བོད་ཀྱི་བང་ཆེན། ཟིན་བྲིས། དུག་གསུམ་ཁེངས་པ། གཏམ་ངོ་མ་ཨེ་ཡིན་དོན་ལ་ཡོད། མི་བཟང་པོ་ཨེ་ཡིན་སེམས་ལ་ཡོད།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2009.12.13 21:13:29
གཏམ་ངོ་མ་ཨེ་ཡིན་དོན་ལ་ཡོད། མི་བཟང་པོ་ཨེ་ཡིན་སེམས་ལ་ཡོད།

དེའང་ཉེ་བའི་དུས་ལ་འཛམ་གླིང་ཡུལ་ཆེ་ཁག་གི་དབུ་འཁྲིད་ཆེ་ཁག་མང་པོའི་འདྲ་པར་ཡོད་པའི་ཁ་བྱང་དུ ༼གྲགས་ཅན་མི་སྣས་བོད་གླེང་བ། ༽


ཞེས་བཀོད་འདུག་པར་བསམ་ཚུལ་མདོར་བསྡུསཉིང་བཅུད་ཅིག་ཞུ་འདོད་བྱུང་། གྲགས་ཆེན་མི་སྣ་དེ་ཚོའི་ནང་བོད་རང་བཙན་གཙང་མ་ཡིན་པར་མངོན་གསལ་་འདོད་མཁན་གཅིག་ཡོད་པ་ནི་སྐུ་ཉིད་བཞུགས་པ་ལས་གཞན་ཞིག་ཨེ་ཡོད་སྙམ། དེ་མ་ཟད་ད་ཆའི་དབུ་མའི་ལམ་གྱི་ལྟ་གྲུབ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་གནས་རྒྱུ་ལས་་རྒྱ་ནག་དཔོན་རིགས་འགས་བརྗོད་བཞིན་པའི་ཁ་་བྲལ་གྱི་དྲི་མ་ཙམ་ཡང་ག་ལ་སྲིད། འཇུག་བསྡུས་ན་བཙན་བྱོལ་དུ་གནས་པའི་བོད་མི་ངེད་ཚོའི་བྱ་སྤྱོད་ནི་ལམ་ཕྱོགས་དེ་དང་མཐུན་པ་དགོས་པར་འདོད། དེ་ལྟར་མ་བྱུང་ན་ཚེ་རྒྱ་བཅོག་ཕ་རོལ་ན་བསྡོད་མཁན་རྒྱ་མི་གུང་ཕྲན་རིང་ལུགས་པ་ཡིན་པས་དེ་བས་ཀྱང་འབྲས་བུ་སྨིན་རྒྱུ་དཀའ་བར་ཡང་འདོད། རྡོའི་སྟེང་ཆུ་ལུད་ག་ཚོད་ཕྲད་ཀྱང་མྱུ་གུ་སྐྱེ་མི་སྲིད་པ་ནི་འཇིག་རྟེན་འདི་ན་སུ་ལའང་གསལ་བཤད་བྱེད་མི་དགོས་ལ་བྱེད་རྒྱུའི་དགོས་པ་ཡང་མེད། བྱེད་ནའང་དོ་སྣང་བྱེད་མཁན་དཀོན། འོན་ཀྱང་རེ་ཟུང་ཡོད་པ་དེ་ཚོས་ཕུགས་ཀྱི་དོན་དེ་རྟོགས་ངེས་རེད། དེ་མིན་གང་ཟག་ཁོ་བོ་ཡང་འདིར་ཡིད་སྐྱེ་དགོས་མེད།




2009.12.13 23:23:59
དྲ་གྲོགས་ལགས། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱིས་ག་རེ་ལ་རྒྱབ་སྐྱོར་བྱེད་དང་མི་བྱེད་དེ་བོད་མི་རིགས་ཀྱི་ལངས་ཕྱོགས་ལ་རག་ལས་པ་ལས། བོད་པར་མི་དགོས་པ་ཞིག་བོད་དོན་རྒྱབ་སྐྱོར་བས་འདོད་ཚུལ་བཟུང་ན་རྒྱབ་སྐྱོར་ཡིན་