བོད་ཀྱི་བང་ཆེན། ཟིན་བྲིས། shedup རེ་བ་བྱེད་རིན་ཆོག་པའི་ཚོགས་པ་གཉིས།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文
2010.07.14 03:03:49
རེ་བ་བྱེད་རིན་ཆོག་པའི་ཚོགས་པ་གཉིས།

མངའ་རི་དང་མདོ་སྟོད་ཚོགས་པ་གཉིས་ལ་རེ་བ་བྱེད་རིན་ཆོག་འདུག།         དེ་བས་མངའ་རི་སྤྱི་མཐུན་ཚོགས་པ་ནི་ད་བར་དྲང་བདེན་ཀྱི་ལམ་དུ་འགྲོ་མཁན་ཚོགས་པ་ཅིག་པུ་དེ་རེད་ཟེར་ཆོག།      དཔེ་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་རྒྱབ་སྐྱོར་གཙོ་བོ་གནང་མཁན་ཚོགས་པ་དེ་རེད་ལ་འདི་ལོར་ཡང་ཆོལ་ཁའི་ཤ་ཞེན་དགོས་ཟེར་བའི་ཆ་ཅན་མེད་པར་བཀའ་སྤྱིའི་འོས་མིར་སྟོན་མཁན་ཚོགས་པ་དེ་ཡང་རེད།     རྩ་བས་མདོ་སྨད་རྒྱུན་ལས་ནས་བྱེད་སྟངས་མ་འགྲིག་པ་ཅིག་མཐོང་མ་སོང་ཡང་བཀའ་ཁྲི་ཐོག་མདོ་སྨད་ལ་ནུས་ཤུགས་དེ་ཙམ་མེད་པ་གསལ་པོ་རེད།        དེས་ན་བཀའ་ཁྲིར་འོས་འདེབས་ཐད་ནུས་པ་ལྡན་པའི་ཚོགས་པ་གསུམ་ཡོད་པ་མཐོང་བ་ནི་དབུས་གཙང་དང་མངའ་རི། མདོ་སྟོད་ཆུ་བཞི་སྒང་དྲུག་གསུམ་ཡིན་།        དེ་ཡང་དབུས་གཙང་རྒྱུན་ལས་ཀྱི་བྱེད་སྟངས་ནི་ཁ་གསལ་རེད་འདུག་ཀྱང་དེས་གྲུབ་འབྲས་ལ་རེ་བ་བྱེད་ན་བོད་མི་རྣམས་བཙན་བྱོལ་དུ་ཡོན་རིང་གནས་ཐབས་བྲེལ་བ་དང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ནག་སྲུབ་བྱེད་དགོས་པ་ལྟ་བུ་མཐོང་།


དེས་ན་བཙན་བྱོལ་བོད་མའི་སྤྱི་ཚོགས་ཀྱི་བདེ་སྡུག་འོས་འགན་ཆེ་ལ་ནུས་པ་ལྡན་པའི་ཚོགས་པ་སྐྱེད་སྡུག་ཐམས་ཅད་ནས་ངའི་རེ་བ་ཆེ་བའི་ཚོགས་པ་གཉིས་ནི་མངའ་རི་སྤྱི་མཐུན་ཚོགས་པ་དང་མདོ་སྟོད་ཆུ་བཞི་སྒང་དྲུག་གཉིས་ཡིན།        དྲ་གྲོགས་ཚོས་ཕྱོགས་ཞེན་མེད་པར་དྲང་བདེན་ཐོག་བཀའ་ཁྲི་འོས་འདེབས་བྱེད་ཕྱོགས་རང་གི་ཐོག་དགོངས་ཚུལ་གང་ཡིན་ཐད་ཀ་འགྲེལ་བརྗོད་གནང་ན་དགའ་བསུ་དང་གསལ་བཤད་དགོས་རིགས་ལ་ཐད་ཀ་ལན་ཕུལ་ཆོག་པ་གྱིས།

གཤམ་ཏུ་མངའ་རི་དང་མདོ་ཆུ་བཞི་སྒང་དྲུག་རྒྱུན་ལས་གཉིས་ཀྱི་སྟོན་པའི་བཀའ་ཁྲི་འོས་མིར་གཟིགས་རོགས།

མངའ་རིས་སྤྱི་མཐུན་ཚོགས་པས་བཀའ་ཁྲིའི་འོས་མིག་ས་བོན་ལྔ་ནི་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། མཁས་དབང་བློ་བཟང་སེང་གེ སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་བཅས་རེད།

མདོ་ཁམས་ཆུ་བཞི་སྒང་དྲུག་གིས་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་འོས་གཞི་གསུམ་བཏོན་ཡོད་པའི་ནང་། བཙན་བྱོལ་བོད་གཞུང་གི་དྲུང་ཆེ་གོ་འཇོ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། སྐུ་སྒེར་དྲུང་ཆེ་ཟུར་པ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ། སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་




2010.07.14 02:25:58
quest
གྲོགས་པོ་ལགས་ཀྱིས་གསུང་པ་བདེན།འགག་རྩར་སྤྱི་སྒེར་གཉིས་སྤྱི་གཙོ་བོར་འཛིན་པའི་བསམ་བློ་ཡི་རྨང་གཞི་ཡོད་མཁན་ནི་སྟོད་མངའ་རིས་སྐོར་གསུམ་ཞེས་ལོ་རྒྱུས་ཡུན་རིང་ལྡན་པའི་ཚོགས་སྡེ་དང་།མདོ་ཁམས་པའི་ཚོགས་པ་དེ་གཉིས་རེད།
གཞན་ཁ་ནས་གོང་ས་མཆོག་གི་བཀའ་དང་བཀའ་ཟེར་ནས་དོན་ཐོག་རང་ཉིད་ཀྱི་ལས་དོན་མ་གཏོགས་སྒྲུབ་མི་ཤེས་མཁན་པ་དག་དང་འདྲ་ས་གཏན་ནས་མི་འདུག

 
2010.07.14 03:35:20
quest
ཚོགས་པ་འདི་གཉིས་ལ་དངོས་གནས་རེ་བ་འདུག དེའི་ནང་ནས་ཀྱང་མདོ་སྟོད་ཆུ་བཞི་སྒང་དྲུག་
ལྔ་བཅུ་ང་དགུ་ནས་ད་བར་ཚོགས་པ་རེ་བ་ཆེ་ཤོས་དེ་རེད།

 
2010.07.14 20:54:53
དྲ་གྲོགས་བསོད་ནམ་དབང་ཕྱུག་ལགས་ཕེབས་པར་དགའ་བསུ་ཞུ།

 
2010.07.14 20:53:37
གྲོགས་འབའ་པ་སྐལ་བཟང་འཕྲིན་ལས་ལགས་ཕེབས་པར་བཀའ་དྲན་ཆེ། དངོས་གནས་རེད། དུས་རྒྱུན་ཁ་ནང་༧རྒྱལ་བ་རིན་པོ་ཆེའི་བཀའ་གསུངས་ཅི་སྒྲུབ་ཞུ་མཁན་ཡིན་ཅེས་བཤད་སྡོད་མཁན་ཚོགས་པ་རེ་གཉིས་ཀྱི་བྱེད་སྟངས་གསལ་པོ་ཆགས་སོང་།