དེ་རིང་ངས་རྒྱ་རི་སྒྲོལ་མ་བཀའ་ཁྲི་ལང་གི་ཡིན་ཟེར་བའི་གཏམ་བཤད་དེར་དཔྱད་བརྗོད་མདོ་བསྡུས་གཅིག་ཞུ་འདོད་བྱུང་། དེ་ཡང་ཉིན་སྔོན་ཞིག་ལ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ང་བཀའ་ཁྲི་ལང་གི་མིན་ཟེར་བ་དང་དེི་རིང་རྒྱ་རི་སྒྲོལ་མས་ང་བཀའ་ཁྲི་ལང་གི་ཡིན་ཅེས་པའི་གཏམ་བཤད་དེ་གཉིས་ལ་འབྲེལ་བ་གམིགས་བསལ་བ་ཞིག་ཡོད་མེད་གང་ལྟར་ཁོང་གཉིས་ཀྱི་སྲིད་དོན་གྱི་འགྱུར་ལྡོག་དེར་སྲིད་དོན་པ་ཚང་མས་དོ་སྣང་བྱ་ཡུལ་ཅིག་དུ་གྱུལ་ཡོད། མ་ཚད་དེང་སྐབས་རྒྱ་རིའི་ཕྱོགས་གཏོགས་ཡིན་པའི་ཏྲེ་བོ་ཐུབ་བསྟན་དཔལ་འབྱོར་དང་འཕན་པོ་རྒྱལ་མཚན་གཉིས་བལ་ཡུལ་ནས་བཀའ་ཁྲིའི་འོས་བསྡུའི་གཞི་རིམ་དང་བླངས་ལས་འགུལ་མཐུན་ཚོགས་ཞེས་པའི་མིང་ཐོག་ནས་འགྲོ་སོང་ཕང་མེད་བཏང་དེ་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་འབྱོར་འདུག་པ་དང་ཁོང་གཉིས་ཀྱི་བཤད་དོན་གཙོ་བཀའ་བློན་ཁྲི་པ་དེ་བཀྲས་མཐོང་བསྟན ་འཛིན་རྣམ་རྒྱལ་ཡག་ཤོས་ཡིན་སྐོར་གསུངས་པ་དང་གཞན་དེ་སྔོན་བཀྲས་མཐོང་ལ་ནག་ཉེས་ཕོག་པ་དེར་གཞུང་དངུལ་འབུམ་མང་པོ་ལྐོག་ཟ་བྱས་སྐོར་དེ་སྲང་ལམ་ནང་གི་དཀྲོགས་གཏམ་རང་རེད་མ་གཏོགས་
དོ ན་ལ་ཁོང་ལ་དེ་ལྟ ་བུའི་ནག་ཉེས་མེད་ཅེས་དྲིལ་བསྒྲགས་ཞུགས་ཆེ་བྱེད་གི་འདུག་པ་བསྟས་ན་རྒྱ་རི་ཚང་གི་བཀའ་ཁྲི་དེ་བཀྲའ་མཐོང་དང་བཀའ་བློན་ཅིག་རྒྱ་རི་སྒྲོལ་མ་ཡིན་པ་གསལ་པོ་རེད་འདུག། གལ་སྲིད་ཁོང་ཚང་གི་སྲིད་དོན་འདི་ལང་སློང་བྱུང་པ་ཡིན་ན་བོད་གཞུང་གི་རྩ་དོན་འཐད་ཁ་ཕྱོགས་འགྱུར་ལྡོག་ལ་རེ་བ་རྒྱབ་རིན་ཆོག་མིན་གང་ལྟར་འབྱུང་འགྱུར་ལོ་རབས་༢༠བརྒལ་བར་རྒྱ་རི་ཚང་གི་བོད་གཞུང་གི་སྲིད་དོན་ལ་དབང་བརྒྱུར་བྱེད་པ་ཆགས་འགྲོ་བ་ཡིན། འདི་ནི་དེ་སྔོན་སྲིན་དོན་པ་རེ་གཉིས་ཀྱི་ཁྱིམ་ཚང་གི་བོད་གཞུང་བདག་བཟུང་བྱེད་པ་ཡིན་པའི་དཔྱད་རྩམ་དེར་དངོས་འབྲེལ་ཡིན་མིན་ཇི་ལྟར་ཡང་བསམ་ཞིམ་བྱེད་དགོས་པ་ཆགས་འདུག་སྙམ།
|
|


22:53:11