བོད་ཀྱི་བང་ཆེན། ཟིན་བྲིས། 9816387411 བྷོ་ཊི་་གསར་ཤོག་ངོས་སྦྱོར།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2010.08.19 07:52:02
བྷོ་ཊི་་གསར་ཤོག་ངོས་སྦྱོར།

སྤྱི་བཏང་བྷོ་ཊི་ཞེས་པ་ལེགས་སྦྱར་གྱི་སྐད་དོད་ཡིན་ཞིང།་ཐ་སྙད་དེ་ལ་གོ་དོན་མི་འདྲ་བ་ཅི་རིགས་ཤིག་ཡོད་ཚོད་ཀྱང།་ཧི་མ་ལ་ཡའི་མི་མང་རྣམས་པས་བྷོ་ཏི་ཤེས་བརྗོད་དུས་ཧི་མ་ལ་ཡ་མི་རིགས་རང་ཉིད་ཀྱི་ཕ་མེས་ནས་དར་བའི་ཕ་སྐད་འདི་ལ་གོ་བ་ལེན་གྱི་ཡོད་པ་རེད།་དེས་ན།་གསར་ཤོག་འདིའི་ཁ་ཡིག་བྷོ་ཏི་ཞེས་པ་འདིའི་ནང་དོན་ནི་སྐབས་བབ་ཧི་མ་ལ་ཡའི་སྐད་ཡིག་སྤྱི་ལ་ཁྱབ་པའི་མིང་ཚིག་ཅིག་སྟེ།་ཧི་མ་ལ་ཡའི་སྐད་ཡིག་ཅེས་པ་ལྟ་བུ་ཞིག་ལ་གོ་བ་དང་ངོས་འཛིན་བྱ་རྒྱུ་ཡིན།

 

གསར་ཤོག་འདིའི་ནང་དུ་གཙོ་བོ་ཧི་མ་ལ་ཡའི་སྐད་ཡིག་གི་སྐོར་དང།་ཆོས་དང་རིག་གཞུང།་མི་སྣ་ངོ་སྤྲོད།་དགོན་པ་རི་ཁྲོད་དང་གནའ་ཤུལ་ངོ་སྤྲོད།་ལག་ཤེས་བཟོ་ལས་ངོ་སྤྲོད།་ཡུལ་ལྗོངས་དང་ཐོན་ཁུངས་ངོ་སྤྲོད།་༸གོང་ས་མཆོག་ལྟ་བུ་བླ་ཆེན་ཁག་གི་ཕེབས་ལམ་ངོ་སྤྲོད།་ནང་པའི་དུས་ཆེན་ཁག་དང་གནས་ཆེན་ཁག་ངོ་སྤྲོད།་བསླབ་བྱ་དང་གཏམ་དཔེ།་གླུ་ཤག་དང་གཞས་མོ།་མཚར་གཏམ་དང་ལོ་རྒྱུས།་གླིང་སྒྲུང།་སྨན་རྩིས་དང་འཕྲོད་བསྟེན་སྲུང་སྐྱོབས།་ཟློས་གར་དང་ཆེད་རྩོམ་སྣ་ཚོགས་སོགས་སྐབས་བབ་ལྟ་ཞིབ་ཀྱིས་རྩོམ་ཡིག་སྣ་ཚོགས་པ་ཞིག་འགོད་ཐབས་ཞུ་རྒྱུ་ཡིན།

གསར་ཤོག་འདིའི་ཁྱབ་ཁོངས་ནི་།་རང་རེའི་སྐད་ཡིག་གཅིག་གྱུར་དང།་ཆོས་ལུགས་གཅིག་གྱུར།་རིག་གཞུང་སོགས་གང་ཅིའི་ཐད་ནས་གཅིག་གྱུར་ལ་གནས་པའི་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་དང་།་ག་ཤ།་ཁུ་ནུ།་ལ་དྭགས།་མོན་ཡུལ།་དོལ་པོ།་འབྲས་ལྗོངས་།་འབྲུག་་ཤར་ཁུ་འབུ།་སྙེ་ཤང།་རྟ་མང།་གློ་སྨོན་ཐང།་བཙུན།་ཅམ་པ།་བོད་སྤྱི་ཚོགས་སོགས་གང་སར་གནས་པའི་རང་རིགས་འདུས་སྡོད་ཡོད་དོ་ཅོག་དང།་རང་རེའི་ཆོས་དང་རིག་གཞུང་གཅིག་གྱུར་ཀུན་ལ་འདྲེན་སྤེལ་བྱ་ཐབས་ཞུ་རྒྱུ་ཡིན།་