མིན་ཡང་ཐེ་ཚོམ་དུ་གྱུར་ཡོད། དོན་དངོས་ཐོག་བཙན་བྱོལ་བོད་མི་རང་ངོས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་ཡིན་ཞེས་པ་ཞིག་མཛུབ་མོ་བཙུག་ས་ཞིག་གང་ཡང་མེད་པར་སྣང་། ༧འོན་ཀྱང་༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་ཡང་བཙན་བྱོལ་བོད་མིས་དེ་རང་དུ་ཤར་བསྐྱོད་བྱེད་རྒྱུ་ཐེངས་ཁ་ཤས་ལ་གཏན་འབེབས་བྱས་ཡོད། ད་ལྟའི་ཆར་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ལམ་དབུ་མ་ཡིན་པས་ བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱང་ལམ་དབུ་མ་རེད།
གལ་སྲིད་༧གོང་ས་མཆོག་གིས་ད་བར་མི་ལོ་སུམ་ཅུ་ལྷག་གི་རིང་དབུ་མའི་ལམ་དུ་ཁ་ཞེ་གཉིས་མེད་ཀྱིས་ཤར་བསྐྱོད་གནང་ཡང་རྒྱ་གཞུང་གིས་ཡ་ལན་གཏན་ནས་མ་གནང་མ་སོང་། ད་ནི་བོད་པའི་འཐབ་རྩོད་དེ་རང་བཙན་ཁོ་ལ་ན་ལས་ཐབས་ལམ་གཞན་མི་འདུག་པས་དེ་རང་དུ་ཤར་བསྐྱོད་བྱེད་རྒྱུ་ལས་ལམ་ཁ་གཞན་མི་འདུག་ཅེས་གསུངས་པའི་དབང་དུ་བཏང་ན། སྐབས་དེ་དུས་བཙན་བྱོལ་བོད་མིས་ཀྱང་ཤར་རྒྱག་ཆབ་སྲིད་ཀྱི་ལངས་ཕྱོགས་རང་བཙན་དུ་བསྐྱོད་རྒྱུ་ལས་གཞན་མེད།
༧གོང་ས་མཆོག་གིས་ངས་ད་བར་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་འགན་ཁུར་ནས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་ཐག་གཅོད་ཡོང་ཐབས་སུ་འབད་བརྩོན་བྱས་ནས། དབུ་མའི་ལམ་གྱི་ལངས་ཕྱོགས་ཁ་ཞེ་གཉིས་མེད་ཀྱིས་བཟུང་ནས་མི་ལོ་༣༠ ལྷག་སོང་ཡང་། རྒྱ་གཞུང་གིས་ཡ་ལན་གཏན་ནས་མ་བྱས་པས། ད་ནས་བཟུང་ངས་བོད་པས་ཆབ་སྲིད་ཀྱི་འགན་བཞེས་རྒྱུ་མིན་པར། མི་མང་གི་ངོས་ནས་ག་རེ་འདོད་ཀྱང་དེ་ག་རང་དུ་ཤར་བསྐྱོད་བྱེད་རོགས་ཞེས་གསུངས་ན་སྐབས་དེ་དུས་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་ལམ་ཁ་ག་འདྲ་ཞིག་ཏུ་བསྐྱོད་སྲིད་དམ། འདི་དྲི་བ་ཆེན་པོ་ཞིག་རེད།
