བོད་ཀྱི་བང་ཆེན། ཟིན་བྲིས། མེ་སྟག དྲ་གྲོགས་ཚོ་ལ་ཕུལ་བའི་སྙན་བརྡ།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2010.10.08 04:26:52
དྲ་གྲོགས་ཚོ་ལ་ཕུལ་བའི་སྙན་བརྡ།

གུས་པའི་སྤུན་ཆུང་ཉི་མ་ཚེ་རིང་དང༌། གྲོགས་པོ་བག་དྲོ་གཉིས་ནི་གླུ་ངག་སྙན་པ་དང༌། རྡུང་ལེན་ཡང་ཧ་ཅང་མཁས། དེ་འདྲ་ཡིན་པ་སོང་ཙང༌། ངས་ཁོ་གཉིས་ལ་ཡོད་པའི་ཁྱད་ཆོས་དེ་དག་བག་འཁུམས་སུ་མི་འགྲོ་བའི་ཁྱད་དུ། རང་མི་རིགས་ཀྱི་ལ་རྒྱ་དང༌། ཕུག་བསམ། འདས་པའི་དུས་རིམ། དེང་གི་སྤྱི་ཚོགས་ཀྱི་གནས་སྟངས། ཡ་རབ་བཟང་སྤྱོད་དང༌། ཤེས་རིག་དར་སྤེལ་བྱེད་པའི་སྐུལ་མ་སོགས་གླུ་ཚིག་ལམ་ནས་དྲངས་ཅིང་འོད་ལྡེར་ཞིག་རིན་མེད་ཐོག་གསར་སྤེལ་བྱད་འཆར་ཡོད་ན། རྣམ་པ་ཚོའི་ལྷག་བསམ་དཀར་པོའི་གླུ་ཚིག་རེ་ཟུང་གནང་སྐྱོང་ཡོང་བ་མཁྱཻན་མཁྱེན་ཞུ།



བྱང་བུ།:


2010.10.07 23:16:20
གྲོགས་པོ་ལགས། གཞས་ཚིག་དགོས་ན་འདིར་ཕེབས་རོགས་ཞུ།
http://www.tibettimes.net/blogs.php?id=297

ཁྱེད་ཀྱིས་འདིའི་ནང་གི་གསར་བསྒྲགས་རྣམས་ཞིབ་གཟིགས་གནང་རོགས་ཞུ།

 
2010.10.10 21:32:00
གྲོགས་པོ།
ཐུགས་ཁུར་གནང་ཅིང་དྲ་བྱང་གནང་བ་བཀའ་དྲིན་ཆེ།

 
2010.10.07 23:24:16
དུས་ཁོམ་བྱུང་ན་བལྟ་ཆོག འོན་ཀྱང་སྐབས་རེ་ཚོར་སྣང་ཐན་ཐུན་རེ་དང་འགྲོགས་ནས་ག་ཚོད་བྲིས་བྲིས་ལྟ་བུ་ཡོང་གི་འདུག སྐབས་རེ་ག་ཚོད་བསམ་བློ་བཏང་ཡང་སྙན་ཆ་དོད་པའི་ཚིག་རྐང་གཅིག་འབྲི་ཐུབ་ཀྱི་མི་འདུག འདི་དག་ཚང་མ་ཚོར་བ་དང་འབྲེལ་བསྡད་པ་ཞིག་རེད། དེར་བརྟེན་བཙུར་ནས་བྲིས་པ་ལ་བྲོ་བ་གང་ཡང་ཡོད་པ་མ་རེད། རང་བཞིན་གྱི་ཚོར་བ་ཞིག་གིས་བསྐུར་ནས་བྲིས་པ་དེ་དག་གིས་དགའ་སྐྱོ་ཆགས་སྡང་ག་རེ་ཡིན་ཡང་ཀློག་མཁན་ལ་ཚོར་སྣང་སྤྲོད་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཆེན་པོ་ཡོད།

 
2010.10.10 21:33:16
སྒུག་ནས་འདུག་རྒྱུ་ཡིན།

 
2010.10.07 23:41:37
དྲ་གྲོགས་མེ་སྟག་ལགས། གླུ་གཞས་གཏོང་མཁན་དེ་གཉིས་བོད་ནང་ཡོད་རེད་དམ། ཡང་ན་ས་གནས་གཞན་ཞིག་ཏུ་ཡོད་རེད། ཁོང་གཉིས་བོད་ནང་ཡོད་ན་བཙན་བྱོལ་ནས་གླུ་ཚིག་བསྒྲུབ་ན། གླུ་གཞས་དེ་གཏོང་ཐུབ་མིན་དང་བཏང་ཡང་ཁོང་གཉིས་ཀྱི་བདེ་འཇགས་སོགས་ལ་བསམ་བློ་གཏོང་དགོས་པ་རེད། མ་གཞི་ནས་ཁྱེད་རང་གི་བསམ་བློའི་ནང་གྲ་སྒྲིག་ཡོད་རྒྱུ་རེད། བསམ་ཚུལ་ཡིན།

 
2010.10.10 21:30:02
རྒྱམ་མཚོ་ལགས།
བསླབ་བྱ་ལམ་སྟོན་གནང་བ་རྗེས་སུ་ཡི་རང་ཞུ་བ་ཆབ་ཅིག་གླུ་གཞས་གཏོང་གཉིས་པོ་སུ་སི་ལན་ཌི་ལ་ཡོད་རེད། ཇི་ཙམ་ཆབ་སྲིད་དང་འབྲེལ་ཡང་གཏོང་མི་ཐུབ་པའི་དཀའ་ངལ་ཡོད་མ་རེད།