གསར་ཤོག་འདིའི་དགོས་དམིགས་ནི་རང་རེའི་སྐད་དང་ཡི་གེ་་ཆོས་དང་རིག་གཞུང།་ཡུལ་སྲོལ་དང་གོམས་གཤིས་བཟང་པོ།་མི་རིགས་ཀྱི་ལ་རྒྱ་དང་དམིགས་རྒྱང།་གཙང་སྦྲ་དང་འཕྲོད་བསྟེན།་ཆས་གོས་དང་འཚོ་བ་སོགས་གང་ཅིའི་ཐད་ནས་ཉམས་པ་སླར་གསོ་དང།་མ་ཉམས་གོང་འཕེལ་གཏོང་བའི་ཕུགས་རྒྱང་གི་མཐུན་རྐྱེན་ཞིག་ལ་འགྲོ་བའི་རེ་བ་བཅངས་ཏེ་འདོན་སྤེལ་ཞུས་པ་ཡིན།་

ད་ལྟ་དཔལ་འབྱོར་དང།་ལྟ་ཀློག་བྱེད་མཁན་ཁོར་ཡུག་སོགས་གང་ཅིའི་གནས་སྟངས་ལ་བརྟེན་ནས་གསར་ཤོག་འདི་ཉིད་དུས་ཡུན་གང་མཚམས་རེ་ནས་འདོན་སྤེལ་བྱ་འཆར་དང།་མ་འོངས་དཀའ་སྡུག་དང་ལེན་གྱི་ཐོག་ནས་གསར་ཤོག་འདི་ཉིད་རིམ་པས་ཉིན་རེའི་གསར་ཤོག་ཅིག་ཏུ་བསྒྱུར་ཐུབ་པའི་དམིགས་རྒྱང་འཛིན་བཞིན་པ་མ་ཚད།་རིམ་པར་གསར་ཤོག་འདི་མཉམ་དུ་དྲ་རྒྱ་ཞིག་ཀྱང་བཟོ་ཐུབ་ཐབས་བྱ་རྒྱུ་ཡིན།

བྷོ་ཊི་གསར་ཤོག་འདིའི་རྩོམ་སྒྲིག་པ་ངོ་སྤྲོད།་

བྷོ་ཏི་གསར་ཤོག་འདིའི་རྩོམ་སྒྲིག་པ་ངག་དབང་བྱམས་པ་ནི་བོད་ཤར་ཕྱོགས་མདོ་ཁམས་བྲག་གཡབ་རྫོང་དུ་སྐྱེས།་ཆུང་དུས་ཕ་མ་དང་བླ་མའི་བཀའ་དྲིན་ལ་བརྟེན་ནས་བོད་ཡིག་ཀློག་པའི་རྨང་གཞི་ཚུགས།་ཕྱི་ལོ་༡༩༩༣ལོར་རྒྱ་གར་ལ་འབྱོར་ཞིང་མོན་གྷོ་ར་སྟོད་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ཏེ་བློ་རྟགས་བསྡུས་གསུམ་དང།་རྣམ་འགྲེལ།་ཕར་ཕྱིན་བར་སྦྱངས་འབྲས་ལེགས་སོན་བྱུང།་གྲྭ་ཚང་གི་ལས་དོན་ཁག་ཀྱང་རང་དོན་རང་གཅེས་ཀྱིས་ལེགས་བསྒྲུབས་ཞུས།་ཕྱི་ལོ་༢༠༠༤ནས་ལོ་གཅིག་རིང་དྷ་སར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ནང་དུ་དབྱིན་ཇི་སྐད་ཡིག་དང་གློག་ཀླད་སྦྱོང་བརྡར་བྱས་པ་དང།་སློབ་གྲྭའི་འགན་བདག་གི་ལས་ཁུར་ཡང་ཞུས།་དེ་རྗེས་ས་རཱ་མཐོ་སློབ་ཏུ་ཞུགས་ཏེ་ཕྱི་ལོ་༢༠༡༠ལོར་རིག་གནས་རབ་འབྱམས་པ་ཐོན།་སློབ་དུས་རིང་ལ་སྦྱང་བརྩོན་བྱེད་མུས་འཛིན་གྲྭའི་འགན་བདག་ཀྱང་བྱས་ཤིང།་འཛིན་གྲྭ་སོགས་རང་འཁྲིའི་སྤྱི་དོན་ལ་རང་དོན་རང་གཅེས་ཀྱིས་ལས་བབ་ཁག་འཐུས་ཤོར་མེད་པར་བསྒྲུབས།་

