བོད་ཀྱི་བང་ཆེན། ཟིན་བྲིས། shedup མདོ་སྨད་ཀྱིས་བསྒྲགས་པའི་བཀའ་ཁྲིའི་འོས་གཞིའི་ནང་ལྟས་ན།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.03.30 02:37:33
མདོ་སྨད་ཀྱིས་བསྒྲགས་པའི་བཀའ་ཁྲིའི་འོས་གཞིའི་ནང་ལྟས་ན།

བཀའ་བློན་ཁྲི་པའི་འོས་མིར་འདེབས་ཕྱོགས་ཐད་ཆོལ་ཁའི་འཐེན་འཁྱེར་མེད་པ་དངོས་ཡོད་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ལུགས་ཚད་ལྡན་ཕྱོགས་སུ་འགྲོ་ནུས་པ་མ་ཚད་མ་འོངས་བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་ལ་ཐུགས་བསམ་བཞེད་ཐུབ་པ་ཅིག་དགོས་པ་སོགས་དེང་སྐབས་ཆབ་སྲིད་ཚོགས་པ་དང་ཆབ་སྲིད་པ་མང་པོའི་ཞལ་ནས་ཐོན་སྡོད་ཀྱང་ད་རིང་ཨ་མདོ་རྒྱུན་ལས་ནས་འོས་མི་༡༣་སྟོན་པའི་ནང་འོས་མི་བཞི་ལས་དེ་མིན་ཨ་མདོ་བ་རེད་འདུག།



༢༠༡༠ ལོའི་

ཟླ་ ༣ པའི་ཚེས་༡༤ནས་༡༦བར་ གྱི་ཉིན་གྲངས་གསུམ་རིང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ཞིག་ སྐོང་འཚོགས་ཀྱིས་ས་གནས་ཁག་གི་འགན་འཛིན་དང་འཐུས་ཚབ་རྣམས་མཉམ་འཛོམས་ཀྱི་སྒོ་ནས་མང་མོས་འོས་འདེམས་ བརྒྱུད་རྩེ་བཏོག་གིས་མི་གྲངས་བཅུ་གསུམ་ཕྱི་ལོ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མིར་འདེམས་ཐོན་བྱུང་


འོས་མི་དེ་དག་ནི།

༡༽བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤན་པ་ཚེ་རིང་།

༢༽སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ།

༣༽བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།

༤༽དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན།

༥༽སྐྱབས་རྗེ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ།

༦༽བཀའ་བློན་བསྟན་པ་ཚེ་རིང་།

༧༽མཁས་དབང་བློ་བཟང་སེང་གེ།

༨༽བཀའ་བློན་ཐུབ་བསྟན་ལུང་རིགས།

༩༽བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ།

༡༠༽བཀའ་ཟུར་ཀིརྟི་རིན་པོ་ཆེ།

༡༡༽བཀའ་ཟུར་རྗེ་བཙུན་པདྨ།

༡༢༽བཀའ་བློན་འབྲོང་ཆུང་དངོས་གྲུབ།

༡༣༽སྤྱི་ཟུར་ཧོར་གཙང་འཇིགས་མེད།
སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་མང་མོས་འོས་འདེམས་བརྒྱུད་གཏན་འབེབས་ཚད་འཛིན་བྱས་ཡོད་འདུག།

 




2010.03.30 00:55:57
བཀའ་ཁྲི་གཅིག་གི་འོས་གཞི་མི་བཅུ་གསུམ་བཏོན་པ་འདི་མང་དྲགས་པ་མ་རེད་དམ། དེ་བས་ཁ་གསལ་གོ་བདེ་བའི་ཐོག་ནས་མི་གཉིས་གསུམ་ཞིག་འོས་གཞི་རུ་བཀོད་ན། འོས་གཞི་འདོན་པ་འདི་ལ་བློ་གཏད་ཡིད་ཆེས་བྱེད་མཁན་ཚོར་ཕན་ཐོགས་ཆེ་བ་ཡོད་ས་རེད། རྒྱབ་ལྗོངས་ངོ་མ་ཤེས་མཁན་ཞིག་ཡིན་ན་འདིའི་ནང་ནས་དམིགས་བྱ་གཙོ་བོ་གང་ཡིན་པ་དེར་འོས་འཕེན་སྲིད་ཀྱང་། མི་མང་དཀྱུས་མ་ཞིག་ལ་མཚོན་ན་ཅུང་ཙམ་འགོ་འཐོམས་གཞི་ལྟ་བུར་གྱུར་འདུག་བསམ།

