང་གི་ཡོད་པ་རེད། ཕྲན་ལ་ཁ་པར་དེ་ཨ་རི་ནས་གྲོགས྄་པོ་ཞིག་གིས་གཏོང་བྱུང༌། བསམ་བློ་གང་ཡང་གཏོང་རྒྱུ་མ་བྱུང༌།

 
 
quest
2009.04.21 23:43:42

ཨ་ལག་ནོར་ལྡན་ཨ་ཕ་རྒན་པོ་དེས།
ཨ་མདོའི་བུ་མོར་ཨ་གསར་སྙིང་གཏམ་སྟེ།
ཨ་ཚ་ཕུག་རྗེས་ཨ་རིར་བཏང་འདོག་གིས།
ཨ་ཅེ་ཕལ་ཆེའི་ཨ་ལེ་འཕྲོ་བརླགས་བཏང༌།

 
 
quest
2009.04.22 02:55:59

ིེུ ཁབདསའཞ་ཞལབ་གའབཞལའབགསཞལའགབ

 
 
quest
2009.04.22 05:59:35

དགེ་བཤེས་འདི་བ་ཚང་ཡག་པོ་འདུག དེང་དུས་གྲྭ་པའི་མཚན་གཞི་ལ་འཇོག་རུང་གི

 
 
quest
2009.04.22 08:49:17

᪱ᨕ᪄ᨋᨸᨕ་᪢་མོའི་སྒེག་ཉམས་ཁྲོད་ནས།།
᪇᪱ᨋᩍᨕ᫞་ᨵ᫥ᨓ᫙ᨋཞལ་མཇལ་བའི་གནང་᪠།

᫗ᨑ᩶ᨋ᫞ᨋᩬᨵᨋᩩᨋ᫕ᨮᨕ᫙ᨋ᪠᫕ᨑᨋᩏᩏᨋ᫅᫞།།

སེམས་ངོ་གཞན་᩹ᨋᩌ᫙ᨋᩲ᪠᫥ᨋ᪱ᨑᨋ᫕᩹ᨵᨎ།
᪠ᫀᨓᨋ᫥ᨓ᪱᫥ᨋའཕྲེང་བའིᨋᩘᨵ་ཐག་ཕྲ་མོས།།

᫥ᨓ᪱᫥ᨋ᨜ᨑᨋᩬᨓ᪄་འདི་དམ་དུ་བཅིངས་ཡང༌།

སྔོན་སྨོན་᫞᫥ᨋ᨜ᨑᨋ᫕᪤ᩏᨋᨤᨓ᪄་ཞིག་གིས།།
᪱ᩴ᪄ᨋ᪍᫕ᨑᨋƯ᫥ᨋ᫥ᨓ᪱᫥ᨋ᫕᪥ᨓ᫞ᨋᩲᨵᨋᩚ᩶ᨋ᫥ᨕᩏᨋᨎ

᫄ᩏᨋ᫨᩶ᨋལྷ་᪱ᨕᨋ᩶ᩏᨕ᫥ᨋ᫕᩼᫥ᨋམཛེས་᨜ᩏ༌།།

᫄ᨓ᫥ᨋ᫞᪱ᨋᩲᨋ᩶᩶ᨋ᫞᫥ᨋ᨜ᨑᨋ᫕᪙ᩏᨋ᩹ᨎᨎ
᪠ᫀᨓᨋདུང་ཟབ་᪱ᨕᨋ᩾ᨕᨋᩞᨓᨋ᫗ᨑ᪄ᨋ᨜ᩏᨋᨎ
᪠ᨓ᪄ᨋᩀ᪄ᨋ᫄ᨋƯᩏᨋ᫱ᨕ་མཐའ་འདི་ནས།།

