བོད་ཀྱི་བང་ཆེན། ཟིན་བྲིས། sonamtsering ལངས་ཕྱོགས་གླེང་གཞིར་བཟུང་ནས་བགྲོ་གླེང་བྱེད།

The Tibet Express

སྐད་ཡིག་འདེམས་ས།

བོད་ཡིག繁體中文English
2011.02.17 12:20:11
ལངས་ཕྱོགས་གླེང་གཞིར་བཟུང་ནས་བགྲོ་གླེང་བྱེད།

ད་ལྟའི་བཀའ་ཤག་གི་ལངས་ཕྱོགས་དབུ་མའི་ལམ་དང་། ཐེངས་རྗེས་མའི་བཀའ་ཁྲིའི་འོས་མི་བློ་སེང་དང་བཀྲ་མཐོང་གཉིས་ཀྱི་དབུ་མའི་ལམ་གྱི་ཐོག་བཟུང་བའི་ལངས་ཕྱོགས་བཅས་འདིར་བཀོད་ཡོད་པས་དྲ་གྲོགས་རྣམས་པ་ཚོས་ལངས་ཕྱོགས་འདི་དག་གླེང་གཞིར་བཟུང་ནས་བགྲོ་གླེང་ཞིག་བྱས་ན་ག་འདྲ་འདུག


ད་ལྟའི་བོད་གཞུང་བཀའ་ཤག འབྲེལ་མོལ་དུས་རིམ་སྔ་མ་གྲུབ་འབྲས་མ་ཐོན་པའི་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྒྱར་ཞིབ་དགོས་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ལམ་སྲོལ་གཞི་བཟུང་ཕྱི་ལོ་༡༩༩༦།༡༩༩༧ ལོར་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྐབས་གཞིས་བྱེས་མང་ཚོགས་ཀྱི་བསམ་འཆར་བརྒྱ་ཆ ༦༤ ལྷག་ཙམ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་གནང་བ་དང་། སླར་ཡང་འབྲེལ་མོལ་དུས་རིམ་ཕྱི་མའང་གྲུབ་འབྲས་མ་ཐོན་པའི་ཁར། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གནས་བབ་ཛ་དྲག་ཅན་དུ་གྱུར་པ་བཅས་ཀྱི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སླར་ཡང་མང་གཙོའི་ལམ་སྲོལ་གཞི་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིསམ་དོན་ཚན་ ༥༩ ཆ་རྐྱེན་འོག་ ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་དམིགས་བསལ་ཚོགས་ཆེན་རྒྱ་ཆེ་བ་ཞིག་བསྡུ་བསྐོང་གནང་བ་མ་ཟད། བོད་ནང་ནས་ཀྱང་ཆོལ་ཁ་གསུམ་གྱི་ས་ཁུལ་མང་དག་ནས་བསམ་ཚུལ་གང་ཐུབ་བསྡུ་རུབ་ཞུས་པ་བཅས་ཀྱི་ནང་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ ༨༠ བརྒལ་བ་ཞིག་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་གནང་དགོས་རྒྱབ་གཉེར་གནང་བ་གཞི་བཟུང་མང་ཚོགས་ཀྱི་བཀའ་ལུང་གསལ་པོ་ཐོབ་པ་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་བཙན་བྱོལ་གཞུང་མང་གིས་སྲིད་བྱུས་འདི་ཉིད་སྤོབས་པ་དང་གདེང་ཚོད་ཆེན་པོའི་ངང་འགྱུར་མེད་རྒྱུན་སྐྱོང་ཞུ་བཞིན་པ་ཡིན། (༢༠༡༠།༡།༨ ཉིན་རྡོ་རྗེ་གདན་ནས།)