གལ་སྲིད་ད་ལྟའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ལ་ནུས་པ་ཐོན་མི་ཐུབ་པ་ཞིག་དང་། འགྱུར་བ་གཏོང་དགོས་པ་ཞིག་ཡིན་ན། ༧གོང་ས་མཆོག་ཞལ་བཞུགས་པའི་དུས་ཚོད་ནས་ཚོད་ལྟ་དང་འགྱུར་བ་གཏོང་དགོས་པ་ལས། གལ་སྲིད་༧གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་མོ་ཞིག་ལ་བཙན་བྱོལ་ནང་བོད་དོན་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་གཏོང་དགོས་པ་ཞིག་ཆགས་ན། དོན་མེད་ཀྱི་རྙོག་འཛིངས་མང་པོ་ཞིག་གི་ནང་དུ་འགོ་འཁོར་ནས་སྡོད་པ་ལས་གྲུབ་འབྲས་སོན་པ་ཞིག་ཡོང་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པར་སྣང་།
ངས་གོང་དུ་བརྗོད་པ་དེ་དག་སྤྱི་བཤད་ལྟ་བུ་ཆགས་སོང་བས་དགོངས་འགལ་མེད་པ་ཞུ་རྒྱུ་དང་། མདོར་ན་ཕྱིའི་རྒྱལ་ཁབ་ཁག་གི་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་སྐབས་བོད་མི་རིགས་ཀྱི་རེ་འདུན་ག་རེ་ཡིན་དང་། བོད་མི་རིགས་ཀྱི་ལངས་ཕྱོགས་ག་རེ་ཡིན་མིན་དེ་ལ་རྒྱབ་སྐྱོར་བྱེད་པ་ལས། གཞན་ཞིག་ལ་རྒྱབ་སྐྱོར་བྱེད་དཀའ་བ་ཞིག་རེད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ངོས་ནས་བོད་རང་བཙན་གྱི་འདོད་ཚུལ་སྤངས་ཟིན་པས་ཕྱིའི་རྒྱལ་ཁབ་ཁག་གིས་རང་བཙན་ལ་རྐྱབ་སྐྱོར་བྱེད་ཐབས་མེད་པ་ལྟ་བུར་གྱུར་ཡོད། གལ་སྲིད་བོད་པས་རང་བཙན་རང་རྩོད་ཀྱི་ཡོད་ན་ཕྱིའི་རྒྱལ་ཁབ་ཁག་ནས་ཀྱང་ལངས་ཕྱོགས་དེ་ལ་རྒྱབ་སྐྱོར་བྱེད་ངེས་པ་རེད།

 
2009.12.14 20:30:09
བོད་དོན་རྒྱབ་སྐྱོར་༼དྲ་གྲོགས་ཚོ། ཁམས་བཟང་།༽ བྱེད་ མཁན་གྱིས་ག་རེ་ལ་རྒྱབ་སྐྱོར་བྱེད་དང་མི་བྱེད་དེ་བོད་མི་རིགས་ཀྱི་ལངས་ཕྱོགས་ ལ་རག་ལས་པ་དང་བོད་པར་མི་དགོས་པ་ཞིག་བོད་དོན་རྒྱབ་སྐྱོར་བས་འདོད་ཚུལ་བཟུང་ན་ རྒྱབ་སྐྱོར་ཡིན་མིན་ཡང་ཐེ་ཚོམ་ཡིན་པ་དེ་ནི་ཧ་ཅང་གསལ་པོ་རེད་སྙམ།