དྲན་པའི་སྣང་བར་འགོག་ཐབས་མི་འདུག།
ᨱᨕ᩶ᨋᫍ᫞ᨋའཛུམ་པའི་᫕᩼ᨋ᪍᫙ᨋམཐོང་བས།།

སྙིང་གཏམᨋᨪᨕᨋᨿ᫕ᨑᨋརླབས་ཕྲེང་འཕྱུར་ཡོང༌།

᩹᫥ᨋ᨜ᨑ᫥ᨋ᫕ᨺ᫙ᨋ᪠᫕ᨑᨋ᫞᪱ᨋ᩹ᨋ᪠ᨻᨕ᩶ᨋ᫄ᨓᨎᨎ
᪵ᨑᨋ᫞᪱ᨋ᩼᪄ᨋ᪍᫕ᨑᨋ᫘᫞ᨋ᪽᪱ᨋ᫕᩶᫥ᨋ᫥ᨕᩏᨋᨎ


 
 
quest
2009.04.22 18:48:08


ཨ་ལག་ནོར་ལྡན་ཨ་ཕ་རྒན་པོ་དེས།
ཨ་མདོའི་བུ་མོར་ཨ་གསར་སྙིང་གཏམ་སྟེ།
ཨ་ཚ་ཕུག་རྗེས་ཨ་རིར་བཏང་འདོག་གིས།
ཨ་ཅེ་ཕལ་ཆེའི་ཨ་ལེ་འཕྲོ་བརླགས་བཏང༌།

 
 
quest
2009.04.24 20:55:27

བེར་འཇིག་ལགས། ་ཁྱེད་ཀྱི་མདོ་སྟོད་ལོ་རྒྱུས་ཆེ་མོ་འབྲི་རྩིས་ཡོད་རེད་ཞེས་བདག་གི་ཐོས་པར་དེ་བདེན་པ་ཡིན་ནམ། རང་ཉིད་དེ་ཐོས་མ་ཐག་ཧ་ཅང་གི་དགའ་པོ་བྱུང༌། བདེན་མིན་ལེན་ཞིག་གནང་སྐྱོངས་ཡོད་པ་མཁྱེན། ཁྱེད་ཀྱི་ཀ་རྩོམ་མང་པོ་བྲིས་པ་ལས་ལོ་རྒྱུས་ལ་ཁ་ཕྱོགས་ན་དེ་ནི་ཧ་ཅང་གི་དགེ་མཚན་ཆེ་བར་མཐོང་། སྤྱིར་ཁྱེད་ཀྱི་མ་མཁྱེན་པ་ག་ལ་ཡོད།

 
 