མཁས་དབང་བློ་བཟང་སེང་གེ ’’བཀའ་བློན་ཁྲི་པ་སུ་སླེབས་པ་ཡིན་ནའང་། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་ ༤ པ་དང་ ༥ པའི་དགོངས་དོན་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་ཐབས་མེད་པ་ཞིག་ཡིན། དེས་ན་དབུ་མའི་ལམ་གྱི་གནད་དོན་ཐོག་བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་གཏན་འབེབས་གནང་པའི་གྲོས་ཆོད་ཁག་དང་། ༸གོངས་ས་མཆོག་གི་དགོངས་གཞི་རྣམས་ལ་བརྩི་སྲུང་མཐའ་འཁྱོལ་བ་བྱེད་རྒྱུ་ཡིན’’(མ་འོངས་ལས་འཆར། བློ་བཟང་སེང་གེ

ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། “དབུ་མའི་ལམ་གྱི་སྲིད་བྱུས་དེ་མི་མང་གི་མང་མོས་ཡོད་ཅེས་བརྗོད་པར་ཅུང་མི་བདེ་བ་ཡིན། ངའི་བསམ་པར་ང་ཚོས་དེ་སྔ་འཛིན་བཞིན་པའི་སྲིད་བྱུས་ལ་དམིགས་བསལ་འཇུག་དགོས་པར་མཐོང་གི་མེད། གང་ལ་ཞེ་ན་རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་མ་ཟད་མ་འོངས་གྲོས་མོལ་ཡང་༸གོང་ས་མཆོག་སྐུ་སྒེར་གྱི་གནས་ཚུལ་ཁོ་ན་ལས་གནད་དོན་གཞན་ཐོག་གྲོས་མོལ་བྱེད་རྒྱུར་འདོད་པ་མེད་པ་གསལ་པོ་བརྗོད་ཡོད། ༸གོང་ས་མཆོག་ནས་ཀྱང་སྤྱི་ལོ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བོད་ཀྱི་གནད་དོན་ཐོག་བསྐྱར་ཞིབ་ཆེད་དམིགས་བསལ་ཛ་དྲག་ཚོགས་ཆེན་བསྐོང་གནང་པ་དང་། དུས་དང་རྣམ་པ་ཀུན་ཏུ་ང་ཚོས་ཡར་རྒྱས་ཀྱི་མདུན་བསྐྱོད་བྱ་དགོས་པའི་སེམས་ཤུགས་བསྐྲུན་གནང་པ་དང་། རང་སོར་མི་རུང་བའི་བསློབ་གནང་ཡོད།”(༢༠༡༡ བཀའ་བློན་ཁྲི་པའི་འོས་མི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།)




2011.02.17 15:31:13
དེའི་སྐོར་ལ་བང་ཆེན་གསར་ཁང་གིས་བཀྲ་ཤིས་དབང་འདུས་ལགས་སུ་བཅར་འདྲི་ཞུས་པའི་ལེན་ཚན་ཞིག་གི་ནང་འདི་ལྟར་གསུངས་འདུག
དྲི་བ། ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་སྐོར་ལ། བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས། ང་ཚོས་ཡིག་ཆ་སྤྲད་པ་དེ་རྒྱ་ནག་གིས་ཡོང་གི་མ་རེད་ཅེས་ལན་གསལ་པོ་སྤྲད་ཚར་བ་ རེད། ང་ཚོས་ད་དུང་མ་གོ་མདོག་ལྟ་བུ་བྱས་ན། ང་རང་ཚོ་མགོ་སྐོར་ཐེབས་ཀྱི་མེད་འགྲོ། བསམ་བློ་གསར་པ་ཞིག་གཏོང་རྒྱུའི་དུས་ཚོད་རེད་གསུངས་སོང་། སྐུ་ཉིད་ལ་དེའི་ཐོག་དགོངས་ཚུལ་ག་རེ་ཡོད།