ཕྱི་ལོ་༢༠༠༩ལོར་ས་རཱའི་སློབ་དུས་སུ་རང་གཞུང་བཀའ་ཤག་གི་བཀའ་དགོངས་ལྟར་ཧི་མ་ལ་ཡ་སྤི་ཏིའི་ཕྱོགས་སུ་རང་རེའི་སྐད་ཡིག་ཡར་རྒྱས་དང།་གློག་ཀླད་དགེ་རྒན་གཅིག་ལྕོགས་སུ་བཏང་གནང་མཛད་པ་ལྟར་སོང་སྟེ།་སྤི་ཏིའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཏུ་རང་གི་བུ་རྒྱུད་ལ་སློབ་སྦྱོང་སྤྲོད་ཀྱིན་པ་ལྟ་བུའི་ཧུར་བརྩོན་ཞུས་པ་མ་ཚད།་ཞོར་དུ་སྤི་ཏིའི་ལོ་རྒྱུས་ལེའུ་ཚན་བྲིས་འགོད་བྱས་པ་སོགས་ལས་དོན་ཆེ་ཕྲ་གང་ཐུབ་བསྒྲུབས།་སྐབས་དེར་༸གོང་ས་མཆོག་གི་སྐུ་མདུན་དུ་བཀའ་སློབ་དང་མཇལ་ཁ་བཅས་སྐལ་བཟང་གི་གོ་སྐབས་ཀྱང་ཐོབ་ཡོད་སྟབས།་རང་གི་སྒོ་གསུམ་༸རྒྱལ་དབང་མཆོག་ལ་ཡོངས་སུ་ཕུལ་ཏེ།་མ་འོངས་རང་ནུས་གང་ཡོད་༸རྒྱལ་དབང་མཆོག་གི་བཀའ་དགོངས་གནད་འཁེལ་ཏེ།་བླ་མ་མཉེས་ཤོས་བླ་མའི་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ་ཐུབ་པའི་དམ་འབུལ་ཞུས།་སློབ་གྲྭ་མ་ཐོན་བར་དུ་བོད་ཀྱི་བང་ཆེན་གསར་ཤོག་ཐོག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལེའུ་ཚན་ཞིག་མུ་འགོད་རྒྱུན་རིང་བྲིས།་

སློབ་གྲྭ་ཐོན་རྗེས་འདི་ལོར་དྷ་ས་བྲག་གཡབ་མི་མང་རྣམས་པས་བྲག་གཡབ་པའི་རྒྱུན་ལས་ལ་འོས་གྲངས་མང་ཤོས་སུ་བྱུང་བ་དང།་སྤི་ཏི་ཧི་མ་ལ་ཡ་ཆོས་རིག་མཐུན་ཚོགས་ནས་རང་གཞུང་བཀའ་ཤག་ལ་གུས་པ་སྤི་ཏིའི་ཕྱོགས་སུ་བོད་ཡིག་དང་གློག་ཀླད་དགེ་རྒན་དགོས་ཚུལ་ཞུས་པ་ལྟར་འདི་ལོའི་ལོ་དཀྱིལ་ཙམ་ནས་རང་གཞུང་བཀའ་ཤག་གི་མཚན་ཐོག་ནས་སྤི་ཏི་ཕྱོགས་སུ་བོད་ཡིག་དང་གློག་ཀླད་དགེ་རྒན་བྱེད་མུས་ཐོག་རང་ནུས་གང་ཡོད་ཀྱིས་བྷི་ཏི་ཞེས་པའི་གསར་ཤོག་འདི་ཉིད་གསར་དུ་འདོན་སྤེལ་ཞུས་པ་བཅས་སོ།།