ཡོངས་གྲགས་ཀྱི་ཆ་ནས་ད་ལྟའི་བོད་མི་མང་གི་ལངས་ཕྱོགས་དང་བཙན་བྱོལ་བོད་གཞུང་ གི་སྲིད་ཇུས་ནི་དབུ་མའི་ལམ་གྱི་ལྟ་གྲུབ་དེ་ཡིན། དེ་འདྲ་སོང་ཙང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་བོད་མི་དམངས་ཀྱི་ལམ་ ཕྱོགས་གསལ་པོ་མེད་པར་ཡང་འདོད། དཔེ་ཆུང་སར་བཞག་ན་དུས་དྲན་ཁག་སོགས་ཀྱི་ལས་འགུལ་སྐབས་སུ་སྐད་འབོད་ངོ་རྒོལ་ བྱེད་དུས་སྐྱབས་བཅོལ་བོད་མི་གནས་སྡོད་བྱེད་སའི་ཡུལ་གྲུ་ཁག་དང་ལྷག་པར་དུ་ རྒྱ་བལ་སོགས་སུ་རང་བཙན་གྱི་འབོད་སྒྲ་ནི་རྒྱ་ནག་གཞུང་གི་སྐུ་ཚབ་ཚོའི་རྣ་རྩར་ སྒྲོག་ནས་སེམས་ནང་དེ་ལས་ལྷག་པའི་ཞེ་སྡང་གིས་བསྐང་གིན་མིན་འགྲོ་སྙམ། ༼ཁ་ནས་མ་བཏོན་ན་སེམས་ལ་མེད་པ་མ་ཁྱབ་ཏེ། ཁ་ནས་བཏོན་པ་ཞིག་སེམས་ལ་མེད་ཟེར་ན་གང་ཟག་ཕལ་པ་ཞིག་གི་རྣ་བའི་ནང་མི་འགྲོ་བ་ ལས་རྒྱ་གུང་ཕྲན་གྱི་རྣ་བར་ག་ལ་གཤོང་།༽
དེ་ འདྲའི་གཞུང་གི་ལངས་ཕྱོགས་དང་མ་མཐུན་པའི་བྱ་སྤྱོད་དེ་དག་སྐྱོན་ཞིག་ཡིན་པ་དང་ ཡོན་ཏན་དུ་ངོས་འཛིན་བྱེད་དགོས་པ་ནི་གང་ཟག་ཕལ་པ་བདག་འདྲས་ཐག་གཅོད་བྱེད་མི་ ཕོད་ཀྱང་སེམས་ལ་དོགས་གཞི་ཞིག་ཡོང་ངེས་རེད། གཞན་ཡང་སྲིད་དོན་གྱི་ཆ་ལུགས་ཤིག་ཡིན་པའང་སྲིད།
སྤྱིར་བོད་ཅེས་རྣ་བར་ཐོས་དུས་ནུབ་ཕྱོགས་པ་ཡིན་ན་སེམས་ནང་ལམ་སང་སངས་རྒྱས་ པའི་ཆོས་དང་སྲིད་དོན་གྱི་དཀའ་རྙོག་དེ་གཉིས་ཡོང་གི་ཡོད་པ་འདྲ། དེ་ལས་ལྷག་པ་ཏཱ་ལའི་བླ་མ་མཆོག་ནི་ཆད་མི་སྲིད། འོན་ཀྱང་ཡང་བསྐྱར་དེའི་རྒྱབ་ལྗོངས་སུ་སླར་ཡང་སངས་རྒྱས་པའི་ཆོས་དང་སྲིད་དོན་ གྱི་དཀའ་རྙོག་དེ་གཉིས་ཡོང་བསྡད་ཀྱིན་ཡོད་པ་ནི་ད་ལྟའི་འཛམ་གླིང་འདིར་དངོས་ ཡོད་ཀྱི་གནས་ཚུལ་ཞིག་རེད། རྒྱ་རིགས་སོགས་ཁག་ཅིག་གི་སེམས་ནང་ལམ་སང་བོད་ཀྱི་གསང་སྔགས་ཀྱི་ཆོས་ཞེས་ཡ་ མཚན་གྱི་སྣང་བ་ཡིད་ལ་འཆར། དེ་དང་དེ་འདྲ་བའི་བོད་དོན་རྒྱབ་སྐྱོར་བ་ཟེར་རམ་བོད་དོན་ལ་དོན་གཉེར་ཅན་སོ་ སོའི་གནས་སྟངས་ལ་དཔག་པའི་རྣམ་འགྱུར་ཞིག་ཡོང་ངེས་རེད་དེ། དོན་དངོས་དཀའ་རྙོད་གསལ་བར་ཕན་ཤོས་ནི་བོད་པ་རང་ཉིད་ཀྱི་བྱ་སྤྱོད་དང་ལྟ་གྲུབ་ དེ་གལ་འགངས་ཆེ་ཤོས་སུ་མཐོང་། གང་ལ་ཞེ་ན་རྒྱ་གཞུང་གིས་དཀའ་མོལ་བྱེད་ས་བོད་པ་ངེད་ཚོ་རེད་མ་གཏོགས་གཞན་སུ་ ཡང་མ་རེད་ལ་སུས་ཀྱང་བྱེད་མི་ཐུབ།