ལན། དེ་ང་ཚོར་རེ་བ་མེད་པ་དང་ཐག་བཅད་པའི་ཐོག་ལ་སླེབས་ཡོད་པ་མ་རེད། ད་ལྟའི་རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་མི་དགུའི་ནང་དུ་ཡིན་ནའང། བསམ་ཚུལ་གཉིས་ཡོད་པ་རེད་བསམ་གྱི་འདུག ༸རྒྱལ་བ་རིན་པོ་ཆེ་ལ་བཀའ་མོལ་གནང་ན་ཡག་གི་རེད་ཟེར་མཁན་ཞིག་དང་། མཁྲེགས་པོ་བྱེད་མཁན་གཉིས་ཡོད་པ་རེད། ད་ལྟ་མཁྲེགས་པོ་བྱེད་མཁན་དེ་ཤུགས་ཆེ་བ་རེད་ལ། དེ་སྔོན་ཡང་དེ་འདྲ་རེད། མའོ་ཡི་དུས་ཚོད་རྫོགས། མི་བཞི་ཤོག་ཁག་གི་དུས་ཚོད། དེ་ནས་ཧོའོ་ཡོ་པང་དང་། ཏིང་ཞའོ་ཕུན་ཁོང་ཚོ་ཡོང་བའི་སྐབས། ཧོའོ་ཡོ་པང་གི་སྐབས་ལ་རྩོད་པ་ཡོད་པ་མ་རེད་ལ། ཀྲོ་ཙི་ཡང་གི་སྐབས་བསམ་བློ་གཏོང་སྟངས་གུ་ཡངས་པ་རེད། དེའི་སྐབས་ང་ཚོས་གསལ་པོ་ཤེས་ཡོད་པ་མ་རེད། རྗེས་ནས་བལྟ་དུས་དེ་འདྲ་རེད། ད་ལྟ་ཡིན་ནའང་གྲིས་བཅད་པ་ལྟ་བུ་ཡོད་པ་མ་རེད། འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད། བཀའ་མོལ་འགྲོ་བཞིན་པའི་སྐབས་ཡིན་ནའང་ཕྱོགས་གཅིག་ནས་༸རྒྱལ་བ་རིན་པོ་ཆེའི་ སྐུ་དབང་དང་། ༸རྒྱལ་བ་རིན་པོ་ཆེའི་ཉེ་འཁོར་གྱི་སྐོར་མ་གཏོགས། བོད་ཀྱི་རྩ་དོན་ཆེད་དུ་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད་ཅེས་རྒྱ་ནག་གཞུང་གིས་ བཤད་བསྡད་ཡོད་པ་རེད་མོད། སྐུ་ཚབ་མར་ཕེབས་སྐབས་༸རྒྱལ་བ་རིན་པོ་ཆེ་དང་དེའི་ཉེ་འཁོར་སྐོར་བཤད་ཀྱི་ཡོད་ པ་མ་རེད། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་གྲོས་འཆར་བཏོན་ པ་དེར་རྒྱ་ནག་གིས་སྐད་ཆ་བཤད་རྒྱུ་མིན་ཞེས་བཤད་པ་རེད་མོད། ཐེངས་དགུ་པ་ཐུག་པའི་སྐབས་གྲོས་ཆོད་དེ་བླངས་པ་རེད། ཁོང་ཚོའི་ཅོག་ཙེའི་ཐོག་ཏུ་སླེབས་པ་རེད་མ་གཏོགས་ཁོང་ཚོས་སྐད་ཆ་བཤད་རྒྱུ་མིན་ ཞེས་ཡིག་ཆ་མ་བླངས་པ་མ་རེད། དེའི་རྗེས་སུ་ཁོང་ཚོས་གླེང་སློང་མང་པོ་བྱས་པས། ང་ཚོས་དེའི་ཐོག་གསལ་བཤད་ཡི་གེ་ཞིག་སྤྲད་པ་རེད་ལ་དེ་ཡང་བླངས་པ་རེད། སྐུ་ཚབ་མར་ཕེབས་ནས་དེའི་སྐོར་བཤད་བསྡད་ཡོད་པ་ལས། དེ་མ་ཡིན་པ་ཞིག་བཤད་ཡོད་པ་མ་རེད། ཆབ་སྲིད་ཀྱི་གནད་དོན་རྙོག་གྲ་ཅན། ལོ་རྒྱུས་དང་འབྲེལ་བ་ཡོད་པ་དེ་ཚོ་ལམ་སང་ངོས་ལེན་བྱས་ན་མོས་མཐུན་བྱུང་བ་རེད། དེ་ཚོ་སྤྱིར་བཏང་གི་གྲོས་མོལ་འགྲོ་སྟངས་རེད། རྒྱ་ནག་གཞུང་གིས་སྐད་ཆ་བཤད་རྒྱུ་མིན་ཞེས་མ་བཤད་བར་དུ་དེའི་སྐོར་བཤད་བསྡད་ ཡོད་པ་རེད། ང་ཚོས་གསལ་པོ་བཟོས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་དང་གནས་བབ་ཐོག་རྩོད་རྒྱུ་མེད། བོད་མི་ས་ཡ་དྲུག་གི་དོན་དག་རེད་ཅེས་བཤད་བསྡད་ཡོད་པ་རེད། ད་དུང་མུ་མཐུད་རྒྱུ་གལ་ཆེན་པོ་རེད། དེ་བརྒྱུད་ནས་དབུ་མའི་ལམ་གྱི་ཐོག་རེ་བ་མེད་པ་མ་རེད། རྒྱ་ནག་གཞུང་གིས་མུ་མཐུད་ནས་འབྲེལ་བ་བྱེད་འདོད་ཡོད་པའི་རྣམ་འགྱུར་གསལ་པོ་ བསྟན་པ་རེད། དེ་བོད་ཀྱི་རྩ་དོན་སྐོར་བཤད་ཀྱི་ཡོད་པ་ལས་གཞན་པ་ཞིག་བཤད་ཀྱི་ཡོད་པ་མ་རེད། འབྲེལ་བ་ཆད་པའི་ཐོག་ལ་སླེབས་ཡོད་པ་མ་རེད་བསམ་གྱི་འདུག །