ཕ་མེས་བྷོ་ཊི།་སྐད་ཡིག

སྤྱི་ཁྱབ་སློབ་སྟོན་པ།་གངས་ལྷ་མོ།་

ལག་བསྟར་རྩོམ་སྒྲིག་པ།་ངག་དབང་བྱམས་པ།་

ཞུ་དག་གཏོང་མཁན།་

ས་རཱའི་སློབ་དགེ་བཀྲི་ཤིས་བསོད་ནམས།་

ས་རཱའི་སློབ་མ།་

ཨ་འདུས་མིག་ཆུ།་འོད་ཟེར་བསྟན་འཛིན།་

འབྲེལ་གཏུགས་ཁ་བྱང།

Mr Ngawang Jampa,

The Bhoti section,Kaza monastery

Kaza spiti,pin_172114 H.P INDIA

གློག་འཕྲིན།་Eimail:

This e-mail address is being protected from spambots, you need JavaScript enabled to view it

b This e-mail address is being protected from spambots, you need JavaScript enabled to view it

ཁ་དཔར་ཨང་གྲངས།

9459038837

བྷོ་ཊི་གསར་ཤོག་ཐོག་མའི་འདོན་ཐེངས་འདིའི་སྤྱིན་བདག་ཆ་ཚང་གནང་མཁན་སྤི་ཏི་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ཡིན་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།་

 




2010.08.19 02:02:43
དྲ་གྲོགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུ།་ཧི་མ་ལ་ཡའི་ཚགས་ཤོག་འདི་ངའི་ཁྱོ་བོ་ཁོང་གིས་གསར་དུ་སྐྲུན་པ་ཞིག་ཡིན་ལ།་ད་ལྟའི་ཆར་འདོན་ཐེངས་དང་པོ་འདི་ཧ་མ་ལ་ཡའི་ཆོས་རིག་མཐུན་ཚོགས་ཀྱིས་དཔལ་འབྱོར་རྒྱབ་གཉེར་གནང་བ་རེད་ལགས།་མ་འོངས་པར་མུ་མཐུད་ཧི་མ་ལ་ཡའི་ཆོས་མཐུན་ཚོའི་ནང་ཆོས་དང་འབྲེལ་བའི་གནས་ཚུལ་གང་ཐུབ་མཁོ་འདོན་བྱ་རྒྱུ་དང།་འདི་དང་འབྲེལ་བའི་དྲ་རྒྱ་ཞིག་ཀྱང་སྒོ་འབྱེད་ཐུབ་ཐབས་བྱེད་བཞིན་ཡོད་སྟབས།་དྲ་གྲོགས་ཡོངས་ཀྱིས་ཀྱང་འདི་བྱ་བཟང་ཞིག་ཏུ་འདོད་ན་མངགས་ཉོ་དང་གང་ས་ཅིའི་ཐད་ནས་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད།་

 
2010.08.19 03:07:43
ངག་དབང་བྱམས་པ་ལགས།
ཁྱེད་ཀྱིས་བོད་དང་ཆོས་རིག་གཅིག་ཏུ་འདྲེས་པའི་ཧི་མ་ལ་ཡའི་རི་རྒྱུད་
ཁུལ་དུ་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དུ་དཀའ་སྤྱད་ཧུར་བརྩོན་གནང་བཞིན་པའི་གཏམ་
བཟང་མིག་མཐོང་ལག་འཛིན་བྱུང་བར་གུས་རང་ཤིན་ཏུ་ནས་དགའ་སྤྲོ་དཔག་མེད་དུ་ཆེ། དམིགས་བསལ་གྱིས་ད་ཐེངས་ཁྱེད་ཀྱི་《བྷོ་ཊི།༽གསར་ཤོག་དེ་གསར་དུ་འདོན་སྤེལ་གནང་བ་ནི་དེ་བས་ཀྱང་
གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་ཤེས་གསལ་བཞིན་མོན་རྟ་དབང་གི་མཚོ་སྣ་རིན་པོ་གཙོས་
དོ་སྣང་ཆེ་བས་མི་སྣ་མང་པོ་ཞིག་གི་བོད་ཡིག་དེ་རྒྱ་གར་གྱི་རྩ་ཁྲིམས་ནང་དུ་གསར་འཇུག་ཡོང་ཆེད་སྐུ་ལས་ཤུགས་ཆེན་རྒྱག་བཞིན་ཡོད། ཁོང་ཚོས་དགོས་པ་དུ་མ་ཞིག་ལ་གཞིགས་ནས་ བོད་ཡིག་ལ་བྷོ་ཊི་ཞེས་
མིང་བསྒྱུར་ནས་བེད་སྤྱོད་བྱེད་བཞིན་ཡོད། དེར་བརྟེན་བྷོ་ཊི་ཞེས་པ་ནི་བོད་ཡིག་ཏུ་གོ་དགོས་ཡོད། གང་ལྟར་《བྷོ་ཊི།》ཚགས་ཤོག་གསར་དུ་སྐུ་འཁྲུངས་པར་འཚམས་འདྲི་གྲངས་མེད་ཞུ་བཞིན་ཡོད།