berijigme
2009.04.24 22:55:32

གྲོགས་པོ་ལགས། ཕྲན་ལ་མདོ་སྟོད་ཙམ་མ་ཡིན་པར་ཆོལ་ཁ་གསུམ་ཀའི་མི་སྣ་བླ་སྤྲུལ་ཆེ་མཐོ་མི་ཉུང་བ་ཞིག་གིས། མདོ་སྟོད་ལོ་རྒྱུས་ཆེན་མོ་ཞིག་འབྲི་རྒྱུ་དེ་གལ་ཆེ་ཡིན་སྐོར་སྔ་ཕྱིར་ཐེངས་མང་གསུངས་ཡོད་པར་མ་ཟད། ད་ལྟའི་ཆར་ཡང་མི་མང་པོ་ཞིག་གིས་གསུངས་དང་གསུང་བཞིན་པ་ཡིན་ལ། ང་རྒྱལ་ཆེན་དྲགས་པ་མིན་ན། ད་ལྟའི་ཆར་ཨ་མྱེས་རྨ་ཆེན་གྱི་བཀྲ་ཤེས་ཚེ་རིང་ལགས་ཕར་ཕུད་པའི་བོད་ཕྱི་ནང་གཉིས་ཀར་མདོ་སྟོད་ཀྱི་ལོ་རྒྱུས་ཆ་རྒྱུས་ཆེ་ཤོས་དེ་ཡིན་བསམ་པ་དྲན་གྱི་ཡོད། འོན་ཀྱང་ད་ ལྟར་འབྲི་འཕྲོ་ལུས་བསྡད་ཡོད་པའི་དེབ་མི་ཉུང་བ་ཞིག་ལྷག་སྡོད་ཡོད་པ་དང༌། དེ་ལས་གཞན་པའི་བཞག་ཐབས་དང་སྐྱུར་ཐབས་ མེད་པའི་ལས་ཀ་མང་པོ་ཞིག་གི་སྣེ་མོ་ལའང་འཇུས་སྡོད་ཡོད་སྟབས། དས་ཚོད་ཀྱིས་འདང་གི་རེད་བསམ་པ་དྲན་གྱི་མེད། ད་དུང་དྲང་པོ་བཤད་ན་སྔོན་མ་ནང་བཞིན་སེམས་ཤུགས་མེད། གཅིག་བྱས་ན་ཨ་རི་དང་དབྱིན་ལོན་གང་རུང་ཞིག་ལ་ཕྱི་གླིང་སྐད་ཡིག་སྦྱོང་མཁན་ཞིག་ཀྱང་འགྲོ་དགོས་པ་མིན་འགྲོ་དྲན་བཞིན་ཡོད། བོད་སྤྱི་དང་མདོ་སྟོད་ལ་ཤ་ཞེན་ཡོད་མཁན་མང་པོ་ཞིག་གིས་ཕྲན་ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་སང་ས་ནས་ཤེས་ནའང་བྱེད་ཐབས་མི་འདུག ཅི་སྟེ་འབྲི་རྒྱུ་འདྲ་གཏན་འཁེལ་ན་གོ་སྐབས་མང་པོ་ཞིག་བློས་བཏང་བྱས་ནས་གྲ་གང་རྒྱས་དང་ཁ་གང་གསལ། ཁུངས་གང་བཙན་ཞིག་འབྲི་ན་མ་གཏོགས། ཕྱོགས་དང་རེས་ལ་ལྷུང་བ་དང༌། ཁུངས་དང་ལུང་ལས་འདས་པ། མགོ་དང་གཞུག་གཉིས་འགལ་བ། གྱོད་དང་ཁ་མཆུའི་སྣ་འདྲེན། དེ་འདྲ་བྲིས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད་བསམ་གྱི་ཡོད། གཞན་ཀ་རྩོམ་ཐར་ཐོར་རེ་ནི་དུས་ཚོད་སྐར་ཆ་ཁ་ཤས་ལས་མི་དགོས་ཤིང༌། དེས་རྩོམ་རིག་ལ་ཕན་ཐོགས་ངེས་ཅན་རེ་ཡོང་གི་འདུག་པ་གསལ་པོ་ཤེསཀྱི་འདུག དེར་བརྟེན་རང་གི་ཡིད་ལ་གོམས་པའི་ཕྱིར་དུ་མིན་པར། རྩོམ་རིག་ལ་འཇུག་མཁན་ཚོར་ཕན་པའི་ཆེད་ཁོ་ན་ཡིན།
ཀ་དག་གནས་ལུགས་རྟོགས་པའི་ཉམས་ལེན་མེད༎
ཁ་བཤད་སྙན་པོ་ཤེས་པའི་འཇོན་ཐང་མེད༎
ག་སར་རྩོམ་རིག་རྨང་གཞི་ཅུང་གདིང་པ༎
ང་ཡི་བྱས་རྗེས་འདི་ཉིད་ཙམ་དུ་ཟད༎

 
 
quest
2009.04.27 23:20:32

བེར་འཇིགས་ལགས། ཁྱེད་རང་མདོ་སྟོད་ལོ་རྒྱུས་ལ་རྒྱུས་མངའ་ཧ་ཅང་ཆེ་ན། ཧོར་གཙང་གིས་གསེར་རྟ་དང་འགོ་ལོག་ཡོངས་སུ་རྫོགས་པ་མདོ་སྟོད་དུ་བཅུག་ཡོད་ཚོད་འདུག་པས།
དེ་ལོ་རྒྱུས་དངོས་ཡོད་རེད་དམ། ཡང་ན་ཇི་ལྟར་ཡིན་ཁ་གསལ་མདོར་བསྡུས་ཤིག་གསུང་རོགས།

 
 
