The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2009.08.16 22:37:23
བདག་གི་བསམ་པའི་འཆར་སྒོ་ཞིག

ཤྰཀྱའི་རྒྱལ་པོས་གཏན་ལ་མ་ཕབས་ཤིང་།།

སྔོན་བྱོན་མཁས་གྲུབ་དང་དུ་མ་བླངས་བ།།

དགེ་སློང་ཕ་མ་རྩོད་པའི་གླེང་རྙོགས་འདི།།

དུས་མཐའི་བཙུན་པའི་བར་ན་རྩོད་པའི་རྒྱུ།།

 

སྤྱན་རས་གཟིགས་ཀྱི་དགོངས་པར་མི་མངའ་ཞིང་།།

སྔོན་བྱོན་དཔའ་བོས་ཕྱོགས་སུ་མ་འཛིན་ཀྱང་།།

རྩྭ་ཟ་རྩོད་ལན་བྱེད་པའི་རྙོག་འཛིང་འདི།།

དེང་དུས་ཕུ་ནུ་དཀྲུག་པའི་གཞི་མ་གཅིག།


བྷོ་ཊའི་ལྗོངས་འདི་རང་ལ་མི་དབང་ཞིང་།།

དབང་བའི་སླད་དུ་འབད་པ་མི་ནུས་ཀྱང་།།

སྡེ་དགོན་ལོ་རྒྱུས་ཞེན་གྱིས་བྲིས་པ་འདི།།

མི་རབས་ཕྱི་མར་བཞག་པའི་ལོ་དུག་གཅིག།

 

བློ་དང་ཐབས་ཀྱིས་མདུན་ལམ་མི་སྟོན་ཞིང་།།

མཛའ་མཐུན་བཀའ་སློབ་སྙིང་ནས་མི་སྨྲ་བ།།

རྟ་གྲི་མདུང་གིས་རང་ཉིད་རྒྱལ་བའི་གཏམ།།

བཤད་པའི་རྒན་པོ་དེང་གི་སློབ་སྟོན་ཞིག།

ཟབ་དང་རྒྱ་ཆེན་དོན་ནི་མི་ལྡན་ཞིང་།།

སྙན་པོའི་ཚིག་གི་རྡེབ་སྦྱོར་མི་རྫོགས་པ།།

དོན་ཆུང་ཚིག་མང་སྤྱད་པའི་རྩོམ་འབྲི་ལ།།

དགའ་བའི་སྐྱོན་འདི་བདག་གི་གཤིས་ཀ་ཞིག།


བྱང་བུ།:


2009.08.18 04:20:39
quest
ཨ་རིའི་ཞིང་ཁམས་མིག་གིས་མ་མཐོང་ཡང་།།
འབྲུག་རྒྱལ་མི་གཤིས་གསོན་པོ་མཐོང་བས་ན།།
སྤྲིན་དཀར་འདབ་མར་ཆིབས་ཏེ་འདི་ཕྱོགས་སུ།།
ཡང་ཡང་སྤྱན་གྱིས་གཟིགས་དང་ཁམས་འབྲུག་ལགས།།

 
2009.08.18 20:03:38
quest
བསེ་རུ་དང་འབྲུག་རྒྱལ་གཉིས་ལ་ཞི་པོ་ཞིག་ཤོད་ཡ་ཡོད་འདོད་བཤད་སོང་སྟེ་དོན་ངོ་མ་གང་ཡང་བཤད་ཡ་མེད་པ་འདྲ། དུས་བབ་ཚང་གི་ཟིན་བྲིས་ནང་ལ་མཐོང་ཡ་མི་འདུག བང་ཆེན་ཟིན་བྲིས་ནང་དུ་མཐོང་ཡ་མི་འདུག འབྲུག་རྒྱལ་ལ་དུས་ཁོམ་མེད་སྲིད་ དུས་ཚོད་ཀྱི་དངུལ་ལོ་བཟོ་བའི་དག་ཞིང་ལ་སླེབས་ཟིན་ཀྱང་བསེ་རུ་ནི་དུས་ཚོད་ཀྱི་ཁེང་ར་བྱེད་དགོས་པའི་གནས་དེར་བཞུགས་ཡོད་པར་ཁྱེད་ལ་མ་འདངས་བ་ཞིག་མེད་སྲིད། ཁྱེད་གཉིས་ལ་གང་ཤོད་ཡ་ཡོད་ན་བང་ཆེན་དྲ་རྒྱ་འདིར་ཤོད་དང་ངས་ཁྱེད་གཉིས་ཀྱི་བྲིས་པའི་གཏམ་རྒྱུད་ལ་གླིང་སྐོར་རེ་རྒྱབ་འདོད་འདུག འབྲུག་རྒྱལ་ལགས་ཁྱེད་ཀྱི་བྲིས་པའི་རྩོམ་ཡིག་དག་ངས་བཀླགས་པ་ཡིན་ཧ་ཅང་བཟང་གི་ ད་དུང་མུ་མཐུད་ནས་ཕེབས་ཤོག དཔེར་ན་རྟ་ཕོ་བྱང་ཐང་དུ་རྒྱུག་པ་ནང་བཞིན་འདུག ཡིན་ན་ཡང་ རྟ་ཕོའི་རྐང་གཞི་རྟོགས་ཙམ་བཀུག་ན་བཟང་གི་ མ་ཤི་བར་དུ་མཇལ་བའི་རེ་བ་ཡོད། རྗེས་སུ་ཐུག་ཡོང༌།

 
2009.08.18 22:00:33
quest
དྲ་གྲོགས་ལགས། འབྲུག་རྒྱལ་དང་བསེ་རུ་གཉིས་ཀྱི་བར་མང་མང་བཤད་རྒྱུ་ཞིག་མེད་ཀྱང་། གོ་སྐབས་འདི་དམ་འཛིན་བྱས་ཏེ། ཕན་ཚུན་དྲ་ཐོག་ནས་གླེང་མོལ་རེ་བྱེད་ཐུབ་ན་རང་གཞན་གཉིས་ཕན་ཡོང་བ་འདུག
དྲ་གྲོགས་ཉིད་ཀྱིས་ངེད་དང་འབྲུག་རྒྱལ་གྱི་གླེང་མོལ་ལ་སྐོར་གཡེང་དུ་པེབས་པར་འཚམས་འདྲི་ཡོད་ལ། དགོངས་ཚུལ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ཉིད་ཀྱིས་རྗེས་སུ་དྲ་ཐོག་ནས་ཁ་སྐད་རིགས་བེད་སྤྱོད་གང་ཉུང་ཉུང་གཏོང་རོགས་གནང་ཞེས་ཞུ་འདོད་བྱུང་།།

 
2009.08.18 22:43:37
quest
ངེན་མེད་འངྲེ་་སྐད་མ་ཤོར་

 
2009.08.19 01:30:00
འབྲུག་རྒྱལ་ལགས། ཁྱེད་རང་འབྲུག་ལ་མག་པ་འགྲོ་བ་རེད་ཟེར། འབྲུག་མོའི་རྐུབ་ཚ་ལོད་འདུག ཧཧཧ། ཕལ་ཆེར་ཡིད་བསུན་པ་ཞིག་ཡོད་བཟོ་འདུག་དཱ།

 
2009.08.20 06:51:35
གྲོགས་འབྲུག་རྒྱལ་དང་། གཞན་ཡང་གྲོགས་པོ་ཡོད་དོ་ཅོག་ལ་བཀྲ་ཤིས་བདེ་ལེགས་ཞུ།