 
2010.08.19 04:35:00
སྤྱི་ བཏང་།་་་་་་་་་་་་་་་་་་་་་་་་་་་་་་་སྤྱིར་བཏང་།
རྣམས་པ་་་་་་་་་་་་་་་་་་་་་་་་་་་་་་་རྣམ་པ།
ཤེས་བརྗོད་་་་་་་་་་་་་་་་་་་་་་་་་་་་་་་ཤིས་བརྗོད།
་སྲུང་སྐྱོབས་་་་་་་་་་་་་་་་་་་་་་་་་་་་་་སྲུང་སྐྱོབ།
ས་རཱའི་སློབ་དགེ་བཀྲི་ཤིས་བསོད་ནམས།་་་་་་་་་་་་་་་བཀྲ་ཤིས།

འདི་ག་ཁྲིམས་ཁང་ནས་ཞིབ་འཇུག་བྱས་པས་ཡིག་ནོར་འདི་དག་དོན་སོང་བས་བཅོས་སྒྲིག་གནང་རོགས།


 
2010.08.24 03:40:32
གངས་ལྷ་ཞེས་པ་དེ་ཚ་གེ་ཚིག་གེ་ཞིག་ཡིན་ས་རེད། གསར་ཤོག་དེའི་མིང་དུ་བྷོ་ཊི་ཞེས་བྲིས་འདུག་ཀྱང་། མོ་རང་གིས་བྷོ་ཏི་ཞེས་བྲིས་འདུག དེ་བཞིན་དགོད་ཤོར་བ་ཞིག་ལ་གསར་ཤོག་དེའི་རྩོམ་སྒྲིག་པ་ངའི་ཁྱོ་ག་རེད་ཅེས་བྲིས་འདུག དེ་ཡིན་ན་སྤྱི་ཁྱབ་སློབ་སྟོན་པ་གངས་ལྷ་མོ་ཞེས་བྲིས་འདུག་པས། ཁོང་བཟའ་ཚང་གཉིས་ཀ་རྩ་མི་ཚང་ས་གཉིས་ཡིན་ས་རེད།

 
2010.08.24 16:28:52
སྤུན་ཟླ་ཁ་ལྡོམ་ལགས་ཀྱིས་ངག་བྱམས་ལ་བསྟོད་ར་དང་རྒྱབ་སྐྱོར་གནང་བར་སེམས་གཏིང་ནས་སྤྲོ་ཡོད་ལགས།་དེ་བཞིན་སྐད་ཡིག་ཁྲིམས་ཞིབ་ཁང་ནས་ཀྱང་ཡིག་ནོར་བཅོས་པར་ཐུགས་རྗེ་ཆེ་ཞུ།་སྤུན་ཟླ་བསོད་ཚེ་ལགས།་གངས་ལྷ་ཚ་གེ་ཚི་གེ་ཡིན་པ་གང་འདྲ་ཤེས་སོང།་དངོས་གནས་ཡིན།་ཁྱོད་རང་ང་ལ་རྒྱུས་ཡོད་ཅིག་ཡིན་ས་རེད།་ཧཧཧཧ།འཚོ་བའི་རྒྱུན་རིན་ནང་དོན་ཆུང་དག་ལ་ང་དངོས་གནས་ཚ་གེ་ཚི་གེ་ཞིག་ཡིན།་
དེ་མིན་བྷོ་ཊི་ཞེས་པའི་ཡིག་ནོར་བཅོས་པར་དགའ་ཡོད་ཀྱང།ངེད་ཁྱོ་ཤུག་གཉིས་རྩ་མི་ཚང་ཟེར་བར་ངོས་ལེན་མེད་།་ལོ།་ཧཧཧཧཧ།་དེ་འདྲ་ཡིན་ན་ངེད་ཡུལ་གྱར་སྤྱི་ཚོགས་འདིར་རྩ་མི་ཚང་མཁན་ངེད་ཁྱོ་ཤུག་གཉིས་ནང་བཞིན་མང་ཙམ་ཐོན་པའི་རེ་བ་བྱེད་ན་མི་བཟང་ངམ།