quest
2009.04.29 21:22:12

ཨ་རོགས་ཁམས་པ་ལགས། སྐུ་ཁམས་བཟང་།ཁྱེད་ཀྱིས་བེ་འཇིགས་ལ་རེ་བསྐུལ་དེ་བདག་གི་ཡང་མཐོང་སོང།དེ་ཡིན་དུས་བདག་གིས་ཁྱེད་ལ་དེབ་ཆུང་ཞིག་གི་མིང་ཕུལ་ཆོག་པའི་དེ་ལ་གཟིགས་དང་མདོ་བསྡུས་ཤིག་ཤེས་སྲིད།
བདེ་དེ་སྔོན་མ་ཀོང་པོ་ས་ཆ་དེ་ཁམས་པ་ཡིན་མིན་བསྐོར་རྙོག་དྲ་བྱུང་བའི་སྐབས་སུརྒྱལ་བ་རིན་པོ་ཆེས་བཀའ་ལྟར་མཁས་པ་མང་པོས་ཕྱོགས་སྒྲིགས་བྱས་པའི་བདེ་ཞིག་རེད་འདུག།མཟད་དེ་ཡང་སྔིན་མ་ཨ་མདོ་ཁམས་པའི་ཆུ་བཞི་སྒོང་དྲུག་ཞེས་པའི་མིང་ཡོད་སྐབས་བཟོས་པ་ཞིག་ཡིན་པ་འདྲ།
་ལྟ་རྡི་ལི་ཆུ་སྒོང་དབུས་རྒྱན་ལས་ཁུངས་ལ་འབྲེལ་བ་གནང་ན་དེ་ནས་རག་སྲིད།སྤར་བསྐྲུན་ཞུ་ས་བློ་གསལ་གླིང་སྤར་ཁང་རེད་ཤག།གང་ལ་ཞེས་ན་གུས་པ་སྔར་རྡ་རམ་ས་ལ་སྡད་པའི་་་ྐབས་སུ་རྨོ་བོ་ཞིག་གིས་བུ་ཁེད་ཀྱི་དེབ་དེ་ཡག་པོ་བ྄ེད་ནས་ཉག་ཨ་ཞེས་གསུང་བྱུང་།འོན་ཀྱང་བློ་ཕམ་པ་ཞིག་ལ་
བདག་གི་རྯ་ནས་སུས་ཁྱེར་མ་ཤེས་པ་འཇའ་ཡལ་བ་ལྟར་སོང་།དེབ་ད་ལག་བྲིས་མ་ཞིག་རེད་འདུག།ཡིན་ནའང་ལོ་ཤས་སྔོན་ལ་མདོ་སྟོད་དབུས་ལས་ཁུང་ནས་དེབ་ཆུང་ཞིག་རག་སོང་ཡང་།སྔོན་དེབ་ནང་བཞིན་རྒྱས་པ་ཞིག་མཐོང་མ་ོང་།ཅི་ཡིན་རུང་གོ་བདེ་པོ་དང་ས་མཚམས་རྣམས་ཧ་ཅང་གསལ་པོ་འདུག།

 
 
quest
2009.04.29 22:09:24

ཨ་རོགས་ ཐུགས་རྗེ་ཆེ། དེབ་ཆུང་དེ་སྐོར་ཕྲན་གྱི་གོ་མྱོང་ཡོད་་ཡིན་ན་བཀླགས་མྱོང་མེད། དེ་དང་འདྲ་བའི་ལོ་རྒྱུས་མང་དག་ཞིག་མཆིས་ཀྱང་སྤྱི་ཡོངས་ཀྱི་ལོ་རྒྱུས་མེད་པར་དེ་ལ་བརྟེན་ནས་ངས་བེར་འཇིག་ལ་རེ་བསྐུལ་ཞིག་ཞུས་པ་ཡིན་ སྤྱིར་སྟངས་བོད་པ་ཚང་ལ་ནང་ཁུང་གི་རྙོག་དྲ་མང་དག་ཞིག་མགོ་འཁོར་ནས་ད་ལྟའི་གནས་སྟངས་འདི་ཡི་འོག་ཏུ་ཧྱུང་པ་ཞིག་ཡིན་པ་བཤད་ན་མི་འོས་པ་ཞིག་མེད། ང་ཚོའི་ཤེས་དགོས་པ་ནི་ཀོང་པོ་གང་གི་ཁུངས་སུ་རྟོགས་ཀྱང་ཁྱད་པར་མེད་ བོད་པ་སྤྱི་ལ་ཕན་པའི་ལོ་རྒྱུས་གཅིག་དགོས་གལ་ཆེ་བར་མཐོང་། བེར་འཇིག་གི་མདོ་སྟོད་ལོ་རྒྱུས་ཤིག་འབྲི་ཐུབ་ན་བོད་པ་ཚང་ལ་ཕན་གྱི་རེད་བསམས་ནས་རེ་བསྐུལ་ཞིག་ཞུས་པ་ཡིན་། ཁོང་ལ་སྔོན་མ་ནང་བཞིན་སེམས་ཤུགས་མེད་གསུངས་འདུག ཁྱེད་ལ་དེབ་གཞན་ངོ་སྤྲོད་གནང་རྒྱུ་ཡོད་དམ།