རྒྱ་བོད་གྲོལ་མོས་མཐའ་མ་དེའི་དུས་ལ་རྒྱ་རིགས་དཔོན་རོགས་ཚོས་ཏཱ་ལའི་བླ་མས་ བོད་མི་དམངས་ཡོངས་ཀྱི་སྐུ་ཚབ་གནང་མི་ཐུབ་སོགས་ལབ་པ་དེ་དག་ཚིག་གི་སྒོ་ནས་ འཚམ་པ་ཡང་ཨེ་ཡིན་ཟེར་ན་ཅི་རུང་། དབུ་མའི་ལམ་གྱི་ལྟ་གྲུབ་དང་རང་བཙན་གྱི་འབོད་སྒྲ་དེ་གཉིས་སུ་བསྡུས་ན་མ་ འགྲིགས་པ་ཡང་ཅི་རུང་།
གཞན་ཡང་༢༠༠༩།༠༦།༢༠ལ་རྡ་སར་བཀའ་ཁྲི་འོས་འདེམས་དང་འབྲེལ་བའི་བགྲོ་གླེང་སྐབས་ སྐུ་མགྲོན་སྤྱི་འཐུས་ཆོགས་གཙོ་མཆོག་དང་བཀའ་ཁྲི་མཆོག་ལྷན་དུ་བཞུགས་པར་མི་མང་ ནས་ཡོང་བའི་དྲི་བ་ཞིག་ལ་བཀའ་ཁྲི་མཆོག་ནས་ལན་འདི་ལྟར་གནང་།
༼ད་ལྟ་ང་ཚོའི་སྲིད་ཇུས་འདི་ནི་རྒྱ་ཆེ་མང་ཚོགས་མང་མོས་ཀྱི་ཐོག་ནས་རྟེན་ལ་ཕབ་ པའི་སྲིད་ཇུས་ཤིག་རེད། མང་ཚོགས་ཀྱི་བསམ་བློ་འགྱུར་བ་གཏོང་ཐུབ་མཁན་ཞིག་སླེབས་པ་ཡིན་ན། མང་ཚོགས་ཀྱི་བསམ་བློ་འགྱུར་བ་ཕྱིན་པའི་ཉིན་མོ་དེར། གཞུང་གི་སྲིད་ཇུས་ལ་འགྱུར་བ་འགྲོ་གི་རེད། མང་ཚོགས་ཀྱི་བསམ་ཚུལ་འགྱུར་བ་གཏོང་མ་ཐུབ་བྱས། སོ་སོའི་ལངས་ཕྱོགས་ཀྱི་རྒྱབ་ལ་མི་མང་གི་རྒྱབ་སྐྱོར་བཙལ་མ་ཐུབ་པ་ཡིན་ན། མི་མང་གི་བསམ་ཚུལ་ག་བར་ཡོད་པ་དེའི་འོག་ལ་འགྲོ་ཡག་རེད་མ་གཏོགས་་་ ཡང་དག་པའི་མང་གཙོ་རིང་ལུགས་འོག་ལ་ཡོད་པ་རེད་ལབ་དུས་མང་མོས་དེ་ལ་འགྱུར་བ་ གཏོང་ནས་སུ་རྐང་གིས་འགྲོ་ཐུབ་ཀྱིས་མ་རེད་བསམ་གྱི་འདུག ༽
དེ་འདྲའི་བལྟ་ཕྱོགས་གང་ཅིས་གཞུང་དང་དམངས་གཉིས་ཀ་ལངས་ཕྱོགས་གཅིག་པ་མིན་པར་ དོན་དངོས་ཀྱི་བྱ་སྤྱོད་ཐོག་ཀྱང་རྣམ་པ་འཚམ་པ་ཞིག་ཡོང་གི་ཡོད་པར་སྣང་།

 
2009.12.14 15:55:12
quest