 
2011.02.17 15:33:54
ངའི་བསམ་པར་བོད་རྒྱ་འབྲེལ་མོལ་ཆེད་ཐབས་ལམ་གསར་པ་ཞིག་ཡོད་མེད་ལ་མ་ལྟོས་པར། ཚིག་ཐག་ཆོད་པོས་སྐད་ཆ་བཤད་ཐུབ་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད། གཞན་པ་གཉིས་ཀྱིས་གཡས་སྐོར་གཡོན་སྐོར་བྱེད་སྡོད་པ་ལས་ཚིག་ཐག་ཆོད་པོའི་སྐད་ཆ་དེ་ཙམ་མི་འདུག

 
2011.02.17 16:18:56
འོ་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། དབུ་མའི་ལམ་དེ་མི་མང་གི་མང་ཡོད་ཅེས་བརྗོད་ན་ཅུང་མི་བདེ་བ་ཡིན་ཅེས་པར་བསམ་ཚུལ་གང་ཡོད། ཁོང་གིས་དེ་ལྟར་གསུངས་དགོས་དོན་ནི་"དབུ་མའི་ལམ་གྱི་སྲིད་བྱུས་དེ་གྲོས་ཚོགས་ནས་གྲོས་ཆོད་གཏན་འབེབས་གནང་མེད་ལ། རྩ་ཁྲིམས་དང་གྲོས་ཆོད་གང་གི་ནང་དུའང་དབུ་མའི་ལམ་གྱི་སྲིད་བྱུད་ཀྱི་ཐ་སྙད་དེ་གསལ་མེད།"ཅེས་པ་རྒྱུ་མཚན་ལ་འཛིན་བཞིན་པ་རེད། འོན་ཀྱང་གཞུང་བཀའ་ཤག་གི་ངོས་ནས་སྔ་བར་ཕྱི་གསུམ་ཀུན་ཏུ་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་པ་དང་། གྲོས་ཚོགས་ཀྱི་གྲོས་ཆོད་རིམ་པ་བརྒྱུད་ནས་ཐག་གཅོད་བྱུང་བར་བརྟེན་མི་མང་གི་མང་མོས་ཡོད་པར་ངོས་འཛིན་བྱེད་བཞིན་པ་རེད།