 
 
quest
2009.04.30 00:03:37

yeshithinleyy་ ལགས་ཁྱེད་ཀྱིས་དེབ་ཆུང་ཞིག་གི་མིང་ཕུལ་ཆོག་གསུངས་ནས་མིང་བྲིས་མི་འདུག་མཁྱེན་པ་ཅན་འདྲ་ཡིན་ན་མ་གཏོགས་ཧ་གོ་ས་མ་རེད། ཆུ་བཞི་སྒང་དྲུག་དང་རྨོ་རྒན་མོ་ཅི་ཆིག་མི་ཆིག་མང་པོ་བྲིས་འདུག་དེ་ཚོ་ཅི་མི་ཤེས། དེབ་ཆུང་དེའི་མིང་ལ་ག་རེ་ལབས་ཀྱི་ཡོད་རེད། དེ་འདྲའི་དེབ་རྩ་ཆེན་པོ་ཞིག་ཡིན་ན་ཕལ་ཆེར་དཔེ་དེ་བ་ནས་རག་གི་མེད་འགྲོ།

 
 
quest
2009.04.30 00:09:55

yeshithinleyy་ ལགས་ཁྱེད་ཀྱིས་དེབ་ཆུང་ཞིག་གི་མིང་ཕུལ་ཆོག་གསུངས་ནས་མིང་བྲིས་མི་འདུག་མཁྱེན་པ་ཅན་འདྲ་ཡིན་ན་མ་གཏོགས་ཧ་གོ་ས་མ་རེད། ཆུ་བཞི་སྒང་དྲུག་དང་རྨོ་རྒན་མོ་ཅི་ཆིག་མི་ཆིག་མང་པོ་བྲིས་འདུག་དེ་ཚོ་ཅི་མི་ཤེས། དེབ་ཆུང་དེའི་མིང་ལ་ག་རེ་ལབས་ཀྱི་ཡོད་རེད། དེ་འདྲའི་དེབ་རྩ་ཆེན་པོ་ཞིག་ཡིན་ན་ཕལ་ཆེར་དཔེ་མཛོམ་དེ་བ་ནས་རག་གི་མེད་འགྲོ།

 
 
yeshithinleyy
2009.04.30 07:40:08


 
 
quest
2009.05.01 14:21:23

tashi delek

 
 
quest
2009.05.01 19:08:18

སྐུ་ཞབས་དགེ་བཤེས་བེ་རི་བ།་་་སྐུ་ཉིད་ནས་སྤྱི་ཚོགས་སྟེང་མིག་དཔེ་འོས་པའི་རྩོམ་རིག་འདྲ་མིན་སྤེལ་གནང་བར་སྙིང་དབུས་ནས་དགའ་བསུ་ཡོད།་འོན་ཀྱང་སྐུ་ཉིད་དགེ་ལུགས་པའི་དགེ་བཤེས་ཞིག་དང་།་སྤྱི་ཟུར་ཞིག་ཡིན་པའི་ཆ་ནས་དགེ་ལུགས་སྤྱིའི་སྒྲིག་གཞི་མ་མཁྱེན་པའམ་མཁྱེན་བཞིན་ཁྱད་བསད་གནང་ཏེ་ཀློག་ཀླད་འཕྲུལ་ཆས་ཉར་བ་སོགས་དགེ་ལུགས་ཀྱི་སྒྲིག་ལ་བརྩི་བཀུར་མ་གནང་བ་རི་བོ་དགེ་ལུགས་པའི་རྐང་འདྲེན་མིན་འགྲོ།་་་་་གཟབ་གཟབ་གནང་གལ་ཆེ།་