 
2010.03.30 09:01:42
སྐུ་འོས་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། ཐོག་མར་སྐུ་ཉིད་ཕེབས་པ་དགའ་བསུ་ཞུ་རྒྱུ་ཡིན།
ངས་བཤད་དོན་གཙོ་བོ་གཅིག་ལ་འོས་མིར་འདི་འདྲ་མང་པོ་གཏོན་པ་དང་དེ་ཡང་མང་ཆེ་བ་ཨ་མདོ་བ་ཡིན་པའི་རྒྱུ་མཚན་གང་ཞིག་ཡོད་རུང་གུས་པས་མཐོང་སྣང་ལ་གནས་སྟངས་འདིའི་ཁོང་ཚོས་གཏོན་པའི་འོས་མིར་དྲང་བདེན་མ་གནང་བ་གསལ་པོ་མཚོན་པ་ཞིག་རེད་འདུག་བསམ་བྱུང་། ད་རུང་ཁ་གསལ་མེད་པའི་ཁོང་ཚོས་འོས་མི་༡༣་འདིའི་ནང་ཨ་མདོ་བ་མ་ཡིན་པའི་ཆོལ་ཁ་གཞན་ནས་༣༽བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༤༽དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ༰༽མཁས་དབང་བློ་བཟང་སེང་གེ། གསུམ་བཏོན་པའི་རྒྱབ་ལྗོངས་ངོ་མ་གང་ཡིན་པ་དང་དམིགས་བྱ་གཙོ་བོ་གང་ཡིན་ཡང་གསལ་པོ་མི་འདུག་པས་དོན་དངོས་ཁོང་གསུམ་ལ་སྤྱི་ཚོགས་ཀྱི་གནོད་ཤུགས་དང་མི་མང་གི་རེ་དོན་མཚོན་པའི་རྒྱབ་གཉེར་ཙམ་བྱས་པ་རེད་ཅེས་འགྲེལ་བརྗོད་གནང་མཁན་འདུག་

 
2010.03.31 04:25:42
བཀའ་ཁྲི་འོས་གཞིའི་མི་དེ་དག་ལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་བྱེད་ཟིན་པའི་ལག་རྗེས་ལ་གཟིགས་ནས་དཔྱད་བརྗོད་རེ་སྤེལ་ཐུབ་ན་གཞི་ནས་སུ་འདྲ་ཞིག་བཀའ་བློན་ཁྲི་དེ་འཛིན་ཐུབ་མིན་ཤེས་ཐུབ།
གོང་དུ་བཞག་པའི་མི་སྣ་འདི་ཚོའི་ནང་ལོ་རྒས་ནས་རིག་པ་འཁྱོར་ཟིན་པ་དང་། རྐུན་མའི་མཚན་གྱིས་བརྒྱན་པ། མགོ་གཅིག་ལ་ལྕེ་གཉིས་པ། ད་དུང་ཞིབ་ཏུ་དཔྱད་ན་གཞི་ནས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་དཀའ་དྲིན་སེམས་སུ་འཆར་ངེས་རེད།