 
2011.02.18 14:24:08
quest
བཀྲེས་ཐོང་ལགས་ཀྱིས་གསུངས་པ་ཐུགས་དག་པ་རེད། གྲོས་ཚོགས་ནས་མང་མོས་ཀྱིས་དབུ་མའི་ལམ་གཏན་འབེབས་བྱེད་མི་ཐུབ་པ་ཤེས་ནས་གྲོས་ཚོགས་ཟུར་དུ་བཞགས་ནས་ཕྱོགས་མཐའ་ཁག་ནས་མི་ཐད་འཛུག་ཀྱིས་དམིགས་བསལ་ཚོགས་འདུ་བསྐངས་པ་རེད། ང་ཚོའི་གྲོས་ཚོགས་ཀྱིས་རང་ཚུག་ཟིན་གྱི་ཡོད་པ་མ་རེད། དེ་གཅིག་ཡིན། གཉིས་པ་ནི་བཀའ་ཤག་ཟེར་ན་ཟམ་གདོང་རིན་པོ་ཆེ་རེད། ཁོང་གིས་ཉེ་སྔོན་གསུངས་པ་ལ་ཁོང་ཉིད་ཀྱིས་བླ་མའི་བཀའ་བཞིན་སྒྲུབ་བཞིན་ཡོད་པ་ལས་བོད་མི་དམངས་དང་རྒྱལ་ཁབ་གྱི་དོན་ལ་བསམ་བློ་གཏོང་གི་མེད་གསུངས་པ་བཞིན་རེད། དེ་ལ་བསམ་རྒྱུ་དང་འགྲེལ་རྒྱུ་ཤིན་ཏུ་མང་ཡང་། ད་ལྟ་ཕན་མེད་གནོད་གཞི་ཡིན།། དོ་སྡུས་ན་བོད་འདི་རྒྱ་ཡི་འོག་ལ་ཡོད་བཞིན་དུ་ད་དུང་རྒྱལ་སྤྱིའི་ཁྲིམས་མཐུན་ངང་རྒྱ་འོག་ལ་འཛུལ་དགོས་དོན་ཞིག་ཨེ་ཡོད་ན་བསམ་བཞིན་ཡོད་དོ།།

 
2011.02.17 16:23:54
བཀྲིས་དབང་འདུས་ཀྱིས་སྐད་ཆ་ཡག་པོ་བཤད་འདུག འདས་པའི་བྱུང་རབས་ཀྱི་སྐད་ཆ་ཡག་པོ་འདུག སྐད་ཆ་འདི་ཚོ་དོན་གནད་ཡོད་པ་རེད་འདུག

 
2011.02.17 20:17:02
དྲ་གྲོགས་ཁྱེད་ཀྱིས་བསམ་ཚུལ་ལ་བསྔགས་བརྗོས་ཞུ་།
གུས་པས་རེ་འདུན་ཆེ་ཤོས་ནི་བཀའ་ཟུར་བཀྲ་ཤིས་དབང་འདུལ་དང་མཁས་དབང་བློ་བཟང་སེང་གེ་རྣམ་གཉིས་ཡིན་།
བཀྲ་ཤིས་དབང་འདུལ་ནི་ལོ་མང་ཕྱག་ལས་གནང་མྱོང་བའི་ལྷད་མེད་དང་གཙང་ཀྱི་མི་སྣ་ཞལ་རྗེས་སྙན་གྲགས་ཅན་ཤིག་ཡིན་པས་། མ་འོང་བཀའ་ཁྲི་འོས་།
མཁས་དབང་བློ་བཟང་སེང་གེ་ནི་ཤེས་འཇོན་གཉིས་ལྡན་གྱི་དེང་རབ་གཞོན་སྐྱེས་ཤིག་ཡིན་པས་ཁོང་མ་འོང་བཀའ་ཁྲི་འོས་པ་ཡིན་།
བཀྲས་མཐོང་ནི་གཞུང་དངུལ་སྒོར་འབུམ་༧༠༠ལྷག་ལྐོག་གཟས་ཀྱི་ནག་ཉེས་ཡོད་པས་།
མ་འོང་བཀའ་ཁྲི་བརྟེན་ནས་མི་འོས་།