 
 
quest
2009.05.01 19:12:04

སྐུ་ཞབས་དགེ་བཤེས་བེ་རི་བ།་་་སྐུ་ཉིད་ནས་སྤྱི་ཚོགས་སྟེང་མིག་དཔེ་འོས་པའི་རྩོམ་རིག་འདྲ་མིན་སྤེལ་གནང་བར་སྙིང་དབུས་ནས་དགའ་བསུ་ཡོད།་འོན་ཀྱང་སྐུ་ཉིད་དགེ་ལུགས་པའི་དགེ་བཤེས་ཞིག་དང་།་སྤྱི་ཟུར་ཞིག་ཡིན་པའི་ཆ་ནས་དགེ་ལུགས་སྤྱིའི་སྒྲིག་གཞི་མ་མཁྱེན་པའམ་མཁྱེན་བཞིན་ཁྱད་བསད་གནང་ཏེ་ཀློག་ཀླད་འཕྲུལ་ཆས་ཉར་བ་སོགས་དགེ་ལུགས་ཀྱི་སྒྲིག་ལ་བརྩི་བཀུར་མ་གནང་བ་རི་བོ་དགེ་ལུགས་པའི་རྐང་འདྲེན་མིན་འགྲོ།་་་་་གཟབ་གཟབ་གནང་གལ་ཆེ།་ད་དུང་མདོ་སྨད་ལོ་རྒྱུས་འབྲི་རྒྱུའི་བསྐོར་གླེང་བཞིན་པ་ཇི་འདྲ་རེད།་ཧོར་གཙང་འཇིགས་མེད་ཀྱིས་བྲིས་པའི་མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་དྲུག་ལོ་ངོ་དགུ་ཟམ་རིང་སྐུ་ངལ་གྱིས་གྲུབ་པ་མི་ཤེས་སམ།་་ཡང་ད་ེལས་ཡག་པ་ཞིག་ཁྱེད་ནས་འབྲི་འཆར་ཡོད།་དེ་ནི་སྤྱིའི་གླེང་བབས་ལ་གཞིགས་ཏེ་བཤད་ཀྱི་ཡོད།

 
 
quchok
2009.05.01 20:29:15

སྐུ་ཞབས་

 
 
quest
2009.05.01 20:34:18

ཨོ་ཨོ་ ཡང་ཁ་སང་བདེ་ལེགས་སྨན་ཁང་གིས་བུ་མོ་གཞོན་ནུ་མ་་གཅིག་སྲོག་ཐོག་བཏངའདུག་ཟེར།
སྔ་མ་ནས་བདེ་ལེགས་སྨན་ཁངགིས་མིའི་ཚེ་སྲོག་ཨེམ་རྗི་གསར་པ་ཚོས་སྦྱོང་བརྡར་གཏོང་ས་བྱས་པའི་ལོ་རྒྱུས་ཉུང་ཉུང་མིན་ལ།
ད་དུང་ཡང་མཚམས་མ་ཞཆད་པར་འདི་ལྟར་སྣང་མེད་ཀྱི་བཤགས་བཅོས་ཀྱི་སྦྱོང་བདར་ཆེད་རྩ་ཆེའི་ཚེསྲོག་ཤོར་བཞིན་པནི་
ངོ་མ་སྙིང་རེ་རྗེ།

 
 
quest
2009.05.02 23:17:44

ཞེད་སྣང་ལ།་དེ་འདྲ་ཨ་ཡིན།་་་་་་་་་་་་་་་་་་དེ་འདྲ་ཡིན་ན་ཐབས་སྡུག་པ་ལ།་་་་ད་ཇི་ལྟར་བྱས་ཏེ་ཚེ་སྲོག་སྐྱོབས་གནང་གི་ཡིན་པས

 
 
quest
2009.05.03 22:19:26

བདེ་ལེགས་སྨན་ཁང་གི་དབུ་འཛིན་དང་སྨན་པ་རྣམས་ཀྱི་མི་ཤ་ཟ་ཡི་ཡོད་པ་འདྲ། ཨ་ཁ་དེ་འདྲ་སྐྱོ་བ་ལགས། འདི་ལོ་བོད་ནང་ནས་རྒྱ་མི་ཡི་བོད་མི་ཉུང་བ་ཞིག་སྲོག་ཐོག་བཏང་བ་དང་བདེ་ལེགས་སྨན་ཁང་གི་བོད་མི་ཉུང་བ་ཞིག་ཕྱི་མི་ལྔ་ལམ་དུ་བཏང་བ་གཉིས་ངའི་བློ་་ཡུལ་དུ་མ་ཤོང་། ཨ་ཁ་ཁྀ་ ཁ།