 
2010.03.31 20:10:56
གྲོགས་འབྲུག་རྒྱལ་ལགས་ཕེབས་ནས་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དགོངས་ཚུལ་ཟབ་མོ་གསུངས་པར་བཀའ་དྲན་ཆེ་ཞུ་རྒྱུ་དང་མ་འོངས་ང་ཚོས་གལ་ཆེན་དོན་ཆེན་རྩིས་ནས་ཐེངས་འདིའི་བཀའ་བློན་ཁྲི་པ་ཚད་ལྡན་ཅིག་ཡོང་བར་རང་རང་གི་ནུས་ཤུགས་སྤེལ་དགོས་འདུག་ན་སྐུ་ཉིད་ནས་ཡང་ཡང་གཞན་གྱི་གཏོན་པའི་འོས་མིར་དགོངས་ཚུལ་དང་རང་ཉིད་ནས་འོས་མིར་ངོ་སྤྲོད་གནང་རྒྱུ་མ་བརྗེད་རོགས།
གསལ་བཤད་ཞུ་རྒྱུ་ཅིག་ལ་ངས་དུས་བབ་དྲ་ཁང་དུ་བྲིས་པ་ཡིན་ལ་ཐེངས་འདིར་ཡང་བཤད་འདོད་པ་ཞིག་ལ་གོང་དུ་བཞག་པའི་མི་སྣ་འདི་ཚོའི་ནང་༩༽བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་རྒྱུན་ལྡན་ལྟར་སྔོན་འགྲོའི་སྐབས་འོས་མི་ནང་བསླད་ཐུབ་ཀྱང་དངོས་གཞིའི་སྐབས་དགོངས་པ་ཞུས་བརྟན་ཁེབས་པ་རེད་ཟེར་ཆོག། རྩ་བས་དེངས་སྐབས་བོད་མི་རྣམས་ནས་དོན་དངོས་དང་མཐུན་པའི་ལོ་རྒྱུས་ལ་རྒྱབ་སྐྱོར་བྱེད་རྒྱུ་ལས་ལྷ་སྲས་སྐྱབ་སུ་ཆེ་ཅེས་ལོང་ལྟས་བྱེད་མི་སྲིད་པ་རེད། ཡིན་ཡང་ལོ་ན་རྒས་བཞོན་དང་བཟའ་ཟླ་སུ་ཡིན་མིན་ཐོག་ནས་བཤད་ན་བཀའ་ཁྲི་འོས་མིན་གནས་སྟངས་ཆེ་པོ་རང་མཐོང་གི་མི་འདུག་

 
2010.04.03 10:52:28
quest
མདོ་སྨད་ཆོལ་ཁས་བཀའ་ཁྲིའི་འོས་མི་བཏོན་སྟངས་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་ཡང་། འདས་པའི་ལོ་གཉིས་ཙམ་རིང་བོད་ཀྱི་དྲ་རྒྱ་དག་བཀླགས་པའི་ཉམས་མྱོང་ལས་སྐད་ཆ་འདི་རིགས་དགོས་པ་ལས་དགག་བྱ་ཆེ་བར་མཐོང་སྟེ་རང་གིས་རངཉིད་བཀགས་པ་ཡིན། དུས་བབས་ཚང་གི་དྲ་མི་ཁག་ཅིག་གིས་ཁ་ཁུག་གཅིག་ནས་བོད་མི་གཅིག་སྒྲིལ་དགོས་རབ་དང་སྤྱི་སེམས་ཆེ་རབ་གལེང་ཡང་། ཁ་ཁུག་གཞན་དེ་ནས་བོད་མི་ཚོ་གཅིག་ལ་དགོས་མེད་ཀྱི་མཐོང་ཆུང་དང་དམའ་འབེབ་ཀྱི་ཚིག་མདའ་འཕེན་པར་འབད་པ་ཆེན་པོ་བྱེད་ཀྱི་འདུག་པ་དེས་བོད་མའི་གཅིག་སྒྲིལ་ལ་གཏོར་བཤིག་ཚབས་ཆེན་ཏུ་འགྲོ་ཡི་ཡོད་པ་ང་ཉིད་ཀྱི་ཚོར་བ་ལས་གཏོགས་བྱུང་།ད་མི་མི་བཤད། མི་རིག་ཁུལ་བྱེད་ན་དགའོ།། །།

 
2010.04.07 18:59:51
quest
ཁྱི་རྒན་༡༣ གིས་བོད་བདག་པོ་རྒྱག་ཨེ་ཐུབ།།