 
2011.02.18 02:18:21
ལགས་སོ་ངེད་གཉིས་ཀ་བསམ་ཚུལ་གཅིག་མཐུན་བྱུང་། ཡིན་ནའང་སྐབས་རེ་སོ་སོའི་བསམ་ཚུལ་ཕྱིར་བཤད་དུས་ཁ་བརྡུང་དང་ཚིག་ངན་སྤྲད་པ་དང་སྐབས་རེ་རེ་དྭོགས་ཡོད་པ་ལྟ་བུ་ཞིག་ཀྱང་གསུང་གིན་འདུག དེ་ཚོ་ནི་སྤྱི་ཚོགས་འདིའི་འགག་རྡོ་ངོ་མ་ལ་ངོས་འཛིན་ཆོག

 
2011.02.18 20:53:42
དེའི་སྐོར་ལ་བང་ཆེན་གསར་ཁང་གིས་བཀྲ་ཤིས་དབང་འདུས་ལགས་སུ་བཅར་འདྲི་ཞུས་པའི་ལེན་ཚན་ཞིག་གི་ནང་འདི་ལྟར་གསུངས་འདུག
དྲི་བ། བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཤག་ནང་གཞོན་པ་བཞི་དང་རྒན་པ་ གསུམ་ཡོད་པ་དང་། དེའི་ནང་ཆོལ་ཁ་གསུམ་དང་སྐྱ་སེར་ཕོ་མོ་ཚང་མ་འཛོམས་པའི་ཆིག་སྒྲིལ་གྱི་བཀའ་ཤག་ ཅིག་བསྐོ་ཡི་ཡིན་གསུངས་འདུག དེའི་ཐོག་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད།


ལན། ང་ལ་དེ་མེད། སྤྱི་འཐུས་དེ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཆེད་མངགས་འཐུས་མི་རེད། འཛིན་སྐྱོང་དེ་འཛིན་སྐྱོང་གི་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས་པ་རེད། ཤེས་རིགས་ལས་ཁུངས་ཡིན་ན། ཤེས་རིགས་ཀྱི་ལས་དོན་བྱེད་ཐུབ་མཁན་ཞིག་དགོས་པ་རེད། དེ་བཞིན་ནང་སྲིད་དང་འཕྲོད་བསྟེན་ཚང་མ་དེ་འདྲ་རེད། རྒན་གཞོན་ཡིན་ནའང་ལས་དོན་ལ་བལྟ་དགོས་པ་ལས། ཆོལ་ཁ་ཆོས་ལུགས་དང། རྒན་གཞོན་ཕོ་མོ། སྐྱ་སེར་གྱི་སྐུ་ཚབ་མཚོན་པ་ཞིག་བསམ་བློའི་ནང་དུ་སླེབས་ཀྱི་མ་རེད། སྐུ་ཚབ་མཚོན་པ་ལ་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་དང་ཚོགས་པ་ཁག་ཡོད་པ་རེད། འཛིན་སྐྱོང་བྱེད་ཐུབ་མཁན་དགོས་པ་གཙོ་བོ་རེད། དེའི་ཐོག་མི་གསོ་སྐྱོང་ཟེར་ནའང་རེད། ལོ་ཆུང་བ་ཤེས་ཡོན་ཅན་ཡོད་ན་ག་ཚོད་མང་པོ་བྱུང་ན་སུ་ཡིན་ནའང་གོ་སྐབས་སྤྲོད་ རྒྱུ་རེད། དམིགས་ཡུལ་དེ་འཆར་འགོད་ལྟ་བུ་བརྒྱ་ཆ་ལྟ་བུར་བགོས་ན་འཛིན་སྐྱོང་བྱེད་སྟངས་ ཀྱི་བསམ་བློ་ཏག་ཏག་མ་རེད་བསམ་གྱི་འདུག