 
 
quest
2009.05.04 13:47:30

ང་ལ་བདེ་ལེགས་སྨན་ཁང་གི་ཉམས་མྱོང་གསུམ་ཡོད། གཅིག ལོ་ཤས་ཀྱི་སྔོན་ངའི་སྐྱེ་དམན་གྲོད་ཁོག་ནང་གི་ཕྲུ་གུ་ལ་བརྟག་དཔྱད་བྱེད་དུ་བཏང་དུས། སྨན་པས་ཕྲུ་གུ་མཚེ་མ་འདུག་ཟེར་གྱི་འདུག་ཟེར་གདོང་མདོག་ཤོར་ནས་ཕྱིར་སླེབས་སོང་། ངས་ཁ་ཉིན་རྡ་ཤོད་རྒྱ་གར་སྨན་ཁང་ནས་ཕྲུ་གུ་མཚེ་མ་ཡོད་རབས་བཤད་ཀྱི་མི་འདུག་པས་བདེན་པ་ཨེ་ཡིན་ཞེས་བརྗོད་དེ་ངེད་གཉིས་ཡང་བསྐྱར་བདེ་ལེགས་སྨན་ཁང་དུ་ཕྱིན་སྐབས། སྨན་པས་ཨ་ལེ་ངས་རྗོག་བསླངས་པ་ཡིན། རྗེས་ལ་རྩེད་མོ་ཡིན་ཟེར་རྒྱུ་ལྷག་བཞག་ཟེར། དེ་ནས་ངས་སྐད་མགོ་ཅུང་མཐོ་རུ་ཕྱིན་དུས་ཁྱོད་ཚོས་འཁྲུགས་པ་རྒྱག་ཆོག་ཆོག་བྱེད་ཀྱི་འདུག་པ་དེ་ག་རེ་རེད་ཟེར་ཚུར་གཤེ་གཤེ་གཏོང་གི་འདུག
གཉིས། ཁར་ཉིན་ཟླ་བ་གཅིག་གི་སྔོན་ངའི་སྐྱེ་དམན་ན་ནས་ཡང་བདེ་ལེགས་སྨན་ཁང་ལ་བསྟན་པ་ཡིན། སྨན་པས་སྨན་ཐོ་སྤྲད་པ་ལྟར་སྨན་ལེན་དུ་ཕྱིན་པས། ནད་གཡོག་གིས་སྨན་སྒོར་མོ་དགུ་བཅུ་ལྷག་ཅིག་གི་རིན་པ་སྤྲད་འདུག འོན་ཀྱང་ཉིན་དེར་མོ་རང་ཤི་སྐལ་མེད་པའམ་ཡང་ན་ལྷ་གོང་མས་ཐུགས་རྗེས་བསྐྱབས་པ་འདྲ། སྔར་དང་མ་འདྲ་བར་སེམས་ནང་དུ་དོགས་པ་ཞིག་བྱུང་སྟེ་ཡང་བསྐྱར་སྨན་པའི་སར་ཕྱིན་ནས་སྨན་དེ་བསྟན་པས། སྨན་པས་ཨ་མ་ཞེད་སྣང་ཚ་ཡ་ལ། སྨན་དེ་སུས་སྤྲད་སོང་ཟེར་གྱི་འདུག དེ་ནས་སྨན་བརྗེས་པ་རེད། འོན་ཀྱང་ཁོང་ཚོས་སྐད་ཆུང་ངུས་ནང་མོལ་བྱེད་སྐབས། དེ་རིང་ཅུང་མིན་ན་དཔེ་བསགས་སོང་། ཨ་ཅག་དེ་ཡར་ལངས་རྒྱུ་མེད་པ་བཟོས་སོང་ཟེར་གྱི་འདུག འོན་ཀྱང་འཁྲུགས་པ་མ་བརྒྱབ་པར་ཡོང་བ་ཡིན།
གསུམ། དེ་ནས་ཉི་མ་མང་པོ་སོང་ཡང་དྲག་སྐྱེད་མ་བྱུང་བས་ཡང་བསྐྱར་བདེ་ལེགས་སྨན་ཁང་དུ་ཕྱིན་སྐབས་ཁྲག་བརྟགས་དཔྱད་བྱས་པ་རེད། ཁྲག་ལེན་རྒྱུ་མང་དྲག་པས་སྐད་ཅིག་དེ་ལ་གདོང་མདོག་ཀྱང་སེར་བོ་ཆགས་སོང་། འོན་ཀྱང་ཁྲག་ལེན་རྒྱུའི་ཚད་གཞི་དེ་སྨན་གཞུང་དང་མཐུན་པ་ཡིན་ན་ཡང་ཐང་། གང་ལྟར་དེ་རྗེས་སྨན་པས་ན་ཚ་གཞན་མི་འདུག་ཀྱང་ཁྲག་ཉུང་དྲག་འདུག་ཟེར་ཁྲག་སྨན་སྤྲད་པ་རེད། འོན་ཀྱང་དྲག་སྐྱེད་གཏན་ནས་མ་བྱུང་བར་ཅན་ཌི་གྷར་དུ་ཕྱིན་དུས་ཅན་ཌི་གྷར་ནས་ཁྲག་ཉུང་བའི་སྐྱོན་མ་རེད། རླུང་སྐྱོན་རེད་ཟེར་སྨན་གསར་བ་སྤྲད་སོང་། སྨན་དེ་འཐུང་བའི་ཕྱི་ཉིན་ནས་ཡར་དགའ་བྱུང་བ་རེད།
ད་ཕྱིན་ཆད་ང་ཚོ་ན་དུས་བདེ་ལེགས་སྨན་ཁང་ལ་བསྟན་ན་ནི་གཅིག་བྱས་ན་མི་སྲོག་གིས་རྩེད་མོ་རྩེ་བྱད་བྱས་ནས་གསོད་འཇོག་ས་རེད་བསམ་སྐྲག་གི་འདུག ཡང་བདེ་ལེགས་སྨན་ཁང་ལ་མི་སྟོན་ཟེར་ན་ནི་ང་ཚོས་རྒྱ་གར་གྱི་སྐད་མི་གོ་བས་ཀ་ཅ་རི་སོགས་ལ་སྟོན་ཐབས་མི་འདུག ད་ས་མཐའ་འདི་ནས་ཕྱོགས་གང་ཐད་ནས་སྡུག་པོ་མྱོང་གི་ཡ། བླ་མ་མཁྱེན།