དྲ་གྲོགས་ཚོའི་གསུང་པ་བཞིན་རེད། བོད་མི་རིགས་ལ་མི་དགོས་པ་ཞིག་ལ་བོད་དོན་རྒྱབ་སྐྱོར་པ་དག་གི་རྒྱབ་སྐྱོར་གནང་གི་མ་རེད་དེ་བདེན་པ་རེད། བོད་མི་རིགས་ལ་མི་དགོས་པ་ཞིག་ལ་རྒྱ་ནག་གཞུང་གི་རྒྱབ་སྐྱོར་བྱེད་ཀྱི་རེད་ དཔེར་ན་བོད་མི་རིགས་ལ་མི་དགོས་པ་ལྷ་འབྲེ་རྡོ་རྒྱལ་དེ་རེད་དེ་ལ་རྒྱ་ནག་གཞུང་གི་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་ག་འདྲ་བྱེད་ཀྱི་འདུག་ཚང་མས་དགོངས་མངའ་ལྟར་རེད། བོད་མི་རིགས་ཀྱི་འཐབ་རྩོད་འདི་གང་ཟག་སྒར་པ་ཞིག་གི་དོན་དག་རྩ་བ་ནས་མིན་པ་ཚང་མས་ཤེས་བཞིན་པ་དེ་རེད། གོང་ས་མཆོག་ཞལ་བཞུགས་པའི་སྐབས་ཁོང་གིས་ངོས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་འགྱུར་བ་གཏོང་མི་སྲིད་པ་ཞིག་རེད། སྔ་ཕྱི་བར་གསུམ་གྱི་གསུངས་འཕྲིན་བསྩལ་བ་དག་ལ་གཟིགས་ན་རྟོག་ཐོབ། མི་དམངས་ཀྱི་ངོས་ནས་འགྱུར་བ་གཏོང་ཐབས་གནང་རྒྱུ་དེ་གལ་ཆེ་པོ་རེད་སྙམ། གལ་སྲིད་ད་ལྟ་ནང་བཞིན་ཆབ་སྲིད་ཀྱི་ལངས་འདི་ནང་བཞིན་གནས་པ་ཡིན་ན་ཧ་ཅང་གི་དཀའ་ཚིགས་ཆེན་པོ་ཞིག་མཐོང་གི་འདུག ང་ཚོ་ཤི་ཀྱང་རུང་ལངས་ཀྱང་རུང་གཞུང་སྒར་ཚང་མའི་ལངས་ཕྱོགས་གཅིག་གི་ནང་དུ་ཤར་བསྐྱོད་བྱེད་རྒྱུ་འདི་ནི་ཧ་ཅང་གལ་ཆེ་ཞིག་མཐོང་། རྩ་བའི་ལངས་ཕྱོགས་གཅིག་མེད་པ་འདི་ཡི་རྒྱུན་རིང་པོ་གནས་རྒྱུ་ཧ་ཅང་གི་ཁག་པོ་རེད་སྙམ། བཀྲིས་བདེ་ལེགས།

 
2009.12.14 20:45:55
quest
གོང་དུ་དག་གསུམ་གྱི་གསུང་དེ་ལ་མུ་མཐུན་ཡོད་སྟེ། ང་ཚོ་ཇི་ལྟར་བྱས་ཏེ་འགྱུར་བ་གཏོང་དགོས་ཀྱི་ཡོད་དམ། བོད་མི་རིགས་འདི་ལ་རེ་བ་ཇི་འདྲ་ཞིག་ཡོད་དམ། རེ་བ་དང་ཡིད་ཆེད་འགྱུར་བ་མེད་པའི་བོད་མི་རིགས་ཀྱི་རྩ་དོན་འདི་ཇི་ལྟར་བྱེད་སྟེ་གསལ་དགོས་ཀྱི་ཡོད་དམ། བོད་པར་རང་ཉིད་ཀྱི་ལས་དོན་ཞིག་མ་བྱེད་ན་གཞན་གྱི་རོགས་ཤིག་བྱེད་ཀྱི་མིན་པ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོ་ཆབ་སྲིད་ཀྱི་ལམ་ལུག་འདི་འགྱུར་བ་ཞིག་ངེས་པར་གཏོང་དགོས་ཀྱི་འདུག་ཇི་ལྟར་བྱེད་སྟེ་དགོས་ཀྱི་ཡོད་མིན་སྐོར་གསུངས་གནང་།

 
2009.12.14 21:07:42
