The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.06.07 04:06:12
མཛེས་མ་གླེང་པ་།

བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཛེས་མའམ་མཛངས་མ་འགྲན་བསྡུར་ཟེར་བ་འདི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བློ་བཟང་དབང་རྒྱལ་ལགས་ནས་མ་བསྐུལ་དང་དབང་ཐོག་ལོ་རེ་བཞིན་རྒྱ་གར་བ་དང་མགོ་སེར་འགས་རོགས་རམ་ལ་བརྟེན་ནས་ད་བར་ཐེངས་༼ 9 ༽ ཙམ་གནང་ཚར་བ་རེད་།

སྔ་ཕྱིར་འདིའི་རྒྱུན་རིམ་ནང་ལྟས་ན་དགའ་བསུ་དང་སྐྱོན་བརྗོད་སྣ་ཚོགས་ཁྲོད་ད་བར་འཛུལ་ཞུགས་གནང་མཁན་་བོུ་མི་ཉུང་བ་ཞིག་བྱུང་ཡོད་། ཡིན་ཡང་དགོས་དབང་དང་དོན་དངོས་ཐོག་དགེ་མཚན་མེད་པ་གང་ཞིག་ཡིན་རུང་སྔར་ཕྱི་མཛེས་མ་འགྲན་སྡུར་ནང་ཞུགས་མཁན་བུ་མོ་སྡོམ་པས་༢༤་ལས་བྱུང་མེད་ལ་དེ་ཡང་ཐེངས་དགུ་བྱས་པས་བུ་མོ་དགུ་ནི་ཨང་དང་པོ་ཡིན་པ་དང་དེ་ཡང་ལོ་རེ་བཞིན་རྩིས་ན་དང་པོའི་འོག་དགུ་ཨང་གཉིས་པ་། དེའི་འོག་ཨང་གསུམ་པ་བྱས་ཏེ་ཆ་གཉམ་་ཐོག་ལྟས་ན་བུ་མོ་འཛུལ་ཞུགས་པ་སུ་བྱུང་ན་ཨང་རིམ་ཡོད་པ་མ་ཟད་ད་དུང་ཨང་རིམ་གསུམ་པའི་ནང་ས་མིག་འགའ་ལྷག་འདུག་།

སྤྱིར་ཚོགས་པ་འདིའི་མཛེས་མ་འགྲན་སྡུར་ཀྱི་ལམ་ནས་བོད་དོན་འཁྱབས་བསྒྲགས་གནང་རྒྱུའི་མཚོན་བོད་དོན་ལས་རིམ་བང་སྒྲིག་པ་མང་པོ་ཅིག་དམིགས་ཡུལ་ནང་གསལ་རུང་ལོ་རེ་བཞིན་ཐོན་པའི་བོད་ཀྱི་མཛེས་མ་མིང་ཐོབ་པའི་བུ་མོ་དེ་དག་ལ་མཚོན་ན་སོའི་བྱ་ཐུབ་པ་དང་འགྱོན་པའི་ས་མིག་གང་ཡང་མེད་པར་མཛེས་མའི་མིང་སྟོང་དེའི་འོག་ཧན་སྒོར་འབུམ་གཅིག་དེ་འཁྱེར་ནས་སྡོད་རྒྱུ་དེ་རེད་།

ད་དུང་དགོད་གྲོ་བ་ཅིག་ལ་བུ་མོ་འགྲན་ཞུགས་པ་ཅིག་རང་ལས་མེད་ནའང་དེར་མཛེས་མའི་དབུ་རྒྱན་གཡོག་ཡོད་། དྲང་མོ་བཤད་ན་འཛུལ་ཞུགས་གནང་མཁན་བོུ་དེ་དག་གི་ནང་ནས་མཛངས་མའི་འོས་ཆོས་ཚང་ཤོས་དེ་འགྲན་རྩོད་མེད་པའི་མཛེས་མ་ཚེ་རིང་སྐྱེད་རེད་། ཡིན་ཡང་ཁོང་ལ་མཛངས་མའི་འོས་ཆོས་སྣ་གཅིག་བཟང་བ་མཐོང་མཁན་ད་བར་བོད་རིགས་ཤེས་ལྡན་མི་སྣ་སུ་ཞིག་མེད་པ་མ་ཟད་ཉིན་རེ་བཞིན་སྐྱོན་བརྗོད་ཆར་པ་བབ་པ་ལྟར་བུ་དྲ་ཚིགས་སོགས་སུ་གཟིགས་ན་མཐོང་ཐུབ་།

དེ་ཙམ་མ་ཚད་བོད་པའི་སྤྱི་ཚོགས་ནང་མཛེས་མའི་དབུ་རྒྱན་ཐོབ་མཁན་སུ་ལའ་ཆེ་མཐོང་སྤྲོད་མཁན་མེད་ལ་རྒྱུན་ལྡན་ཕོ་གསར་རྣམས་ཀྱི་ miss Tibet གི་ཁ་པར་ལེན་པ་ཡོད་པས་ཅེས་རྩེད་མོ་རྩེད་ས་ལྟར་བུ་ཆགས་སྡོད་ཡོད་། འདི་ནི་ད་བར་མཛེས་མ་འགྲན་སྡུར་ནང་ཞུགས་མཁན་གྱི་བུ་མོ་དེ་དག་གི་ཞེན་ཆ་ཆེ་ཤོས་དང་གསལ་ཤོས་དེ་རེད་།




