བོད་ཀྱི་བང་ཆེན། ཟིན་བྲིས། shedup ཉིན་རེ་བཞིན་འགྱུར་བའི་མོན་གྷོ་གཞི་ཆགས།།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.03.08 23:31:27
ཉིན་རེ་བཞིན་འགྱུར་བའི་མོན་གྷོ་གཞི་ཆགས།།

 

དྲང་བདེན་ནི་གྱོང་ཁ་དང་བདེ་སྐྱེད་གྱི་རྩ་བ་ཡིན།།

གཡོ་རྒྱུ་ནི་རྒྱལ་ཁ་དང་སྡུག་སྔལ་གྱི་ས་བོན་ཡིན།།


ཅེས་གསུངས་པར་རྒྱུ་མཚན་མེད་པ་མ་ཡིན་པར་དོན་དངོས་ཐོག་ང་ཚོའི་རེ་བ་རྒྱབ་བཞིན་པའི་དམིགས་ཡུལ་ལྟར་བུ་ཞིག་མ་ཡིན་ནམ་     ཡིན་ཡང་ད་ལྟའི་ཆར་བཙན་བྱོར་བོད་མི་མང་ཆེ་བས་དཔལ་འབྱོར་སོགས་ཀྱི་གནས་བབ་ཐད་ཅུང་ཡ་རྒྱས་ཀྱི་ལམ་དུ་འགྲོ་བཞིན་པ་མཚོན་ཕྱིར་བོད་མི་རང་ཉིད་ནས་དངོས་གསལ་ཅན་ཞིག་ཁྲོམ་ལྟོན་བྱེད་བཞིན་ཡོད་ཀྱང་ཀླད་མེད་སྨྱོན་པའི་ངང་ཚུལ་བཞིན་སོ་སོའི་གནས་བབ་ངོས་འཛིན་མ་ཐུབ་པར་རང་སྣང་གང་ཤར་འམ་བག་མེད་ལོང་སྤྱོད་བྱེད་མཁན་བཙན་བྱོལ་བོད་མིའི་གྲངས་འབོར་ནི་སྔར་ནས་ཇེ་མང་དུ་འགྲོ་བཞིན་པ་རེདཅེས་རྒྱ་གར་བ་སོགས་ཀྱི་ཤོད་ཀྱི་ཡོད།   དངོས་ཡོད་གནས་སྟངས་འདི་འདྲའི་ཐད་བཙན་བྱོལ་བོད་མི་ཚོང་པ་མི་ཉུང་བ་ཞིག་ནམ་ཡང་འཇལ་མི་ཐུབ་པའི་བུ་ལོན་ཆགས་ཡོད།  ངས་ལྟས་ན་དེའི་རིགས་བཙལ་བྱོལ་བོད་མའི་གྱོང་གུད་ཆེ་པོ་དེ་ཙམ་མ་ཡིན་པར་གནས་ཡུལ་རྒྱལ་ཁབ་དང་མི་མང་ལ་མཐུན་ལམ་མེད་པ་འདི་རེད་བསམ་གྱི་ཡོད།  དེ་བརྟེན་དུས་རྒྱུན་ནས་རང་ཁ་རང་གསོ་བྱེད་རྒྱུའི་དམིགས་བཟུང་ནས་མི་རིགས་གཞན་ལ་བརྟན་མ་དགོས་པར་རང་རྐྱ་ཐུབ་པའི་གོ་སྐབས་བཟུང་དགོས་འདུག་སྙམ།།

མོན་གྷོ་གཞི་གྲོང་གསུམ་པའི་ནང་རྒྱ་གར་བའི་ཨོ་ཊབ་རི་ཤབ་ཇེ་མང་དུ་འགྲོ་བཞིན་པ།




2010.03.08 23:12:21
དྲ་གྲོགས་ལགས་ཁྱེད་ཀྱིས་སེམས་གཏིང་ནས་ཤོད་འདོད་པ་དེ་ག་རེ་ཡིན། མོན་གྷོ་གཞིས་གྲོང་གསུམ་པའི་ནང་རྒྱ་གར་བའི་རྐང་གསུམ་སྦག་སྦག་མང་དུ་འགྲོ་བཞིན་པ་དང་གཅིག་མཚུངས་བོད་པ་ཚོས་ཀྱང་འདི་ལྟར་རྐང་གསུམ་གླ་འཁོར་གཏོང་དགོས་པ་རེད་ཅེས་གསུངས་འདོད་པ་ཡིན་ནམ།

 
2010.03.12 14:32:46
སྐུ་ངོས་གསེར་རྟ་ཚུལ་ཁྲིམས་ལགས་ངས་ཤོད་འདོད་པ་ནི་ཧ་ཀྱང་གསལ་པོ་ཡིན་ང་ཚོ་བཙན་བྱོལ་ནང་ཡོན་རིང་གནས་དགོས་བྱུང་ན་གནས་ཡུལ་རྒྱལ་ཁབ་དང་མི་མང་ལ་འབྲེལ་ལམ་བཟང་རུ་བཏང་དགོས་གལ་ཆེ་པོ་འདུག། དེ་ཡང་འདི་ནི་ལོ་༥༠རེ་སོང་དུས་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཆེ་པོ་ཞིག་ཚོགས་པས་ཐུགས་ཕན་སོན་པ་ཞིག་མ་ཡིན་པར་བོད་མི་རང་ངོས་ནས་རང་རྐྱ་ཐུབ་པའི་གོ་སྐབས་ཞིག་རྩམ་དགོས་འདུག་ཞུ་བ་འདི་ཡིན། དཔེ་ན་དེང་སྐབས་སྦེལ་ཀོལ་གཞི་ཆགས་ནང་རྒྱ་གར་བའི་རྐང་གསུམ་སྦག་སྦག་བཏང་མཁན་ཁ་མཐུན་གྱི་བོད་མིར་སྡོད་མ་ནུས་པ་བཟོ་གི་འདུག་ཅེས་ཡོངས་གྲགས་རེད་ལ་གུས་པས་དངོས་སུ་མཐོང་བྱུང་བ་ནི་ས་གནས་དེར་ཅིག་པུ་མ་ཡིན་པར་བོད་ཀྱི་རྒྱལ་སར་གཉིས་པ་གྲགས་པ་སྡ་སར་ནང་མོ་ཊ་ཁ་ལོ་བའི་བྱེད་སྤྱོད་སོགས་ཡིན། དེས་ན་བོད་མི་རང་ཉིད་ནས་རང་ཁ་རང་གསོ་བྱེད་རྒྱ་འདི་གཉིས་ཕན་དབུས་མའི་ལམ་ཞིག་ལ་མཐོང་གི་འདུག།

 
2010.03.09 15:05:10
quest
ད་ཁྱོད་ཚོས་རྐང་གསུམ་འཁོོར་ལོ་ལོཌྷི་སྐོར་ལ་ལ་ཤོད་ནས་སྡོད་ཨ