༼དབུ་མའི་ལམ་༽ད་ ལྟའི་ཆར་འཛམ་གླིང་གི་སྲིད་དོན་དང་དཔལ་འབྱོར་གྱི་གནས་བབས་ལས་དབུ་མའི་ལམ་ལས་ ལྷག་པ་ཞིག་རྩ་བ་མ་མཐོང་། དེའང་སྔ་ལོའི་ཚོགས་ཆེན་སྐབས་སུའང་དཀའ་མོལ་མང་པོ་བྱུང་རབས་རེད། མི་བརྒྱ་ངོ་ཤེས་པ་ལས་མི་གཅིག་གི་མིང་ཤེས་ན་དགའ་ཞེས་ཁ་དཔེ་ཡོད་པ་ལྟར་ང་ཚོས་ ཆབ་སྲིད་མ་རྟོགས་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས། ལམ་ལུགས་འདྲ་མིན་ལ་བསམ་བློ་གཏོང་རྒྱུ་ལས་ད་ཡོད་ཀྱི་ལྟ་གྲུབ་དེར་དཔྱད་པ་ བྱེད་ནས་རྒྱ་ཕྱོགས་ནས་མ་འདོད་པའི་རྣམ་པ་བསྟན་ས་དེ་ག་པར་ཐུག་འདུག་སོགས་ལ་ ཞིབ་དཔྱད་བྱེད་པར་འདོད། དེའང་གོང་ལྟར་མིན་འགྲོ་སྙམ། གཞན་ཡང་སེམས་ཤུགས་ལྡན་པར་རེ་བ་མཆིས།

 
2009.12.15 16:00:07
quest
དུག་གསུམ་ལགས་ཞོགས་པ་བདེ་ལེགས། ཁྱེད་ཀྱི་གསུང་པ་ལ་དབུ་མའི་ལམ་གྱི་སྲིད་རྒྱུས་ལས་ལྷག་པ་མི་འདུག་གསུང་འདུག་ཇི་ལྟར་བྱས་ཏེ་རང་བཙན་ལས་ལྷག་པ་རེད་དམ་རྒྱུ་མཚན་ཞིབ་ཁྲ་ཞིག་གསུང་ན་ག་འདྲ་འདུག རྒྱ་ནག་སྲིད་གཞུང་གི་མ་འདོད་པའི་རྣམ་པ་དེ་ནི་བོད་རིགས་ལ་རང་སྲིད་རང་སྐྱོངས་ཤིག་སྤྲད་པ་ཡིན་ན་ གོང་ས་མཆོག་གི་ཐུགས་ཀྱི་མཛད་འཕྲིན་འདི་ཡི་འོག་ནས་རྒྱ་ནག་མི་དམངས་ལ་སེམས་འགུལ་ཞིག་ཡོང་གི་རེ་སྙམ་སྟེ་དོག་པ་རྣམ་རྟོག་དང་གོང་ས་མཆོག་དགོངས་ལོའི་གནས་བབ་སོགས་ལ་རེ་སྒུག་བྱེད་སྟེ་ གོང་ས་མཆོག་གི་མཛད་འཕྲིན་ཡོང་རྫོགས་ཡུལ་གྱར་དུ་རྫོགས་ན་དེ་ནས་བོད་དེ་རྒྱ་ནག་གི་ཁུངས་སུ་ཡིན་བསམས་ཀྱི་ཡོད་པ་རེད་སྙམ། བོད་མི་རིགས་འདི་ལ་ལྟ་ས་གཅིག་མ་གཏོགས་མེད་པ་དེ་རྒྱ་ནག་གི་ཤེས་ཀྱི་ཡོད་པ་རེད་སྟེ་ བོད་མི་རིགས་འདི་ནམ་ཡང་འཆི་སྲིད་ཀྱི་མ་རེད་བསམས། དྲ་གྲོགས་ཚོ་བསམ་བློ་ཞིག་གཏོང་ན་ལེགས། བཀྲིས་བདེ་ལེགས།

 
2009.12.15 18:58:32