 
 
quest
2009.05.19 00:33:32

དེང་སང་བེ་རི་དགེ་བཤེས་གཟིམས་གུག་སོང་པ་མིན་འགྲོ། ཡང་ན་ལྷ་སའི་བསངས་དུད་ཀྱི་མིང་པགས་གོན་མཁན་མི་ཕྲག་དོག་ཅན་དེ་ཚོའི་ཁ་གཏོད་མི་ཆོག་པ་ཨེ་ཡིན། ང་ཚོས་ཁྱོད་ཀྱི་རྩོམ་ཡིག་སྒུག་ཀྱང་གཏོང་མཁན་མི་འདུག ཁྱོད་མི་ངན་ཁ་ཤས་ལ་སྐྲག་ནས་ཁ་ཁར་བསྡད་དགོས་ན་སྤྱི་ཚོགས་ནང་མཛད་རྒྱུས་ག་འདྲ་བྱས་ནས་གཞག་རྩིས་ཡོད། ཕུན་ཚོགས་ཀྱིས།

 
 
quest
2009.05.19 02:24:55

མཛད་རྗེས་ཟེར་ལེ་རིག མཛད་རྒྱུས་ཟེར་ལེ་མ་རིག ནོར་འཁྲུལ་བཟོ་སྟངས་ལ་བལྟས་དུས་ཕུན་ཚོགས་ཟེར་རྒྱུ་འདི་ཏན་ཏན་དཀར་མཛེས་ནས་ཡིན་ས་རེད།

 
 
quest
2009.08.07 17:34:33

བོད་མི་རིགས་ཀྱི་ལ་དགོས་བོད་མི་རིགས་ལ་ཕན་པའི་བསམ་བློ་གཏང་དགོས།

 
 
ལན་གྱི་ལན་འདེབས།
སྤྱོད་མཁན་གྱི་མིང༌།:

E-mail:

  Enter text shown in left: