བོད་ཀྱི་བང་ཆེན། ཟིན་བྲིས། shedup ཆོལ་ཁར་ཤ་ཚ་ཞེན་ཁོག་གི་ཆ་རྐྱེན་འོག་བཀའ་སྤྱི་འོས་མིར་བསྒྲགས་པ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.06.26 03:55:15
ཆོལ་ཁར་ཤ་ཚ་ཞེན་ཁོག་གི་ཆ་རྐྱེན་འོག་བཀའ་སྤྱི་འོས་མིར་བསྒྲགས་པ།

དབུས་གཙང་རྒྱུན་ལས་ཀྱི་བྱས་སྟངས་འདིར་ལྟས་ན་དེ་སྔོན་སྐུ་དྲག་ང་ཕོད་གི་ཆིངས་དོན་ཚན་བཅུ་བདུན་བཞག་པ་དང་དེ་རིང་རང་བཙན་འདོད་མི་ཆོག་པའི་ས་ཡིག་རྒྱབ་དགོས་པའི་ཆ་རྐྱེན་གཉིས་གོ་རིམ་ནོར་མེད་པ་འདྲ།   དྲང་པོ་ཞུས་ན་བོད་ཆོལ་ཁ་གསུམ་ནང་བཀའ་ཁྲིར་འོས་མི་སྐུ་དྲག་ཅིག་ལས་མེད་མི་སྲིད།   ད་དུང་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་ཅེས་པ་ཆ་རྐྱེན་སྟོན་སྟངས་འདིར་ལྟས་ན། མི་རིང་བ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོལ་ཁའི་དམག་འཁྲུག་ལང་འདོད་པ་དང་བོད་གཞུང་གི་བདག་དབང་དབུས་གཙང་ཆོལ་ཁའི་དབང་རྒྱུར་འདོད་པ་འདི་ལས་གཞན་ཅི་ཡོད།


གསར་འགྱུར་འདི་ཐོན་མ་ཐག་བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ་སོགས་སུ་དྲ་ཐོག་ཏུ་བགྲོ་གླིང་འདྲ་མིན་གནང་བཞིན་འདུག་། དེ་ཡང་།བོད་ཀྱི་དུས་བབ་རྩོམ་སྒྲིག་པས་གསུངས་དོན།    ། ཡིན་ རྒྱུ་མ་རེད། གཞོན་ནུའི་ཚོགས་གཙོ་ཟུར་པ་ཚེ་བརྟན་ནོར་བུ། ཚོགས་གཞོན་ཟུར་པ་ཀརྨ་ཡེ་ཤེས། ཚོགས་གཙོ་ཟུར་པ་སྒོ་དྲུག་སྐལ་བཟང་། ས་གནས་གཞོན་ནུའི་ཚོགས་ཟུར་བྱ་ཉལ་ཚེ་རིང་ལྷ་སྐྱབས་བཅས་ཀྱིས་བོད་རང་བཙན་གྱི་ ལྟ་བ་མི་འཁྱེར་ཅེས་ས་ཡིག་བརྒྱབ་འདུག་ཟེར།  དེའི་ཚད་དུ་འདེད་དགོས་དོན་གང་ཡིན་ནམ།  རྒྱ་ནག་གཞུང་གིས་ད་གཟོད་ཁ་བྲལ་གྱི་བྱ་བ་མི་རྩོམ་པའི་ཁར་དེའི་ལྟ་བ་ཙམ་ཡང་མི་ འཁྱེར་མཁན་ཚོ་དམར་ཤོག་ཚོགས་པའི་ནང་ལེན་གི་ཡོད་པ་རེད

དབུས་གཙང་གི་བཀའ་སྤྱིའི་འོས་མི་ཕྱིར་བསྒྲགས།  བྱས་པའི་གནས་ཚུལ་དངོས་ལ་ལྟས་ན་

འདིར་དབུས་གཙང་ཆོལ་ཁའི་བཏོན་པའི་བཀའ་ཁྲིའི་འོས་མིར་བཀའ་ཟུར་བཀྲས་མཐོང་ བསྟན་འཛིན་རྣམ་རྒྱལ་ལགས་བདམས་ཡོད་ལ།  དེ་བཞིན་འོས་བསྡུ་དང་འབྲེལ་བའི་དམིགས་བསལ་ལྷན་ཚོགས་སྐབས་དབུས་གཙང་སྤྱི་ འཐུས་ཀྱི་འོས་མིར་ཁྱོན་མི་ ༢༠ ཙམ་བདམས་ཐོན་བྱུང་ཡོད་ལ། དེ་དག་ནི། ༡། སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་ལགས་དང་།   སྤྱི་འཐུས་ཟླ་བ་ཚེ་རིང་།   སྤྱི་འཐུས་ཟླ་བ་ཕུན་སྐྱིད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་ བསྟན་འཛིན།   སྤྱི་འཐུས་ཀརྨ་ཡེ་ཤེས།  སྤྱི་འཐུས་ཚེ་བརྟན་ནོར་བུ།   སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས།   དབུས་གཞོན་ནུའི་ཚོགས་ཟུར་སྒོ་དྲུག་སྐལ་བཟང་ཕུན་ཚོགས། དབུས་གཙང་དབུས་རྒྱུན་ཁྱུ་གསར་དངོས་གྲུབ་དཔལ་ལྡན།   དབུས་བུད་མེད་ཚོགས་ཟུར་བུ་མོ་ཆེ་རིང་།  སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས།   སྤྱི་འཐུས་ཚེ་རིང་སྒྲོལ་མ།   དབུས་གཙང་དབུས་རྒྱུན་ཟུར་པ་འཕན་པོ་རྒྱལ་མཚན།  སྤྱི་འཐུས་ངག་དབང་ལྷ་མོ།  མོན་གྷོ་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྐྱིད་གྲོང་ཚེ་དབང་ནོར་བུ།  རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཚོགས་གཙོ་འཇམས་དབྱངས་རྡོ་ རྗེ།   རྩིས་ཞིབ་དྲུང་ཟུར་འཇིགས་མེད་འབྱུང་གནས།  ས་གནས་གཞོན་ནུའི་ཚོགས་ཟུར་བྱ་ཉལ་ཚེ་རིང་ལྷ་སྐྱབས།   བདེ་སྐྱིད་གླིང་གཞིས་ཆགས་ཀྱི་སྤྱི་མི་ཚེ་རིང་དོན་གྲུབ།  དབུས་གཙང་དབུས་རྒྱུན་ལས་ཀྱི་དགེ་བཤེས་ངག་དབང་དཔལ་ལྡན་བཅས་ཡིན་པ་རེད།  འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ། ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་ དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་། གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་

 




2010.06.26 19:16:39
དངོས་འབྲེལ་བཀའ་ཁྲིར་བོད་མི་ཤེས་འཇོན་ཅན་སུ་སླེབས་ན་འགྲིག་གི་རེད་དེ། ད་ཐེངས་དབུས་གཙང་ཆོལ་ཁས་དབུས་རྒྱུན་ལས་ཀྱི་བྱེད་སྟངས་ལ་མ་འགྲིག་པ་མཐོང་སོང་། དངོས་འབྲེལ་བྱས་ན་བཀའ་ཁྲིའི་འོས་གཞིར་མི་གསུམ་བཞི་ཞིག་བྱུང་ན་ཡག་པོ་ཡོད་རེད་བསམ་ཀྱི་ཡོད། དེ་དག་གི་རང་རང་གི་སྲིད་བྱུས་དང་བསམ་ཚུལ་རྣམས་མང་ཚོགས་ལ་བཤད། མང་ཚོགས་ཀྱིས་དྲི་བ་དྲིས། དེ་འདྲའི་ཐོག་ནས་མི་དྲག་ཤོས་ཤིག་འདེམས་དགོས། དེ་མིན་ད་ལྟ་ནས་མི་གཅིག་རང་འབུར་དུ་ཐོན་ཐབས་བྱས་ན་ཡག་པོ་ཡོང་གི་མ་རེད་ཅེས་ཞུ་འདོད་བྱུང་།

 
2010.06.27 05:20:09
བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་འོས་བསྡུའི་ནང་བཞེངས་རྒྱུ་མིན་སྐོར་མ་གསུངས་པ་དེ་ཁོ་རང་ཡང་བསྐྱར་སྤྱི་བོད་གཞུང་དགའ་ལྡན་ཕོ་བྲང་དང་སྒོས་བཀའ་ཟུར་རང་ཉིད་ཀྱི་ཆེད་སྲི་ཞུར་བསྒྲུབ་པར་ཕེབས་པར་མིན་ནམ་སྙམ

 
2010.06.27 17:10:18
quest
ཁྱེད་ཀྱིས་ཆོལ་ཁར་ཤ་ཚ་ཞེན་ཁོག་གི་ཆ་རྐྱེན་འོག་འོས་མི་ཕྱིར་བསྒྲགས་ཞེས་པའི་བརྗོད་སྟངས་ལ་བལྟས་ན། དབུས་གཙང་ཆོལ་ཁས་བཏོན་པའི་ཆ་རྐྱེན་གཉིས་དེ། བཀའ་སྤྱི་གཉིས་ཀར་བཏོན་ཡོད་པ་ལྟ་བུ་གོ་ཉེན་འདུག སྤྱི་འཐུས་གཅིག་པུ་མ་གཏོགས་བཀའ་ཁྲིར་བཏོན་ཡོད་པ་མ་རེད་ཅེས་གསལ་བཤད་ཞུ་འདོད་བྱུང།

 
2010.06.28 07:07:18
དོན་ཡོད་ལགས། ཆ་རྐྱེན་དེ་བཀའ་ཁྲིར་བཏོན་ཡོད་མེད་གཙོ་བོ་མ་རེད། བཀའ་ཁྲིའི་ཆ་རྐྱེན་དེར་དང་ལན་བྱས་ཡོད་མེད་ཁ་གསལ་ཅིག་གསུང་རོགས།

 
2010.06.28 06:56:56
དྲ་གྲོགས་བོད་ལ་དགའ་བའི་བུ་ལགས། ངས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་ནང་སྲིད་ཞུར་བསྒྲུབ་པར་ཕེབས་པར་ཡག་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟའི་དུས་སྐབས་ལ་དེ་སྔོན་བཞིན་བླ་མ་དང་སྐུ་དྲག་རྐྱང་པས་སྲིད་དབང་གཟུང་དགོས་པ་མཐོང་གི་མེད། ཕྱོགས་གཅིག་ནས་རྒྱ་ནག་ཕྱོགས་ནས་ག་དུས་ཡིན་ན་བཙན་བྱོལ་གཞུང་གི་དམིགས་ཡུལ་སྤྱི་ཚོགས་རྙིང་པ་རོ་ལང་རྒྱབ་འདོད་ཡོད་པ་རེད་ཟེར་ནས་བཤད་ཀྱི་ཡོད་རེད། དེ་བདེན་པ་རེད་ཞུ་གི་མེད། ཡིན་ཡང་ང་ཚོས་ཐེངས་དང་པོའི་བཀའ་ཁྲིར་བླ་མ་ཅིག་དང་གཉིས་པ་སྐུ་དྲག་གཅིག་བཅས་རིམ་པས་ལམ་ལུགས་དེ་འདྲའི་འོག་འགྲོ་བ་ཡིན་ན་གཏམ་དེ་བདེན་པ་མིན་འགྲོ་སྙམ་པའི་དོགས་པ་སླད་སྲིད་།

 
2010.06.28 15:59:55
quest
Shedup ཀྱིས་"ཆ་རྐྱེན་དེ་བཀའ་ཁྲིར་བཏོན་ཡོད་མེད་གཙོ་བོ་མ་རེད། བཀའ་ཁྲིའི་ཆ་རྐྱེན་དེར་དང་ལན་བྱས་ཡོད་མེད་ཁ་གསལ་ཅིག་གསུང་རོགས།" དྲིས་འདུག་མོད། ཁོང་ལ་ཆ་རྐྱེན་དེ་གཉིས་བཏོན་མེད་པས། དང་ལེན་ཡོད་མེད་ཀྱང་མ་ཤེས། ཡིན་ནའང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་མཚོན་ན། དེ་གཉིས་ལ་དང་ལེན་བྱེད་རྒྱུར་དཀའ་ངལ་ཡོད་ཀྱི་མ་རེད། ཁོང་དབུས་མི་ཡིན་པས། དབུས་གཙང་ལ་ཤ་ཚ་ཞེན་ཁོག་ཡོད་པ་དང། ཁོང་རང་བཙན་འཐབ་རྩོད་པ་ཞིག་མིན་པས། དབུ་མའི་ལམ་ལ་མོས་མཐུན་ཡོད་ངེས་རེད་རེད། རྗེས་སོར་གོ་སྐབས་བྱུང་ན་ཁོང་རང་ཉིད་ལ་སྐད་ཆ་དྲིས་ཆོག།
ང་དེ་གཉིས་ལས་ཡ་མཚན་པ་ཞིག་ལ་དེ་སྔོན་རང་བཙན་འཐབ་རྩོད་དགོས་ཞེས་ཤོད་མཁན་ཚོས། སྤྱི་འཐུས་འོས་གཞི་བཀྲམ་སྐབས། དབུས་གཙང་དབུས་རྒྱུན་གྱི་ཆ་རྐྱེན་དེ་ཁས་ལེན་བྱས་པ་ཁྱད་མཚར་འདུག

 
2010.06.28 20:18:16
དོན་ཡོད་ལགས། ཁྱེད་ཀྱི་གསུངས་པ་དངོས་གནས་རེད། ༼དེ་གཉིས་ལ་དང་ལེན་བྱེད་རྒྱུར་དཀའ་ངལ་ཡོད་ཀྱི་མ་རེད།༽ ཡིན་ཡང་ཁོང་ལམ་ཕྱོགས་དེར་ཤར་བསྐྱོད་བྱས་པ་ཡིན་ན་དགྲ་དགའ་གཉིན་སྡུག་གི་གློག་བརྙན་གསར་པ་མང་པོ་ཞིག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལྷག་ཉེས་ཆེ་བ་དངོས་འབྲེལ་མ་རེད་དམ།

 
2010.06.29 20:56:25