2010.06.06 22:45:47
སྤུན་ཟླ་བཤད་སྒྲུབ་ལགས།་བོད་ཀྱི་ལོ་རྒྱུས་ཐོག་མཛངས་མ་མ་ཉུང་བ་བྱུང་མྱོང་ཡང་མཛངས་མ་འགྲན་བསྡུར་ཟེར་བའི་ལས་འགུལ་འདི་འདྲ་བྱུང་ཡོད་ཚོད་མི་འདུག་འོན་ཀྱང་བོད་པའི་སྤྱི་ཚོགས་སུ་འགྲན་བསྡུར་རང་གི་ངོ་བོའི་ཐོག་ནས་མ་འབྱུང་ཡང་།་དེ་སྔོན་ནོར་གླིང་མཛད་རྣམ་སྡེ་ཚན་ནང་བཞུགས་མྱོང་བའི་སྐུ་ངོ་ཞི་བོ་བློ་བཟང་དར་རྒྱས་ལགས་ཀྱི་འབྲེལ་ཡོད་རྩོམ་ཡིག་ནང་བོད་ཀྱི་རྒྱལ་ས་ལྷ་སར་དེ་སྔོན་སྐུ་དྲག་དང་ཕྱུག་ལྡན་ཚོའི་བུ་མོ་གཙོས་པའི་དུས་ཆེན་ག་གེ་མོར་ཁྲོམ་གཞུང་དུ་གཟུགས་མཛེས་མ་ཕུལ་བྱུང་གཅིག་འདེམ་ཐོབ་ཀྱིས་དེར་གཟེངས་གསོལ་སྤྲད་པའི་ལུགས་སྲོལ་ཡོད་སྐོར་བཤད་ཡོད།་དེ་མིན་ངའི་ཕ་ཡུལ་ལ་མཚོན་ན་བུ་མོ་གཟུགས་མཛེས་མ་ལ་ཐོག་མའི་ཁེ་སང་སྨྲོས་མེད་ཅིག་ཡོད་པ་ནི་མནའ་མ་འགྲོ་ས་མི་རག་པའི་དཀའ་ངལ་མེད་པ་དེ་རེད།་ཧེཧེཧེཧེེཧཧ།་དེ་ཀུ་རེའི་ཚུལ་གྱི་དངོས་ཡོད་གནས་ཚུལ་ཡིན།་


དེ་མིན་ད་ལྟའི་ཆར་བོད་ཀྱི་མཛེས་མའི་འགྲན་བསྡུར་བྱུང་མྱོང་བའི་ནང་ནས་ངས་ཀྱང་ཚེ་རིང་སྐྱིད་དང་ད་ཐེངས་ཝ་ཎའི་མཐོ་སློབ་ཀྱི་བསྟན་འཛིན་ནོར་འཛོམས་གཉིས་བཟང་བར་མཐོང་གི་ཡོད།་ནང་དོན་གྱི་ཆ་རྐྱེན་མང་ཙམ་བཀོད་བསྒྲིག་བྱས་ན་བཟང་མོད་།་དེའང་གཙོ་ཆེ་བ་ནི་བོད་མོ་ཡིན་ན་རྨང་གཞིའི་ཕ་སྐད་དང་རང་རིགས་ཀྱི་རིགཞུང་ཤེས་པའི་རང་རྐྱ་འཕེལ་དགོས་པ་ཡིན།་
དེའི་ནང་ནས་ཚེ་རིང་སྐྱིད་ལ་མཚོན་ན་སྐབས་དེར་འགྲན་ཡ་མེད་པའི་མཛེས་མའི་དབུ་རྒྱན་ཐོབ་པ་ཞིག་ཡིན་ཡང།་མོ་རང་གིས་བརྗོད་པ་ལྟར་སྤོབས་པ་ལ་འགྲན་ཡ་མེད་པར་ངོས་འཛིན་གྱིས་ད་བར་རང་འཕྲིའི་ལས་འགན་ཐོག་ཧུར་ཐག་འབད་བརྩོན་བྱས་པ་མ་ཟད།་ད་ལྟའི་ཀུན་གླེང་དྲ་ཐོག་གི་ལེའུ་ཚན་ཡང་ཡག་པོ་གཉེར་ནས་མུ་མཐུད་འབད་འབུངས་ཀྱི་ཁ་ཕོ་གདམ་བཞིན་པ་ནི་དགའ་འོས་པ་ཞིག་རེད།་དེ་མིན་ང་རང་ཡང་ཚེ་སྐྱིད་དང་དེ་སྔོན་འགྲོག་འབྲེལ་ཉུང་ཙམ་ཡོད་པའི་ཉམས་མྱོང་གླེང་ན་མོ་རང་ནི་སེམས་ཀྱི་བསྐུལ་སློང་ཡག་ཅིང་བསམ་བློ་གུ་ཡངས་པོའི་བུ་མོ་བཟང་མོ་ཞིག་རེད་སྙམ།

 
2010.06.07 21:05:58
ཨ་ཅག་གངས་ལྷ་མོ་ལགས། ཁྱེད་རང་གི་གསུང་པ་བཞིན་མཛེས་མ་བསྟན་འཛིན་ནོར་འཛོམས་ཡང་ལྦ་ཎ་མཐོ་སློབ་ནས་ཡིན་དུས་བོད་ཡིག་ལ་དོ་སྣང་ཅན་ཞིག་དང་བོད་མི་རིགས་ཀྱི་གནས་བབ་ཐོག་བསམ་བློ་མཁན་བུ་མོ་ཡག་པོ་ཅིག་གཏན་གཏན་ཆགས་ཡོད་། གང་ལྟར་བྱ་དགའ་འདི་བཟང་ངེས་མ་འོངས་ཁོང་རང་ཚོས་གནང་སྟངས་ཁོ་ན་ལ་རག་ལས་ཡོད་སྙམ་།