བདེན་པའི་དོན་དང་སྙན་པའི་ཚིག་ལྷན་ཅིག་ཏུ་འཇགས་པ་ཧ་ཅང་དཀོན། གངས་ལགས་བཀྲ་ཤིས་བདེ་ལེགས། ཁྱེད་ལ་དྲི་བ་གསུམ་ཡོད་པ་འདྲ། ༡། དང་པོར། ངས་བྲིས་པ་ནི་༼ད་ལྟའི་ཆར་འཛམ་གླིང་གི་སྲིད་དོན་དང་དཔལ་འབྱོར་གྱི་གནས་བབས་ ལས་དབུ་མའི་ལམ་ལས་ལྷག་པ་ཞིག་རྩ་བ་མ་མཐོང་། ༽ ཞེས་ཡིན། དེ་འདྲ་ཆ་ཚང་ལ་དོ་སྣང་བྱས་ཡོད་ན་ཕལ་ཆེར་གསལ་པོ་འདུག་བསམ་གྱི་འདུག དེ་མིན་ད་ལྟའི་ཆར་འཛམ་གླིང་གི་སྲིད་དོན་དང་དཔལ་འབྱོར་གྱི་གནས་བབས་ཕྲན་བུར་ རྟོགས་པའི་ཆ་ནས་བོད་གཞུང་དམངས་ལ་རྒྱ་ནག་གཞུང་འོག་ནས་རང་བཙན་ཞིག་ཡོང་སྲིད་པ་ རེད་དམ། སོ་སོར་གང་དགོས་གཅིག་པོར་མ་བལྟས་པར། ཕ་རོལ་ན་ཚུར་ཁ་ལོག་མཁན་དེ་དང་ཁོར་ཡུག་སོགས་གང་ཅིའི་ཟབ་གནས་དེ་ཤེས་དགོས་པ་ ནི་ལས་དོན་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་སྣང་། ༢། ཁྱེད་ཀྱི་ལབ་པའི་༼བོད་རིགས་ལ་རང་སྲིད་རང་སྐྱོངས་ཤིག་སྤྲད་པ་ཡིན་ན༽དེ་རང་ བཙན་དང་ཁྱད་པར་དེ་འདྲ་ཆེན་པོ་འདུག་གམ། ༣། ལན་འདི་ཁྱེད་རང་གིས་ལབ་པ་དེའི་ནང་གསལ་པོ་འདུག་སྙམ། འོ་ན་རྒྱ་ནག་གཞུང་གིས་ཤེས་ཀྱི་ཡོད་པ་ལས་ང་ཚོ་བོད་གཞུང་དམངས་གཉིས་ཀྱིས་ཤེས་ ཀྱིས་ཡོད་མ་རེད་དམ། གང་ལྟར་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་འདིར་ཐུག་པས་རྒྱ་ཕྱོགས་གཅིག་པོར་ མིན་པ་དུས་ཚོད་འདི་ངེད་གངས་ཅན་པ་ཚོར་ཡང་དེ་བས་ཀྱང་གལ་ཆེར་མཐོང་། འོན་ཀྱང་བདེན་པ་རེད། བོད་མི་རིགས་ཟེར་བ་དེ་བརླག་གི་མ་རེད་ལབ་ཡག་དེ་ལས་སླ་པོ་རེད་ལ་དེ་ལྟར་མི་ ཡོང་བར་ཚང་མས་འབད་བརྩོན་བྱེད་དགོས། ཡང་མུ་མཐུད་ནས་འབྲི་ན། བོད་སྐད་རྒྱག་མཁན་དང་རྩམ་པ་བཟའ་མཁན་ཚང་མ་ཁྱེད་ཀྱིས་ལབ་བཞིན་པའི་བོད་པ་དེ་ འདྲ་བའི་ལྷག་བསམ་དྲང་ལྡན་དང་སེམས་ཤུགས་ཅན་དེ་འདྲ་ཨེ་ཡིན་ནམ། ཆ་ཤས་ཤིག་མིག་མཐོང་ལག་ཟིན་རེད། བོད་དུ་ཡོད་པའི་རྩམ་འབྲས་མཉམ་བཟའ་བྱེད་མཁན་ཁག་ཅིག་ཡོད་པ་དེ་ཚོའི་བྱ་སྤྱོད་ ལ་ལྟ་ན་ཡང་བློ་བསྐྱེད་འགའ་རག་ཡོང་། མགོ་དཔོན་རིགས་ཟེར་ས་མེད། འཇུག་སྤྲང་པོ་ཟེར་ས་མེད། བར་མི་སེར་ཕར་རྒྱུགས་ཚུར་རྒྱུགས་རེད། ཡིན་ནས་ཞྭ་ནག་གྱོན་མཁན་ཚང་མ་སེམས་ནག་མིན་པ་ནི་གསལ་པོ།